ཉི་ཤར་ཤང་གིས་ཞིང་ལས་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་བྱས་ནས་གྲོང་གསེབ་དར་རྒྱས་ཀྱི་འཕེལ་ནུས་གསར་པ་འདོན་སྤེལ་བྱས།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། སེམས་ཀྱི་ཉི་ཟླསེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཉི་ཤར་ཤང་ཐང་སྟོད་གྲོང་ཚོའི་གྲོང་ཁྱེར་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་བློ་བཟང་བྱམས་པའི་ཁྱིམ་དུ་འགྲོ་དུས། བཟོས་མ་ཐག་པའི་རྫ་ཆས་ཀྱི་ཐོག་ནས་ས་འདམ་དང་འབར་མེ་འདྲེས་པའི་དྲི་མ་སྣོམ། སྦྲག་སྲིད་མྱུར་སྐྱེལ་བྱེད་མཁན་གྱིས་བྱང་ཆུབ་པའི་ངང་ཐབ་ཆས་དང་སྒྱུ་རྩལ་གྱི་ཅ་ལག་སོགས་རླངས་འཁོར་ནང་འཇོག་སྟེ། ཁུན་མིང་དང་ཁྲེང་ཏུའུ་སོགས་སུ་བསྐུར་རྒྱུ།

རྫ་ནག་བཟོ་བའི་ལག་རྩལ་འཁྲུག་ཆ་དོད་པོས་རྒྱུན་འཛིན་བྱེད་པ་དང་དུས་མཚུངས་སུ། ཐང་སྟོད་གྲོང་ཚོའི་གྲོང་གསེབ་ཀྱི་ཡུལ་སྐོར་ལས་རིགས་ཀྱི་རྣམ་པ་རྒྱུན་མཐུད་ངང་རིམ་སྤར་ཐུབ། ཁམ་བུའི་མཛེས་ལྗོངས་ཁུལ་གྱི་འགྲུལ་ཞུགས་དམངས་སྲོལ་སྡོད་ཁང་གི་སྦྱིན་བདག་ཁྲེན་ཏེ་ཡུང་གིས་བོད་ཀྱི་ཁང་པ་དེ་ཞག་སྡོད་དང་བཟའ་བཏུང་། ཁོ་ཧྥེ་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་བར་སྟོང་དུ་བསྒྱུར་བཀོད་བྱས་ནས། གྱང་ངོས་ཀྱི་མཛེས་བཟོ་ནས་ཟས་གསོལ་སྤྱོད་ཆས་སྒྲིག་སྟངས་བར་ཚང་མར་རྫ་ནག་གི་གཞི་རྒྱུ་འདྲེས་ནས། ཡུལ་སྐོར་བ་རྣམས་ལ་རྫ་མ་བཟོ་བའི་ཡིད་དབང་འཕྲོག་ཤུགས་མྱོང་ཚོར་བྱེད་དུ་བཅུག


ད་ལྟ། ཐང་སྟོད་གྲོང་ཚོའི་འགྲུལ་ཞུགས་དམངས་སྲོལ་སྡོད་ཁང་5ལ་རང་ཉིད་ཀྱི་ཁྱད་ཆོས་ལྡན། ཟ་ཁང་58ལ་བོད་ཟས་རྒྱ་ཁོག་ཟ་ས་ཡོད་པ་མ་ཟད། ཞིང་དུད་ཀྱི་ཁྱད་ཆོས་ལྡན་པའི་ཚལ་ཡང་ཡོད། 2025ལོར། གྲོང་ཚོ་འདིའི་གྲོང་གསེབ་ཡུལ་སྐོར་ལས་རིགས་ལ་ལོ་རེར་ཡོང་འབབ་མ་དངུལ་སྒོར་ས་ཡ་4ཟིན་ཏེ། སྲོལ་རྒྱུན་གྱི་གྲོང་ཚོ་དེ་ཞིང་ལས་དང་རིག་གནས། ཡུལ་སྐོར་མཉམ་འདྲེས་བྱས་པའི་རྣམ་པ་ཞིག་འགྱུར།


