བདེ་ཆེན་དུ་དམངས་ཆེན་གྱི་ལྟ་སྐུལ་འོག་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་པའི་གསང་སྤྱོད་ཀྱི་རྣམ་པ་གསར་པ་མངོན་ཡོད།
ཁྱབ་བསྒྲགས་དུས་ཚོད་:2026-04-08 17:14:01
འབྱུང་ཁུངས་:人民日报客户端云南频道
གྲོང་གསེབ་ཀྱི་སྤྱི་པའི་གསང་སྤྱོད་2143གྲལ་བཤེར་བྱས་པ་དང་། འཛུགས་ཡུལ་ཐག་རིང་བ་དང་བཀོལ་སྤྱོད་བྱེད་ཚད་དམའ་བ་སོགས་ཀྱི་གནད་དོན་76བཅོས་སྒྲིག་བྱས་པ། བེད་མེད་དུ་ལུས་པའི་གསང་སྤྱོད་19མེད་པ་བཟོས་པ། གསང་སྤྱོད་38ཉམས་གསོ་བསྐྱར་སྐྲུན་རྒྱས་སྐྲུན་བྱས་པ། གྲོང་ཁྱེར་གྱི་སྤྱི་པའི་གསང་སྤྱོད་195ལ“མི་རེར་གསང་སྤྱོད་རེ་”དོ་དམ་ལམ་ལུགས་ལག་བསྟར་བྱས་ཏེ་ཡོངས་བསྒྲགས་བྱས་པ། ཡུལ་སྐོར་གསང་སྤྱོད་འཛུགས་སྐྲུན་དོ་དམ་ཐ་དད་དུ་གྱུར་པ་དང་མ་དངུལ་མི་འདང་བ་སོགས་ཀྱི་གནད་དོན་ལ་དམིགས་ནས་ཆེད་དོན་ཞིབ་འཇུག་བྱས་པ། ལམ་ལུགས་དང་། འགན་འཁྲི། མ་དངུལ་བཅས་སྤྱི་འདོམས་བྱས་ཏེ་རེ་རེ་བཞིན་བཅོས་སྒྲིག་བྱས་ཡོད།གྲངས་གཞི་དེའི་རྒྱབ་ངོས་སུ་མི་དམངས་འཐུས་ཚོགས་ཀྱིས་འདྲི་རྩད་བྱས་ཏེ་བྱུང་བའི་རྒྱུན་འཁོར་ཧྲིལ་པོའི་ལྟ་སྐུལ་ལག་ལེན་ཞིག་རེད། ལོ་ཕྱེད་ལྷག་ཙམ་རིང་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་འདྲི་རྩད་བྱས་པའི“མཇུག་གི་རྩོམ་ཡིག་ཕྱེད་ཀར”དམ་པོར་དམིགས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་པའི་གསང་སྤྱོད་དོ་དམ་སྲུང་སྐྱོང་གི་གནད་དོན་ལ་ལྟ་སྐུལ་ནན་པོ་བྱས་ཏེ་ཕྱོགས་ཡོངས་ནས་དག་ཐེར་བྱ་རྒྱུར་སྐུལ་འདེད་བཏང་བས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་པའི་གསང་སྤྱོད་ཀྱི“རྣམ་པ་འགྱུར་བའི་ཟིན་ཐོ”ཞིག་རིམ་བཞིན་ཐོན་ཡོད།དམངས་འཚོའི་དཀའ་གནད་ལ་མི་དམངས་འཐུས་ཚོགས་ཀྱིས་ལྟ་སྐུལ་བྱེད་པ།བདེ་ཆེན་ལ“སེམས་ཀྱི་ཉི་ཟླ”དང“གཙང་གསུམ་མཉམ་རྒྱུག”“ཇ་རྟའི་གནའ་ལམ”སོགས་འཛམ་གླིང་རིམ་པའི་ཡུལ་སྐོར་སྤུས་རྟགས་ཡོད་པས་ལོ་ལྟར་ཡུལ་སྐོར་བ་ཁྲི་བརྒྱ་ལྷག་ཙམ་གྱི་ཡིད་དབང་འཕྲོག་གི་ཡོད།“ཡུལ་སྐོར་བ་ས་ཐག་རིང་པོ་ནས་སེམས་ཀྱི་ཉི་ཟླར་ཡོང་གི་ཡོད། གལ་སྲིད་གསང་སྤྱོད་གཅིག་གི་རྐྱེན་པས་སེམས་ཁམས་མི་སྐྱིད་པ་བྱུང་ཚེ་ཕངས་པ་ལ།”ཅེས་ཡུལ་སྐོར་ལས་རིགས་ཀྱི་གྲོང་མི་སྒྲོལ་མས་བཤད།2025ལོའི་ཟླ་8པར། བདེ་ཆེན་ཁུལ་