中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ཀྲང་ཝེ་ཏུང་གིས་རུ་སྣེ་ཁྲིད་དེ་པེ་ཅིང་གྲོང་ཁྱེར་དུ་ཚོང་འགུགས་རྟོག་ཞིབ་གནང་བ།

ཁྱབ་བསྒྲགས་དུས་ཚོད་:2026-04-09 16:50:13 འབྱུང་ཁུངས་:སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
图片

ཟླ་4པའི་ཚེས་8ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཀྲང་ཝེ་ཏུང་གིས་རུ་སྣེ་ཁྲིད་དེ་པེ་ཅིང་གྲོང་ཁྱེར་དུ་ཚོང་འགུགས་རྟོག་ཞིབ་བྱས་པ་དང་། སློབ་གླིང་གི་རིགས་གཅིག་མཁས་ཅན་དང་ཁེ་ལས་ཀྱི་འགན་འཁུར་བ་དང་བཞུགས་མོལ་གཏིང་ཟབ་བྱས་པ་དང་མཉམ་ལས་རྣམ་གྲངས་ངོ་འཕྲད་གྲོས་མོལ་བྱས་པ། བདེ་ཆེན་གྱི་ལེགས་ལྡན་ཐོན་ལས་དྲིལ་བསྒྲགས་དང་འོས་སྦྱོར་བྱས་པ་རེད།

ཀྲུང་གོ་ཞིང་ལས་སློབ་ཆེན་དང་བཞུགས་མོལ་གནང་སྐབས་ཀྲང་ཝེ་ཏུང་གིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་ཞུས་ནས་ཀྲུང་གོ་ཞིང་ལས་སློབ་ཆེན་གྱིས་བདེ་ཆེན་ཐོན་ལས་འཕེལ་རྒྱས་ལ་ཆེད་ལས་མཛུབ་ཁྲིད་གནང་བ་དང་པེ་ཅིང་མོ་སི་ཁ་ཐོ་ཚད་ཡོད་ཀུང་སིས་བདེ་ཆེན་ལ་མ་འཇོག་བྱས་པར་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་ད་ཐེངས་ཀྱི་རྣམ་གྲངས་གན་རྒྱ་བཞག་པ་དེ་ནི་བདེ་ཆེན་གྱིས་ཚོང་འགུགས་མ་འདྲེན་ལས་དོན་གྱི་བཀོད་སྒྲིག་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་ས་མཐོའི་ཁྱད་ལྡན་རྒུན་ཆང་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བའི་གྲུབ་འབྲས་གལ་ཆེན་ཞིག་རེད་ལ། “སྨན་རི་རྒུན་ཆང་ཐོན་ཁུལ”གྱི་སྤུས་ཚད་མཐོ་རུ་དང་རིམ་སྤོར་བྱེད་མགྱོགས་སུ་གཏོང་བ་དང་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད་པའི་དངོས་སྒྲུབ་ཀྱི་བྱེད་ཐབས་ཤིག་ཀྱང་རེད། བདེ་ཆེན་ཁུལ་དང་འཇོལ་རྫོང་གིས་ནུས་ཤུགས་ཡོད་རྒུས་རྒྱུ་རྐྱེན་གཙོ་བོའི་འགན་ལེན་ལ་ཤུགས་སྣོན་རྒྱག་པ་དང་། ཞིབ་མཆན་འགོད་པའི་ཞབས་ཞུ་ལེགས་སུ་གཏོང་བ། རྣམ་གྲངས་ལ་སྐུལ་འདེད་མགྱོགས་པོ་གཏོང་བ་བཅས་བྱས་ནས་མཉམ་ལས་བྱ་བ་དོན་འཁྱོལ་དང་ཕན་འབྲས་ཐོན་པ་དང་ལག་བསྟར་ནུས་ལྡན་ཐུབ་པའི་འགན་ལེན་བྱ་རྒྱུ་རེད། ཁོང་གིས་ཁེ་ལས་ཀྱིས་བདེ་ཆེན་གྱི་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་ལེགས་ཆར་བརྟེན་ནས་སྤུས་ལེགས་ཅན་དང་། ཁྱད་ལྡན་ཅན། རང་ཡུལ་ཅན་བཅས་ཀྱི་འཕེལ་རྒྱས་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ་དང་། ཞིང་ལས་དང་། རིག་གནས་ཡུལ་སྐོར་བཅས་མཉམ་འདྲེས་གཏིང་ཟབ་ཏུ་གཏོང་བ། རྒུན་ཆང་ཐོན་ལས་ཀྱི་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་རྒྱུན་འཁོར་ཧྲིལ་པོ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་བྱེད་པ། ལག་གདང་སྦྲེལ་ནས་“སྨན་རི་རྒུན་ཆང་ཐོན་ཁུལ”དེ་རྒྱལ་ཡོངས་ཀྱི་གྲགས་ཅན་སྤུས་ལེགས་རྒུན་ཆང་ཐོན་ཁུལ་དུ་གཏོད་པ་བཅས་བྱས་ཏེ་ཐོན་ལས་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་བས་མང་བ་དང་དེ་བས་དྲང་གཞག་ངང་ས་གནས་དེ་གའི་མང་ཚོགས་ལ་ཕན་པ་ཐོབ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