ཉི་ཤར་ཤང་གིས་བོད་ཁྱིམ་དམངས་སྲོལ་དང་རྫ་ནག་མངོན་མིན་རིག་གནས་ཤུལ་བཞག མཐོ་སྒང་གི་བཟའ་བཅའ་སོགས་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ལ་བརྟེན་ནས། དུས་ཚིགས་བཞི་ལ་ཡུལ་སྐོར་བྱེད་ཆོག་པའི་རྣམ་པ་བཞེངས་སྐྲུན་བྱེད་དེ། དཔྱིད་ཀར་ཁམ་བུ་མེ་ཏོག་ལྟ་བའི་དུས་ཆེན་ལ་བརྟེན་ནས་ཡུལ་སྐོར་བ་ཡིད་དབང་འགུགས། དབྱར་ཁར་ཡུངས་དཀར་མེ་ཏོག་དང་ཉི་མ་མེ་ཏོག་གི་མཛེས་ལྗོངས་ལ་བརྟེན་ནས་ཡུལ་སྐོར་བས་ཉམས་ལེན་བྱེད་ཚུལ་མཐོ་རུ་གཏོང་། སྟོན་ཁར་ཀུ་ཤུ་བཏོག་བ་དང་བྱམས་གླུ་དུས་ཆེན་སོགས་ཀྱི་བྱེད་སྒོ་ལ་བརྟེན་ནས་མི་སྣ་འདུ་འཛོམས་བྱེད། དགུན་ཁར་རོང་པའི་ཁྱད་ཆོས་ལྡན་པའི་བཟའ་བཅའ་ལ་བརྟེན་ནས་དུས་ཚིགས་ཀྱི་ཡུལ་སྐོར་ལས་རྣམ་བཞེངས་སྐྲུན་བྱེད། ཉེ་འཁོར་གྱི་ཤང་དང་གྲོང་རྡལ་གྱི་བོད་ཁང་སྤྲོ་གསེང་ཉམས་ལེན་བྱེད་ས་དང་ཞིང་སྡེ་མཛེས་ལྗོངས་ཁུལ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བར་བརྒྱུད། གྲོང་གསེབ་ཡུལ་སྐོར་གྱི་སྤུས་དག་ལམ་ཐིག་རེ་ཞུ་བྱེད་པར་གཞོགས་འདེགས་བྱས་ནས། རིག་གནས་ཐོན་ཁུངས་དེ་འཕེལ་རྒྱས་ཀྱི་ལེགས་ཆ་རྒྱུན་ཆད་མེད་པར་འགྱུར་ཡོད། 2025ལོར་ཤང་ཡོངས་སུ་ཡུལ་སྐོར་བ་སྣེ་ལེན་བྱེད་ཚད་དུས་མཉམ་དང་བསྡུར་ན་35%འཕར། རིག་གནས་ཡུལ་སྐོར་ཐོན་ལས་ཀྱིས་ཤང་ཡོངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་12%ཟིན་ནས། མང་ཚོགས་འབབ་འཕར་ཡོང་བའི་ལྟེ་བའི་ཐོན་ལས་ཞིག་གྱུར།

ཐོན་ལས་འབྲེལ་ཐག་རྒྱུན་ཆད་མེད་པར་རྒྱ་ཆེ་གཏོང་སྟེ་གྲོང་མིའི་འབབ་འཕར་གྱི་ཐབས་ལམ་རྒྱ་ཆེ་རུ་ཕྱིན། མིག་སྔར་བར། ཤང་ཡོངས་ཀྱིས་རྫ་ནག་ཐོན་སྐྱེད་བྱེད་པའི་བཟོ་གྲྭ་120ལྷག་ཡོད་དེ། ལས་ཞུགས་མི་སྣ་150ལྷག་ཟིན། རྒྱལ་ལམ་214ལམ་རྒྱུད་དང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་གྲོང་ཁུལ་དུ་ཚོང་ཁང་བཀོད་སྒྲིག་བྱེད་པ་དང་། ཐའོ་པའོ་དང་ཐེན་མའོ་སོགས་ཀྱི་གློག་རྡུལ་ཚོང་དོན་ལས་སྟེགས་ཐོག་ཕྱིར་འཚོང་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད་ནས་གྲོང་མི་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱེད་དེ། རྫ་ནག་གི་སྤྱིའི་ཐོན་སྐྱེད་རིན་ཐང་སྒོར་བྱེ་བ་1ལྷག་ལས་བརྒལ།
ས་བརྐོ་བ་དང་ལག་རྩལ་རྒྱུན་འཛིན་ནས་ཐོན་རྫས་གསར་སྤེལ་དང་གློག་རྡུལ་ཚོང་དོན་ཕྱིར་འཚོང་བར་དང་། ཡུལ་སྐོར་སྣེ་ལེན་དང་ཉམས་ལེན་ཞབས་ཞུ་བར། ཆ་ཚང་བའི་ཐོན་ལས་འབྲེལ་ཐག་ཧ་ལམ་ཆགས་ཡོད་ཅིང་། ཤང་ཡོངས་ཀྱི་ངལ་རྩོལ་པ་མང་པོ་སྒོ་ཁར་ལས་ཞུགས་བྱེད་ཐུབ་ཡོད། འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་བརྟེན་ནས། ཐང་སྟོད་གྲོང་ཚོ་ལ་ཡུན་ནན་དུ་བྱེས་སུ་སྡོད་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཚོད་ལྟ་ས་ཚིགས་སུ་བདམས་པ་མ་ཟད། ཞིང་ཆེན་ཡོངས་ཀྱི་རིག་གནས་ལ་བརྟེན་ནས་གྲོང་གསེབ་ཏུ་བྱེས་སུ་སྡོད་པའི་མིག་དཔེ་ཞིག་ཏུ་གྱུར།