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་པའི་གསང་སྤྱོད་དོ་དམ་སྲུང་སྐྱོང་གི་གནད་དོན་ལ་མང་ཚོགས་ཚོས་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད་པ་དང་། སྤྱི་པའི་གསང་སྤྱོད་ཁག་གཅིག“འཛུགས་སྐྲུན་བྱས་ཀྱང་མི་སྤྱོད་པ་དང་། བཀོལ་སྤྱོད་བྱས་ཀྱང་དོ་དམ་མི་བྱེད་པ”དང་། དོ་དམ་སྲུང་སྐྱོང་གི་འགན་འཁྲི་མི་འདང་བ། མཐོ་གྲང་ས་ཁུལ་གྱི་དགུན་དུས་བེད་སྤྱོད་མི་ཐུབ་པ། ཡུལ་སྐོར་གསང་སྤྱོད་དོ་དམ་རྗེས་སུ་ལུས་པ་སོགས་ཀྱི་གནད་དོན་ཚང་མ་མང་ཚོགས་ཀྱི་སེམས་ཁྲལ་བྱ་ཡུལ་དུ་གྱུར་ཡོད་པ་རེད།བདེ་ཆེན་ཁུལ་གྱི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་དམངས་འཚོའི་དོ་ཁུར་ཆེན་པོ་བྱེད་པ་དང་། འདྲི་རྩད་ཀྱི་འགྱུར་མེད་ལྟ་སྐུལ་བྱེད་ཐབས་དེ་ཐོག་མར་སྤྱོད་རྒྱུའི་གཏན་འབེབས་བྱས་པ་རེད། ཟླ་8ཚེས་22ཉིན་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉེར་དགུ་པའི་ཐོག་རྒྱུན་ལས་ཨུ་ལྷན་གྱི་ཁོངས་མིས་སྤྱི་པའི་གསང་སྤྱོད་ཀྱི་དོ་དམ་སྲུང་སྐྱོང་གནད་ལ་མ་འཁེལ་བའི་གནད་དོན་ལ་དམིགས་ནས་ཁུལ་སྡོད་ཁང་འཛུགས་སྐྲུན་ཅུས་དང་། ཁུལ་རིག་གནས་ཡུལ་སྐོར་ཅུས། ཁུལ་ཞིང་ལས་གྲོང་གསེབ་ཅུས་བཅས་སྡེ་ཚན་གསུམ་ལ་འདྲི་རྩད་བྱས་པ་རེད། ཚོགས་འདུའི་ཐོག་འདྲི་རྩད་བྱ་ཡུལ་སྡེ་ཚན་གསུམ་གྱིས་ངེས་པར་དུ་ཟླ་བ་དྲུག་ནང་དག་ཐེར་དོན་འཁྱོལ་བྱས་ཚུལ་སྙན་སེང་ཞུས་ནས་གནད་དོན་ཁྱོན་ཡོངས་ནས་དག་ཐེར་དོན་འཁྱོལ་ཐུབ་པའི་འགན་ལེན་བྱེད་དགོས་པ་ཁ་གསལ་བཏོན་ཡོད།རྗེས་སྙེག་ནུས་འདྲི་དང་། བཀག་སྡོམ་ལྟ་སྐུལ“གཟེར་འདེབས་པ་”བཅས་བྱས་པ།2025ལོའི་ཟླ་10ཚེས་22ཉིན་ནས་ཚེས་29ཉིན་བར་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་འདྲི་རྩད་གནད་དོན་དག་ཐེར་དོན་འཁྱོལ་བྱ་ཚུལ་ལ་དམིགས་ནས་རེས་སྐོར་དང་པོའི་རྗེས་སྙེག་ལྟ་སྐུལ་བྱས་ཏེ་ས་གནས་ས་ཐོག་ཏུ་སྤྱི་པའི་གསང་སྤྱོད་100ཙམ་ལ་སྐབས་བསྟུན་ལྟ་ཞིབ་བྱས་ནས་དག་ཐེར་ལ་སྐུལ་འདེད་གཏོང་ཚུལ་ཁྱོན་ཡོངས་ནས་ཤེས་རྟོགས་བྱས་པ་རེད།2026ལོའི་ཟླ་3ཚེས་9ཉིན་ནས་ཚེས་11ཉིན་བར་འདྲི་རྩད་བྱ་ཡུལ་སྡེ་ཚན་དང་མཉམ་འབྲེལ་ཐོག་དག་ཐེར་དོན་འཁྱོལ་བྱས་ཚུལ་ལ་དམིགས་ནས་བརྟག་ཞིབ་བྱས་པ་དང་འབྲེལ་བློ་ཡིད་ཚིམ་ཚད་བརྟག་དཔྱད་རེའུ་མིག་1120སྤྲད་