སྐབས་དགུ་པའི་ཁུལ་ཨུའི་རྒྱུན་ཨུས་གྲོས་ཚོགས་ཐེངས་151པ་འཚོགས།

ཟླ3པའི་ཚེས13ཉིན།སྐབས་དགུ་པའི་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་151འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་གྲོས་ཚོགས།ཡིག་ཆའི་དགོངས་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་ནན་ཏན་བྱས་ཏེ་རང་ཁུལ་གྱི་ལག་བསྟར་བསམ་འཆར་བཏོན་པ་རེད།
ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་ཚོགས་འདུ་གཙོ་སྐྱོང་གནང་།
ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་ཡོངས་སུ་ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་རྒྱུའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ་ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་དང་བསྟུན་ནས“ཏང་བཙུགས་པ་ནི་སྤྱི་དོན། ཚན་རིག་ལྟར་གྲོས་ཐག་གཅོད་པ།དངོས་འཛིན་དོན་གཉེར”བཅས་ཀྱི་སྤྱིའི་བླང་བྱ་དམ་འཛིན་བྱས་ནས་བརྟག་དཔྱད་དང་བཅོས་སྒྱུར་གཞི་གཅིག་གིས་སྐུལ་སྤེལ་དང་། ཕྱོགས་ཡོངས་ནས་སློབ་སྦྱོང་དང་དཔྱད་གླེང་དོན་འཁྱོལ། གནད་དོན་ཞིབ་བཤེར་གསལ་སྟོན། དག་ཐེར་ཡོ་བསྲང་དང་བཅོས་སྐྱོང་། སྒྲིག་སྲོལ་དང་ལམ་ལུགས་འཛུགས་པ། སྒོ་འབྱེད་སློབ་གསོ་སོགས་ཀྱི་ལས་ཀའི་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་སློབ་སྦྱོང་དང་སློབ་གསོ་གོ་རིམ་ལྡན་པའི་ངང་ནས་སྐུལ་འདེད་གཏོང་དགོས། ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་རིང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་བདེ་ཐང་བདེ་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས་ཞེས་ནན་བཤད་གནང་བ་རེད། གྲོས་ཚོགས་ཐོག་བླང་བྱ་བཏོན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་《བདེན་འཚོལ》དུས་དེབ་ཐོག་སྤེལ་བའི་《འགན་འཁུར་འདོད་པ་དང་། འགན་འཁུར་ཕོད་པ། འགན་འཁུར་མཁས་པ་བཅས་ཀྱི་སྲོལ་བཟང་ཆགས་པར་བྱ་དགོས》ཞེས་པའི་རྩོམ་ཡིག་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ་དང་།སྤྱོད་ཚུལ་གསར་བརྗེའི་ཕན་ནུས་གསར་བརྗེ་མཐོར་འདེགས་ཀྱི་བྱ་སྤྱོད་དང་ཟུང་འབྲེལ་བྱས་ཏེ།རིམ་པ་ཁག་གི་ཏང་ཡོན་འགོ་ཁྲིད་ལས་བྱེད་པར་འགན་འཁྲི་ཧུར་ཐག་འཁུར་བར་ཁྲིད་སྟོན་བྱ་དགོས།
ཚོགས་འདུའི་ཐོག་ཀྲུང་དབྱང་དང་ཞིང་ཨུའི་འབྲེལ་ཡོད་ཚོགས་འདུའི་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཏེ་སྐབས་བརྗེའི་ལས་དོན་གྱི་སྒྲིག་ཁྲིམས་ལག་བསྟར་ནན་པོ་བྱས་ནས་སྐབས་བརྗེའི་སྤྱོད་བཟང་གཞུང་དྲང་འགན་ལེན་བྱེད་དགོས་པའི་ནན་བཤད་བྱས་པ་རེད།གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་ནན་ཏན་ངང་ཡག་པོ་སྒྲུབ་པ་དང་