中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

མཚོ་སྔོན་གྱིས་ས་ཁོངས་ཡོངས་སུ་སྡེ་ལས་ཀྱི“ཀུན་གསལ་སྤྱི་བསྒྲགས”བཅོས་སྐྱོང་བྱེད་སྟངས་གསར་པ་ཁྱབ་གདལ་བཏང་བ།

ཁྱབ་བསྒྲགས་དུས་ཚོད་:2026-06-01 11:38:38 འབྱུང་ཁུངས་:མི་དམངས་ཉིན་རེའི་ཚགས་པར།
   མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཟླ་5ཚེས་22ཉིན། མཚོ་སྔོན་ཞིང་ཆེན་གྱི་སྡེ་ལས་ཞབས་ཞུ་དང་གྲོན་བསྡུའི“ཀུན་གསལ་སྤྱི་བསྒྲགས”དཔེ་སྟོན་ཁྱབ་གདལ་ལས་དོན་མཚོ་ཤར་གྲོང་ཁྱེར་གྲོ་ཚང་ཆུས་སུ་སྤེལ་ཞིང་། ཞིང་ཆེན་ཡོངས་ཀྱི་སྡེ་ལས་ལས་རིགས་ཀྱི་འཐུས་མིས་ས་གནས་ས་ཐོག་ཏུ་ཕྱི་གསལ་ནང་གསལ་གྱི་སྡེ་ལས་ཞབས་ཞུའི་བཅོས་སྐྱོང་ཉམས་མྱོང་ལྟ་སྦྱོང་དང་སློབ་སྦྱོང་བྱས་ཏེ་ས་ཁོངས་ཡོངས་སུ་ཚད་ལྡན་ཅན་དང་ཀུན་གསལ་ཅན་གྱི་སྡེ་ལས་བཅོས་སྐྱོང་ཁྱབ་གདལ་གཏོང་ཆེད་རྨང་གཞི་བརྟན་པོ་བཏིང་བ་རེད།
   དུས་ཡུན་རིང་པོའི་ནང་། སྡེ་ལས་ཀྱི་གྲོན་དངུལ་བསྡུ་སྟངས་ཁ་གསལ་མེད་པ་དང་། སྤྱི་པའི་ཡོང་འབབ་ཁ་གསལ་མེད་པ། གཏོང་སྒོའི་རྩིས་ཁྲ་ཡོངས་བསྒྲགས་མེད་པ་བཅས་ནི་མང་ཚོགས་ཀྱིས་གླེང་མང་བའི་དམངས་འཚོའི་དཀའ་གནད་ཅིག་རེད་ལ། སྡེ་ལས་ཀྱི་རྩོད་གཞི་དང་ཁྱིམ་མཚེས་དབར་གྱི་འགལ་ཟླ་ཐོན་ཡུལ་གཙོ་བོ་ཞིག་ཀྱང་རེད། ཞིང་ཆེན་ཡོངས་ནས་སྔོན་ལ་ཚོད་ལྟ་བྱ་ཡུལ་ཡིན་པའི་མཚོ་ཤར་གྲོང་ཁྱེར་གྲོ་ཚང་ཆུས་ཀྱིས་དུས་ཡུན་ལོ་ཕྱེད་རིང་ལས་དོན་ཞིབ་ཚགས་སྤེལ་ནས། སྡེ་ལས་ལྟ་སྐུལ་དོ་དམ་གྱི་འགན་འཁྲིའི་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་བས་ཆེད་ལས་ཅན་གྱི་སྡེ་ལས་དོ་དམ་ཁུལ་ཆུང་གི་ཀུན་གསལ་སྤྱི་བསྒྲགས་ཁྱོན་ཡོངས་ལ་ཁྱབ་ཡོད། ས་གནས་དེ་གའི་སྡོད་ཁང་འཛུགས་སྐྲུན་དང་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་རྒྱུན་རྣམ་ཅན་གྱི་མཉམ་འགུལ་ལས་ཀའི་ལམ་སྲོལ་བཙུགས་ཏེ། མཉམ་འབྲེལ་ཞིབ་བཤེར་དང་། ཆ་འཕྲིན་མཉམ་སྤྱོད། རྒྱུན་རྣམ་ཅན་གྱི་ལྟ་སྐུལ་མཛུབ་ཁྲིད་བཅས་བྱས་པ་བརྒྱུད། ཁེ་ལས་ཀྱིས་རང་འགུལ་ངང་ཡོངས་བསྒྲགས་དང་། སྡེ་ཚན་གྱིས་བརྒྱུད་རིམ་ཧྲིལ་པོར་ལྟ་འདོམས། སྤྱི་ཚོགས་ཀྱིས་རྒྱ་ཁྱབ་ངང་ལྟ་སྐུལ་བཅས་བྱེད་པའི་སྣ་མང་མཉམ་བཅོས་ཀྱི་རྣམ་པ་ཞིག་བཏོད་ཡོད། ད་ཆ་གྲོ་ཚང་ཆུས་དཔེ་སྟོན་ཁུལ་ཆུང་གི་སྡེ་ལས་ཞུ་གཏུག་བྱེད་ཚད་ཆེས་ཆེར་ཆག་པ་དང་། དོ་བདག་གིས་རང་འགུལ་ངང་གྲོན་དངུལ་འཇལ་བ་དང་ཁུལ་ཆུང་བཅོས་སྐྱོང་ལ་གཞོགས་འདེགས་བྱེད་པའི་འདུན་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ། ཁྱིམ་མཚེས་དབར་གྱི་འབྲེལ་བ་སྔར་བས་འཆམ་མཐུན་བྱུང་བ། གཞི་རིམ་བཅོས་སྐྱོང་གི་སྤྱི་ཡོངས་ཀྱི་རྣམ་པ་རྒྱུན་མཐུད་ལེགས་སུ་ཕྱིན་ཡོད།
   ད་ཐེངས་ཀྱི་དཔེ་སྟོན་ཁྱབ་གདལ་གྲུབ་འབྲས་ལ་བརྟེན་ནས་མཚོ་སྔོན་ཞིང་ཆེན་གྱིས་སྡེ་ལས་ཀྱི“ཀུན་གསལ་སྤྱི་བསྒྲགས”རྒྱུན་རྣམ་ཅན་གྱི་ལས་དོན་ཕྱོགས་ཡོངས་ནས་སྤེལ་རྒྱུ་ཡིན་པ་དང་། ས་གནས་ཁག་གིས་ཡུལ་བབ་དང་བསྟུན་ནས་ཚད་ལྡན་ཅན་གྱི་དཔེ་སྟོན་ཁུལ་ཆུང་བཏོད་དེ་རིམ་པ་དང་གོ་རིམ་དབྱེ་ནས་ས་ཁོངས་ཧྲིལ་པོར་ཁྱབ་པར་སྐུལ་འདེད་གཏོང་རྒྱུ་རེད།
  • བདེ་ཆེན་གསར་འགྱུར།