དེ་གྲོང་ཁུལ་དང་། ཤང་གྲོང་། གྲོང་གསེབ། ཡུལ་སྐོར་བ་བཅས་ལ་བརྟག་དཔྱད་བྱས་པ་རེད། བརྟག་དཔྱད་བྱས་འབྲས་ལས་མངོན་པར་གཞིགས་ན། ཧ་ཅང་བློ་ཡིད་ཚིམ་ཚད་17.3%ཟིན་པ་དང་། བློ་ཡིད་ཚིམ་ཚད་32.2%ཟིན། ཕལ་ཆེར་བློ་ཡིད་ཚིམ་ཚད་48.8%ཟིན་ཡོད་པ་རེད།བདེ་ཆེན་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་བརྟག་ཞིབ་བྱས་ནས་ཤེས་རྟོགས་བྱུང་བའི་གནད་དོན་ལ་དམིགས་ནས། ཁུལ་མི་དམངས་སྲིད་གཞུང་ལ་བདེ་ཐང་གི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། དོ་དམ་སྲུང་སྐྱོང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། མ་དངུལ་གྱི་ཐབས་ལམ་རྒྱ་ཆེར་གཏོང་བ། མཐུན་སྦྱོར་ལམ་སྲོལ་འཛུགས་པ་སོགས་ཀྱི་གྲོས་ཞིབ་བསམ་འཆར་བཏོན་པ་དང་འབྲེལ་སྡེ་ཚན་གསུམ་གྱིས་བདེ་ཆེན་ཁུལ་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་སྤྱི་པའི་གསང་སྤྱོད་དོ་དམ་སྲུང་སྐྱོང་གནད་ལ་མ་འཁེལ་བའི་གནད་དོན་ལ་མུ་མཐུད་དབྱེ་ཞིབ་གཏིང་ཟབ་བྱས་ཏེ་ཉམས་ཞན་ལྷུ་ཚིགས་གནད་ལ་འཁེལ་བར་འཚོལ་བ་དང་བྱ་ཐབས་ནུས་ལྡན་སྤྱད་དེ་རེ་རེ་བཞིན་བཅོས་སྒྲིག་གནད་ལ་འཁེལ་བ་བྱས་ཏེ་ཟླ་བ་དྲུག་ནང་ཚུན་སླར་ཡང་དག་ཐེར་དོན་འཁྱོལ་བྱས་ཚུལ་སྙན་སེང་ཞུ་དགོས་པའི་གྲོས་འགོ་བཏོན་པ་རེད།ཕན་འབྲས་ཐོན་པ་དང་དམངས་འཚོའི་དོན་དངོས་“ལེའུ་ངོ་མ”མཐོང་བ།ལོ་ཕྱེད་ལྷག་ཙམ་རིང་། མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་སྐུལ་འདེད་འོག་བདེ་ཆེན་ཁུལ་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་པའི་གསང་སྤྱོད་དོ་དམ་སྲུང་སྐྱོང་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། བཀོད་སྟངས་མུ་མཐུད་ལེགས་སུ་ཕྱིན་ཡོད། ཁུལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་པའི་གསང་སྤྱོད་བཀོད་ཇུས་དེ་འབྲེལ་ཡོད་འཆར་འགོད་ནང་བཅུག་ནས་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་དང་དུས་གཅིག་ཏུ་འཆར་འགོད་དང་། འཛུགས་སྐྲུན། ཞིབ་བཤེར་རྩིས་ལེན་བཅས་བྱས་ཡོད། “གཏན་འཇགས་རྣམ་པའི་སྤྱི་པའི་གསང་སྤྱོད་གཙོ་བོར་བྱེད་པ་དང་། ལྷན་སྦྱར་རྣམ་པའི་སྤྱི་པའི་གསང་སྤྱོད་རམ་འདེགས་སུ་བྱེད་པ། ཁྲོམ་གཞུང་བརྒྱུད་སྤྱི་པའི་ཁང་པའི་ནང་གི་གསང་སྤྱོད་རིན་མེད་