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་གྱི་ལས་འགན་སྒྲུབ་ཚུལ་གསལ་ཞུའི་དཔྱད་ཞིབ་དཔྱད་མོལ་གྱི་ཚུར་ལན་བསམ་འཆར་དག་ཐེར་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཏན་ཏིག་བྱེད་དགོས།རྩོམ་རིག་སྒྱུ་རྩལ་གསར་རྩོམ་བྱེད་ཤུགས་ཆེ་རུ་བཏང་ནས་ཁུལ་ཡོངས་ཀྱི་རིག་རྩལ་བྱ་གཞག་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་དགོས་པར་བསྟན་ཡོད།
ཚོགས་འདུའི་ཐོག་ཧྲུའུ་ཅི་ཝང་ཉིང་གིས་ཞིང་ཆེན་ཡོངས་ཀྱི་ནར་མ་སོན་པའི་མིའི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་ལས་དོན་གྱི་མཆན་འགོད་མཛུབ་སྟོན་དང་དེ་བཞིན་ཞིང་ཆེན་ཡོངས་ཀྱི་བཞུགས་མོལ་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཏེ་ནར་མ་སོན་པའི་མིའི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་ལས་ཀའི་འགན་འཁྲི་ནན་དུ་གཏོང་བ་དང་གཙོ་གནད་ལས་འགན་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ཏེ་ནར་མ་སོན་པའི་མིའི་ཁྲིམས་མཐུན་ཁེ་དབང་དང་ཚེ་སྲོག་བདེ་འཇགས་ལ་སྲུང་སྐྱོང་ཏན་ཏིག་བྱེད་དགོས།
ཚོགས་འདུའི་ཐོག་ཞིང་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུན་མིང་གྲོང་ཨུའི་ཧྲུའུ་ཅི་ལིའུ་ཧུང་ཅན་གྱིས་བདེ་ཆེན་དུ་བརྟག་ཞིབ་གནང་བའི་ལས་ཀའི་བླང་བྱ་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ནས“སྔོན་འགོག”གི་རང་འགུལ་དམག་འཐབ་དང“ཐག་གཅོད”ཀྱི་གྲ་སྒྲིག་དམག་འཐབ་མཐའ་གཅིག་ཏུ་ཡག་པོ་བརྒྱབ་སྟེ་སྤྱི་ཚོགས་ཁྱོན་ཡོངས་ཞི་མཐུན་བརྟན་ལྷིང་ཡོང་རྒྱུར་སྲུང་སྐྱོང་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། ཁུན་མིང་དང་བདེ་ཆེན་གཉིས་ཀྱི་མཛའ་མཐུན་མཉམ་ལས་སྟེགས་བུ་བེད་སྤྱོད་ཡག་པོ་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་སུ་གཏོང་དགོས་པའི་བླང་བྱ་བཏོན།
ཚོགས་འདུའི་ཐོག་2026་ལོའི་ཞིང་ཆེན་གྱི་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ཆེད་དོན་ལས་ཀའི་ལམ་སྲོལ་གྱི་ཚོགས་འདུ་ཐེངས་དང་པོའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་།“ཁུར་པོ་ཡང་དུ་བཏང་ནས་ཕན་འབྲས་ཆེ་རུ་གཏོང་བའི”2026ལོའི་གཙོ་གནད་ལས་འགན་གྱི་གསལ་ཐོར་གྲོས་ཞིབ་བྱས་པ་དང་འབྲེལ་རྩ་དོན་ཐོག་མོས་མཐུན་བྱས་ཏེ་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་གྱིས་བསམ་བློའི་ངོས་འཛིན་ཡང་དག་ཡོང་བ་བྱས་ནས་ལོ་འཁོར་གྱི་ལས་ཀའི་ལས་འགན་ལ་དམ་འཛིན་ཏན་ཏིག་བྱེད་དགོས་པའི་ནན་བཤད་གནང་ཡོད།