དུས་རིམ་རྗེས་མར། ཉི་ཤར་ཤང་གིས་ཏང་འཛུགས་ཀྱིས་སྣེ་ཁྲིད་བྱེད་པར་བརྟེན་ནས། རྫ་མའི་རིག་གནས་ཐོན་ལས་ར་བ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་ཉི་ཤར་གྱི་རྫ་ནག་སོགས་ས་ཁམས་མཚོན་རྟགས་ཐོན་རྫས་གསོ་སྐྱོང་བྱེད་ཅིང་། ཉེ་འཁོར་གྱི་མཛེས་ལྗོངས་ཁུལ་དང་མཉམ་འབྲེལ་བྱས་ནས། མངའ་ཁོངས་ཡོངས་ཀྱི་ཡུལ་སྐོར་ལམ་ཐིག་སྐྲུན་སྟེ། ཞིང་ལས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་ཁེ་སྤོངས་གྲོང་མི་མང་པོར་ཕན་དུ་བཅུག སྡོད་འཚམ་དང་ལས་འཚམ། མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་སྤེལ་གཏོང་ནས་གྲོང་གསེབ་འཕེལ་རྒྱས་ལམ་དུ་བརྟན་པོའི་ངང་མདུན་དུ་སྐྱོད།

责任编辑:江初卓玛 才让东周
- བདེ་ཆེན་གསར་འགྱུར།
ཀྲང་ཝེ་ཏུང་གིས་རུ་སྣེ་ཁྲིད་དེ་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ལས་དོན་ལ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་བ།
ཁུལ་མི་དམངས་སྲིད་གཞུང་སྐབས་བཅུ་བཞི་བའི་ཏང་ཙུའུ་ཡིས་གྲོས་ཚོགས་ཐེངས་77པ་བསྡུས་པ།
ལུའོ་ཁྲའོ་ཧྥེང་གིས་“བློ་སྦྱོང”ལས་གྲྭར་སྐུལ་འདེད་གཏོང་བའི་གནས་ཚུལ་ལ་བརྟག་ཞིབ་གནང་སྐབས་འགན་འཁྲི་དང་ལས་འགན་ལ་དམིགས་ནས་རྩ་བ་བརྟན་སྲུང་དང་གསར་གཏོད་མཐའ་འཁྱོངས་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལག་ལེན་ལ་སྐུལ་འདེད་གཏོང་ཆེད་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས་པའི་ནན་བཤད་གནང་བ།
ཁུལ་ཨུས་ཆེད་དོན་ཚོགས་འདུ་འཚོགས་ནས་ཁུལ་ཡོངས་ཀྱི་གྲོང་གསེབ་ཐུན་མོང་གི་“མ་དངུལ་དང་རྒྱུ་ནོར།ཐོན་ཁུངས”ཀྱི་ཆེད་དོན་ལས་དོན་ལ་ཞིབ་འཇུག་བྱས།
ཁུལ་ཡོངས་ཀྱི་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་ལ་གཅིག་སྡུད་བཅོས་སྐྱོང་བྱེད་པའི་ལས་དོན་གྱི་སྐུལ་འདེད་ཚོགས་འདུ་འཚོགས་པ།
ཁུལ་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་བཀོད་གཏོང་ཚོགས་འདུའི་ཐོག་ཚད་གཞིའི་ཧེ་བག་ལ་གཞིགས་ནས་དཀའ་སེལ་འགག་སྒྲོལ་དང་སྔོན་དཔག་དམིགས་ཚད་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་དགོས་ཞེས་ནན་གྱིས་བསྟན།
འཇོལ་རྫོང་གི་རྒུན་འབྲུམ་ཆུང་ངུ་དེ་གྲོང་གསེབ་འཕེལ་རྒྱས་ཀྱི་ཐོན་ལས་གཙོ་རོ་ཞིག་ཏུ་གྱུར།
རང་ཁུལ་གྱིས་གྲོང་གསེབ་འཛུགས་སྐྲུན་དང་གྲོང་གསེབ་བཅོས་སྐྱོང་ལ་སྐུལ་འདེད་གཏོང་།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108