ངང་སྒོ་འབྱེད་པ”བཅས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་པའི་གསང་སྤྱོད་འཛུགས་སྐྲུན་དོ་དམ་སྲུང་སྐྱོང་ལམ་སྲོལ་བཙུགས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་པའི་གསང་སྤྱོད་ཀྱི་ཕྱོགས་བསྡུས་ཞབས་ཞུའི་ནུས་པ་སྔར་བས་ཆེ་རུ་བཏང་ཡོད། དོ་དམ་སྲུང་སྐྱོང་གི་བྱེད་པོ་ཁ་གསལ་བཟོས་པ་དང་། རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་གསུམ་དོ་དམ་སྲུང་སྐྱོང་མ་ལག་འཐུས་སྒོ་ཚང་དུ་བཏང་བ། གྲོང་གསེབ་ཀྱི་སྤྱི་པའི་གསང་སྤྱོད་ཀྱི་ཆེད་ལས་དང་གཅིག་ལྕོགས་གཙང་སྦྲ་བྱེད་མཁན་817བཀོད་སྒྲིག་བྱས་པ། “གཏན་འཁེལ་ལྔ”དང་“གཙང་མ་གསུམ་དང་མེད་པ་གཉིས། གསལ་པོ་གཅིག”གི་ཚད་གཞི་ལག་བསྟར་བྱས་པ། སྒྲིག་བཀོད་490ལྷག་ཙམ་ཉམས་གསོ་བྱས་པ། བཙོག་གཅིན་གཙང་སེལ་ཐག་གཅོད་ཐེངས་1100ལྷག་ཙམ་བྱས་པ། རྒྱུན་རྣམ་ཅན་གྱི་ཞིབ་བཤེར་དཔྱད་ཞིབ་ལ་ཤུགས་སྣོན་བརྒྱབ་པ། ལྟ་སྐུལ་ཨང་རྟགས་སྦྱར་བ། ལྟ་སྐུལ་ཐབས་ལམ་ཤར་གཏོང་ཐུབ་པ་བཅས་བྱས། ནོར་སྲིད་ཀྱི་རྒྱབ་སྐྱོར་བརྩོན་ལེན་ཧུར་ཐག་བྱེད་པ་དང་། མཉམ་དུ་འགན་འཁུར་བའི་རྣམ་པ་ཁྱབ་གདལ་གཏོང་བ། ཁྲོམ་ར་ཅན་གྱི་འཁོར་རྒྱུག་སྲུང་སྐྱོང་འཚོལ་ཞིབ་བྱེད་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་པའི་གསང་སྤྱོད་འཛུགས་སྐྲུན་དང་དོ་དམ་སྲུང་སྐྱོང་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། གྲོང་གསེབ་ཀྱི་སྤྱི་པའི་གསང་སྤྱོད་གསར་སྐྲུན་སྒྱུར་བཀོད་ཉམས་གསོ་དང་དེ་བཞིན་ཡུལ་སྐོར་གསང་སྤྱོད་དོ་དམ་སྲུང་སྐྱོང་གི་མ་དངུལ་རྒྱུན་རྣམ་ཅན་གྱི་འགན་ལེན་དང་གཙོ་གནད་རྣམ་གྲངས་བསྐྱར་སྐྲུན་ཚུད་པ་བཅས་བྱས་པ།བདེ་ཆེན་ཁུལ་ཞིང་ལས་གྲོང་གསེབ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལི་ཧོ་ཏུང་གིས“ས་བབ་མཐོ་བའི་དགུན་དུས་གྲང་ངར་གྱིས་རྐྱེན་པས་མདོང་ལམ་གས་པ་དང་ཆུ་སྒམ་ལ་དར་ཆགས་སླ་བ་སོགས་ཀྱི་གནད་དོན་ལ་དམིགས་ནས་གྲང་ཟུག་ཆེ་བའི་ས་ཁོངས་ཀྱི་སྤྱི་པའི་གསང་སྤྱོད་236ལ་གྲང་འགོག་དྲོད་སྲུང་སྒྱུར་བཀོད་བྱས་ཏེ་དྲོད་སྲུང་ཐུམ་སྒྲིལ་དང་། འཁྱགས་འགོག་སྟེམ་སྒོ། གྲབས་གཤོམ་ཆུ་གསོག་སོགས་ཀྱི་བྱ་ཐབས་སྤྱད་དེ་དགུན་དུས་རྒྱུན་གཏན་བཞིན་བེད་སྤྱོད་ཐུབ་པའི་འགན་ལེན་བྱེད་ཀྱི་ཡོད