中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

བདེ་ཆེན་རུ་ཁག་གིས་སྤོ་ལོ་ཆད་གྲུག་སྐབས་ཝུན་ཧྲན་རུ་ཁག་ལས་ཕམ།

རྩོམ་པ་པོ་:马建军 黄晓丽 泽仁拉姆 余红春 松学宝 ཁྱབ་བསྒྲགས་དུས་ཚོད་:2026-06-01 14:45:17
    ཟླ་5ཚེས་30ཉིན་གྱི་ཕྱི་དྲོར། 2025ནས2026ལོའི་ཧྥུའུ་ཏན་དངུལ་ཁང་ཡུན་ནན་ཞིང་ཆེན་གྲོང་ཁྱེར་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་འགྲན་བསྡུར་གྱི་རེས་སྐོར་བཅོ་ལྔ་པའི་འགྲན་བསྡུར་འགོ་ཚུགས། བདེ་ཆེན་རུ་ཁག་གིས་མཐོ་སྒང་གི་འགྲན་ར་གཙོ་བོ་བྱས་ནས་ཝུན་ཧྲན་རུ་ཁག་དང་འགྲན་བསྡུར་བྱས། ཕྱོགས་གཉིས་ཀྱིས་རྒྱུན་གཏན་གྱི་དུས་ཚོད་ནང་སྤོ་ལོ་བླུག་མ་ཐུབ། མཐར་སྤོ་ལོ་ཆད་གྲུག་འགྲན་བསྡུར་བརྒྱུད་རྒྱལ་ཕམ་ཐག་གཅོད་ཐུབ་པས། བདེ་ཆེན་རུ་ཁག་གི་3:5ཡི་ཐོག་ནས་ཝུན་ཧྲན་རུ་ཁག་ལས་ཕམ 

微信图片_2026-05-30_204016_441.jpg 
    འགྲན་བསྡུར་སྟོད་མར་རུ་ཁག་གཉིས་ཀྱིས་ཏན་ཏན་ཏིག་ཏིག་ངང་སྤོ་ལོ་རྒྱག་སྟེ།  འགོག་སྲུང་མཐའ་སྣེར་སྐྱོན་ཆ་མངོན་གསལ་དོད་པོ་ཐོན་མེད། བདེ་ཆེན་རུ་ཁག་གིས་མཐོ་སྒང་གི་ལེགས་ཆ་སྤྱད་དེ་འཕྲོག་རེས་རྒྱག   ཝུན་ཧྲན་རུ་ཁག་གིས་ངང་རྒྱུད་རིང་པོས་བརྒྱུད་འདྲེན་བྱས་པ་བརྒྱུད་གོ་སྐབས་བཙལ་བ་རེད། ཕྱོགས་གཉིས་ཀས་ཕར་རྒོལ་བྱས་མོད འོན་ཀྱང་སྤོ་ལོ་བླུག་མ་ཐུབ འགྲན་བསྡུར་སྟོད་མའི་བསྡུར་གྲངས་ནི་0:0ཡིན། 
 
图片
图片 
    མུ་མཐུད་འགྲན་བསྡུར་བྱས་ནས།  རུ་ཁག་གཉིས་ཀྱིས་དུས་ཐོག་ཏུ་འཐབ་རྩལ་ལེགས་སྒྲིག་བྱས་ཏེ། འགྲན་བསྡུར་ཛ་དྲག་བྱས་ནས།  ཕར་རྒོལ་དང་འགོག་སྲུང་གི་གོམ་སྟབས་དམ་དུ་བཏང་།  རྒྱུན་ལྡན་གྱི་དུས་ཚོད་ནང་བསྡུར་གྲངས་སྔར་བཞིན་0:0 དུས་གསབ་སྐར་མ་3ནང་།  ཕྱོགས་གཉིས་ཀྱིས་འགྲན་བསྡུས་བྱས་ནས། མཐའ་མའི་བར་སྐར་གྲངས་སྒྱུར་ཐུབ་མེད་པས།  ཆད་གྲུག་འགྲན་བསྡུར་བྱ། 
 