ལུའོ་ཁྲའོ་ཧྥེང་གིས་རུ་ཁག་ཁྲིད་དེ་ཡུན་ནན་སློབ་ཆེན་དུ་ཕེབས་ནས་སློབ་གྲྭ་དང་ས་གནས་བར་གྱི་མཉམ་ལས་དོན་དག་ལ་འབྲེལ་མཐུད་བྱས།

ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ།

ཁུན་མིང་དང་བདེ་ཆེན་གྱིས་མཛའ་མཐུན་མཉམ་ལས་ཀྱི་ཚོགས་འདུ་འཚོགས།

བདེ་ཆེན་ཁུལ་གྱི་ཏང་སྲིད་འཐུས་མི་ཚོགས་པ་ཆུས་ཅིང་གྲོང་ཁྱེར་དུ་ཕེབས་ནས་ཁ་གཏད་རོགས་སྐྱོར་ལས་དོན་ཐད་ཚུར་ལན་བཅར་འདྲི་བྱས།

བདེ་ཆེན་སེམས་ཀྱི་ཉི་ཟླའི་ལྔ་བའི་རྟ་རྒྱུག་འགྲན་བསྡུར་ཚོགས་ལ་ཉེ།

བདེ་ཆེན་གྱི་རྒྱུགས་སྤྲོད་སློབ་མ་1883ད་ལོའི་མཐོ་རྒྱུགས་ལ་ཞུགས།

ལུའོ་ཁྲའོ་ཧྥེང་གིས་མཐོ་རྒྱུགས་ཀྱི་གྲ་སྒྲིག་ལས་དོན་ལ་ཞིབ་བཤེར་དང་མཛུབ་ཁྲིད་གནང་སྐབས་ནན་པོ་དང་ཞིབ་ཚགས། ཆད་བཤེར་ཆད་གསབ་བཅས་བྱས་ཏེ་མཐོ་རྒྱུགས་བརྟན་ལ་བདེ་འཇགས་དང་གོ་རིམ་ལྡན་པ་ཡོང་བའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

ཁུལ་ཨུའི་རྒྱུན་ཨུ་སྐབས་དགུ་པས་གྲོས་ཚོགས་ཐེངས་158པ་འཚོགས།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com