”ཅེས་ངོ་སྤྲོད་བྱས།ལོ་ཕྱེད་རིང་བདེ་ཆེན་ཁུལ་མི་དམངས་སྲིད་གཞུང་གིས《བདེ་ཆེན་ཁུལ་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་སྤྱི་པའི་གསང་སྤྱོད་དོ་དམ་བྱ་ཐབས(ཚོད་ལྟའི་ལག་བསྟར)》དང《གྲོང་གསེབ་ཀྱི་སྤྱི་པའི་གསང་སྤྱོད་བསྐྲུན་རྗེས་ཀྱི་དོ་དམ་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》《བདེ་ཆེན་ཁུལ་གྱི་ཡུལ་སྐོར་གསང་སྤྱོད་དོ་དམ་ཞབས་ཞུའི་ཆུ་ཚད་སྔར་བས་མཐོ་རུ་གཏོང་རྒྱུའི་སྐོར་གྱི་ལས་ཀའི་ཇུས་གཞི》སོགས་ཡིག་ཆ་སྔ་རྗེས་སུ་བཟོས་ནས་པར་འགྲེམས་བྱས་ཏེ་དོ་དམ་སྲུང་སྐྱོང་ལས་དོན་ཚད་ལྡན་ཅན་དང་ཕུགས་ཕན་ཅན་གྱི་ལམ་བུའི་ཐོག་བསྐྱོད་རྒྱུར་སྐུལ་འདེད་བཏང་སྟེ་གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པ་དང་། དབང་འགན་ཁ་གསལ། འཁོར་སྐྱོད་ནུས་ལྡན་བཅས་ཀྱི་ལམ་ལུགས་ཀྱི་སྒྲོམ་གཞི་ཆ་ཚང་ཞིག་རགས་ཙམ་ཆགས་ཡོད།བདེ་ཆེན་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་པའི་གསང་སྤྱོད་དོ་དམ་སྲུང་སྐྱོང་ཁྲོད་ཀྱི་ཉམས་ཞན་ལྷུ་ཚིགས་ལ་རྒྱུན་མཐུད་ངང་དམིགས་ཏེ་རྗེས་སྙེག་འདྲི་རྩད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དག་ཐེར་གཏིང་ཟབ་དང་ཏན་ཏིག་བྱ་རྒྱུར་སྐུལ་འདེད་བཏང་ནས། “གསང་སྤྱོད་གསར་བརྗེའི”གྲུབ་འབྲས་ཀྱིས་རྒྱ་ཆེའི་མང་ཚོགས་ལ་ཕན་པ་དངོས་ཐོབ་པའི་འགན་ལེན་བྱེད་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་པའི་གསང་སྤྱོད་བདེ་ཆེན་གྱི་ཤེས་དཔལ་གཟུགས་བརྙན་མངོན་པའི་སྐར་ཁུང་དང་དམངས་འཚོའི་དྲོད་ཚད་མངོན་པའི་མིང་བྱང་དུ་འགྱུར་བ་བཅས་བྱ་རྒྱུ་དང་ཆབས་ཅིག“འདྲི་རྩད་དང་། ཚད་ལེན་དཔྱད་བསྡུར། དག་ཐེར། ཕྱིར་མིག་ལྟ་བ། སྙན་ཞུ་ཉན་པ། ཚད་ལེན་དཔྱད་བསྡུར། བསྐྱར་དུ་ཚད་ལེན་དཔྱད་བསྡུར་”བཅས་ཀྱི་བཀག་སྡོམ་ལྟ་སྐུལ་གྱི་སྦྲེལ་ཐག་སྲ་བརྟན་དང་ལེགས་སུ་གཏོང་དགོས།”བཅས་ཀྱི་བཀག་སྡོམ་ལྟ་སྐུལ་སྦྲེལ་ཐག་སྲ་བརྟན་དང་ལེགས་སུ་གཏོང་རྒྱུ་མ་ཟད། བྱེད་སྟངས་དེ་དམངས་འཚོའི་ཁྱབ་ཁོངས་དེ་བས་མང་བར་རྒྱ་སྐྱེད་བཏང་ནས“རྒྱུན་འཁོར་ཧྲིལ་པོའི”ལྟ་སྐུལ་དེ་མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་གྱི“འོས་སྒྲིག”ཏུ་འགྱུར་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།