图片
图片
  
    ཆད་གྲུག་འགྲན་བསྡུར་ཁྲོད།  ཝུན་ཧྲན་རུ་ཁག་གི་ནུས་པ་ཕུལ་དུ་བྱུང་བས་མཐར་5:3ཐོག་ནས་བདེ་ཆེན་རུ་ཁག་ལས་རྒྱལ། 
  
    འགྲན་བསྡུར་མཇུག་སྒྲིལ་རྗེས།  ཕྱོགས་གཉིས་ཀྱི་སྤོ་ལོ་རྒྱག་མཁན་ཚོས་ཕན་ཚུན་ལག་པ་གཏོང་རེས་དང་འཚམས་འདྲི་བྱས་ཏེམཛའ་གྲོགས་ཨང་དང་པོ་དང་འགྲན་བསྡུར་ཨང་གཉིས་པའི་ལུས་རྩལ་དར་སྲོལ་མངོན་པར་བྱས།  ཐེངས་འདིའི་འགྲན་བསྡུར་གྱིས་ས་གནས་གཉིས་ཀྱི་ལྟད་མོ་བར་ངོ་མཚར་ཆེ་བའི་མཐོ་སྒང་གི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཞིག་སྟོན་པ་མ་ཟད།   བདེ་ཆེན་དང་ཝུན་ཧྲན་བར་གྱི་ལུས་རྩལ་རིག་གནས་སྤེལ་རེས་བྱས་པར་སྔར་བས་སྐུལ་འདེད་གཏོང་ 
图片

འགན་འཁུར་རྩོམ་སྒྲིག་པ།:此里追格

  • བདེ་ཆེན་གསར་འགྱུར།

ལུའོ་ཁྲའོ་ཧྥེང་གིས་རུ་ཁག་ཁྲིད་དེ་ཡུན་ནན་སློབ་ཆེན་དུ་ཕེབས་ནས་སློབ་གྲྭ་དང་ས་གནས་བར་གྱི་མཉམ་ལས་དོན་དག་ལ་འབྲེལ་མཐུད་བྱས།

ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ།

ཁུན་མིང་དང་བདེ་ཆེན་གྱིས་མཛའ་མཐུན་མཉམ་ལས་ཀྱི་ཚོགས་འདུ་འཚོགས།

བདེ་ཆེན་ཁུལ་གྱི་ཏང་སྲིད་འཐུས་མི་ཚོགས་པ་ཆུས་ཅིང་གྲོང་ཁྱེར་དུ་ཕེབས་ནས་ཁ་གཏད་རོགས་སྐྱོར་ལས་དོན་ཐད་ཚུར་ལན་བཅར་འདྲི་བྱས།

བདེ་ཆེན་སེམས་ཀྱི་ཉི་ཟླའི་ལྔ་བའི་རྟ་རྒྱུག་འགྲན་བསྡུར་ཚོགས་ལ་ཉེ།

བདེ་ཆེན་གྱི་རྒྱུགས་སྤྲོད་སློབ་མ་1883ད་ལོའི་མཐོ་རྒྱུགས་ལ་ཞུགས།

ལུའོ་ཁྲའོ་ཧྥེང་གིས་མཐོ་རྒྱུགས་ཀྱི་གྲ་སྒྲིག་ལས་དོན་ལ་ཞིབ་བཤེར་དང་མཛུབ་ཁྲིད་གནང་སྐབས་ནན་པོ་དང་ཞིབ་ཚགས། ཆད་བཤེར་ཆད་གསབ་བཅས་བྱས་ཏེ་མཐོ་རྒྱུགས་བརྟན་ལ་བདེ་འཇགས་དང་གོ་རིམ་ལྡན་པ་ཡོང་བའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

ཁུལ་ཨུའི་རྒྱུན་ཨུ་སྐབས་དགུ་པས་གྲོས་ཚོགས་ཐེངས་158པ་འཚོགས།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com