ཀྲུང་གོ་ཞིང་ལས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཧོང་ཝེ་ཏུང་གིས་བདེ་ཆེན་གྱི་སྣོད་བཅུད་བཟང་བ་དང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པས་རྩེར་སོན་གྱི་རྒུན་ཆང་རྩེ་གྲ་འཕེལ་རྒྱས་གཏོང་བའི་ཁྱད་འཕགས་ཆ་རྐྱེན་འཛོམས་པ་དང་ཐོན་ལས་ཀྱི་མདུན་ལམ་ཡངས་པོ་ཡོད། ཀྲུང་གོ་ཞིང་ལས་སློབ་ཆེན་གྱིས་རིག་ཚན་དང་། ཤེས་ལྡན་མི་སྣ། ལག་རྩལ་བཅས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་སྙོལ་བཟོའི་ལག་རྩལ་དང་། ཐོན་ལས་འཆར་འགོད། སྤུས་རྟགས་གཏོད་པ། ཤེས་ལྡན་མི་སྣ་གསོ་སྐྱོང་སོགས་ཐད་རྒྱབ་སྐྱོར་བྱས་ནས་བདེ་ཆེན་འདི་ཉིད་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཆང་ཁང་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུར་རམ་འདེགས་བྱས་ཏེ་བདེ་ཆེན་རྒུན་ཆང་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུ་རེད།

图片

དེའི་རིང་ཀྲང་ཝེ་ཏུང་གིས་འཇོལ་རྫོང་སྲིད་གཞུང་དང་པེ་ཅིང་མོ་སི་ཁ་ཐུའོ་ཚད་ཡོད་ཀུང་སིའི་དབར་འཇོལ་རྫོང་ལྕགས་ཕུགས་པའོ་ཆུས་ཆང་ཁང་རྣམ་གྲངས་ཀྱི་མ་འཇོག་གྲོས་མཐུན་དངོས་སུ་བཞག་པའི་དཔང་པོ་བྱས་པ་རེད། པེ་ཅིང་མོ་སི་ཁ་ཐུའོ་ཚད་ཡོད་ཀུང་སིའི་འགན་འཁུར་བས་ཁེ་ལས་ཀྱིས་བདེ་ཆེན་དུ་རྩ་བ་བརྟན་པོ་ཚུགས་པ་དང་། “སྨན་རི་རྒུན་ཆང་ཐོན་ཁུལ”ཟབ་རྨོ་བྱེད་པ། ཚད་གཞི་མཐོ་པོས་ལྕགས་ཕུགས་པའོ་ཆུས་ཆང་ཁང་སྐྲུན་པ། སྤུས་ལེགས་ཐོན་སྐྱེད་ཞབས་ཞུའི་ལས་སྟེགས་ཧུར་ཐག་སྐྲུན་པ། ས་གནས་དེ་གའི་ཆང་ཁང་ཚད་ལྡན་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་བྱེད་པ། ནུས་ཤུགས་ཡོད་རྒུས་བདེ་ཆེན་གྱི་སྤུས་ལེགས་ཡུལ་སྲོལ་ཐོན་ཁུངས་དེ་སྤུས་ལེགས་རྒུན་ཆང་ཐོན་རྫས་སུ་སྒྱུར་བ་བཅས་བྱས་ཏེ་བདེ་ཆེན་གྱི་རྒུན་ཆང་ཐོན་ལས་ཀྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་ཆེད་ཁེ་ལས་ཀྱི་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།

དབྱང་ཞུའེ་ཝུན་དང་། ཀྲོང་ཞའོ་ཕིང་། འཇོལ་རྫོང་སྲིད་གཞུང་གི་འགོ་ཁྲིད་གཙོ་བོ། འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་བཅས་ཞུགས་ཡོད་པ་རེད།

责任编辑:南珠泽仁

  • བདེ་ཆེན་གསར་འགྱུར།

ཁུལ་ཨུས་ཕྱི་འབྲེལ་ལས་དོན་ཨུ་ལྷན་གྱི་ཚང་འཛོམས་(རྒྱས་འཛོམས་)གྲོས་ཚོགས་འཚོགས། 

ཀུ་ཀུ་ཤ་མོ་བཏབས་ནས་གྲོང་མི་ཚོའི་ཕྱུག་འགྱུར་གྱི་ཕུགས་འདུན་བསྐྲུན།

རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་གཟེངས་རྟགས་ཐོབ་མཁན་ཚུན་ཅིན་ཚན།

ཁུལ་སྲིད་གཞུང་ཏང་ཙུའུ་ཡི་ཚོགས་འདུ་ཐེངས་80པ་འཚོགས་པ།

ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་འབའ་ལུང་རྫོང་གི་རྣམ་གྲངས་འཛུགས་སྐྲུན་གྱི་ཡུལ་དངོས་ཚོགས་འདུ་འཚོགས་ནས། ཡིད་ཆེས་བརྟན་པོ་དང་འགག་སྒྲོལ་དཀའ་སེལ་གྱིས་འབའ་ལུང་གི་འཕེལ་རྒྱས་དེ་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལེགས་སྐྱེས་ཧུར་ཐག་འབུལ་དགོས་ཞེས་ནན་གྱིས་བསྟན།

ཁུལ་སྲིད་གཞུང་གིས་རྒྱུན་དོན་གྲོས་ཚོགས་ཐེངས་85པ་འཚོགས།

ཁུལ་ཨུས་ཆེད་དོན་ཚོགས་འདུ་འཚོགས་ནས་རྒྱལ་ཁོངས་བར་སྟོང་སྤྱིའི་འཆར་འགོད་ཀྱི་འགུལ་རྣམ་སྲུང་སྐྱོང་ལས་དོན་ལ་ཞིབ་འཇུག་བྱས།

བདེ་ཆེན་རུ་ཁག་3-1གི་བསྡུར་ཚད་ཐོག་ཀྲའོ་ཐུང་རུ་ཁག་ལས་རྒྱལ་བ།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com