ཚོགས་འདུའི་ཐོག་2025ལོ་འཁོར་གྱི་གྲོང་གསེབ་དར་རྒྱས་ཀྱི་གྲུབ་འབྲས་དངོས་ལ་དཔྱད་ཞིབ་བྱས་འབྲས་བརྡ་ཁྱབ་བཏང་བ་དང་དཔྱད་ཞིབ་ཚུར་ལན་གནད་དོན་དག་ཐེར་ཇུས་གཞི་དང་ཁུལ་ཨུའི་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་བའི་འགན་འཁྲིའི་བསམ་པ་དང་དགོས་གཏུགས་ཀྱི་བསམ་པ་ཆེ་རུ་གཏོང་བ་དང་ལས་དོན་ཁག་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱས་ཏེ་ནུས་ཤུགས་ཡོད་རྒུས“ལོ་ལྔ་ཚན་བཅོ་ལྔ་པ”དང་།“ཞིང་གསུམ”ལས་དོན་གྱི་འགོ་ཡག་པོ་ཞིག་འཛུགས་དགོས་པའི་བླང་བྱ་བཏོན།
ཚོགས་འདུའི་ཐོག《གྲོང་ཚོའི་སྐོར་ཞིབ་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》ལ་སློབ་སྦྱོང་ནན་ཏན་བྱས་ཏེ2025་ལོའི་སྐོར་ཞིབ་ལས་དོན་གྱི་གནས་ཚུལ་དང་རེས་སྐོར་བཅུ་གཉིས་པའི་སྐོར་ཞིབ་དག་ཐེར་དོན་འཁྱོལ་ལ་ལྟ་སྐུལ་ཞིབ་བཤེར་བྱས་ཚུལ་གྱི་སྙན་ཞུ་ཉན་པ་དང་། ཁུལ་ཨུའི་2026ལོའི་སྐོར་ཞིབ་ལས་ཀའི་གཙོ་གནད་ལ་གྲོས་ཞིབ་བྱས་ཏེ་ཆབ་སྲིད་སྐོར་ཞིབ་མངོན་གསལ་དོད་པོ་ཡོང་བར་བྱས་ནས“རྩོམ་ཡིག་ཕྱི་མ”དག་ཐེར་ཏན་ཏིག་བྱས་ཏེ་ལྟ་སྐུལ་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་སྐོར་ཞིབ་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་པའི་ནན་བཤད་གནང་བ་རེད།
- བདེ་ཆེན་གསར་འགྱུར།
ཀྲང་ཝེ་ཏུང་གིས་རུ་སྣེ་ཁྲིད་དེ་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ལས་དོན་ལ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་བ།
ཁུལ་མི་དམངས་སྲིད་གཞུང་སྐབས་བཅུ་བཞི་བའི་ཏང་ཙུའུ་ཡིས་གྲོས་ཚོགས་ཐེངས་77པ་བསྡུས་པ།
ལུའོ་ཁྲའོ་ཧྥེང་གིས་“བློ་སྦྱོང”ལས་གྲྭར་སྐུལ་འདེད་གཏོང་བའི་གནས་ཚུལ་ལ་བརྟག་ཞིབ་གནང་སྐབས་འགན་འཁྲི་དང་ལས་འགན་ལ་དམིགས་ནས་རྩ་བ་བརྟན་སྲུང་དང་གསར་གཏོད་མཐའ་འཁྱོངས་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལག་ལེན་ལ་སྐུལ་འདེད་གཏོང་ཆེད་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས་པའི་ནན་བཤད་གནང་བ།
ཁུལ་ཨུས་ཆེད་དོན་ཚོགས་འདུ་འཚོགས་ནས་ཁུལ་ཡོངས་ཀྱི་གྲོང་གསེབ་ཐུན་མོང་གི་“མ་དངུལ་དང་རྒྱུ་ནོར།ཐོན་ཁུངས”ཀྱི་ཆེད་དོན་ལས་དོན་ལ་ཞིབ་འཇུག་བྱས།
ཁུལ་ཡོངས་ཀྱི་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་ལ་གཅིག་སྡུད་བཅོས་སྐྱོང་བྱེད་པའི་ལས་དོན་གྱི་སྐུལ་འདེད་ཚོགས་འདུ་འཚོགས་པ།
ཁུལ་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་བཀོད་གཏོང་ཚོགས་འདུའི་ཐོག་ཚད་གཞིའི་ཧེ་བག་ལ་གཞིགས་ནས་དཀའ་སེལ་འགག་སྒྲོལ་དང་སྔོན་དཔག་དམིགས་ཚད་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་དགོས་ཞེས་ནན་གྱིས་བསྟན།
འཇོལ་རྫོང་གི་རྒུན་འབྲུམ་ཆུང་ངུ་དེ་གྲོང་གསེབ་འཕེལ་རྒྱས་ཀྱི་ཐོན་ལས་གཙོ་རོ་ཞིག་ཏུ་གྱུར།
རང་ཁུལ་གྱིས་གྲོང་གསེབ་འཛུགས་སྐྲུན་དང་གྲོང་གསེབ་བཅོས་སྐྱོང་ལ་སྐུལ་འདེད་གཏོང་།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108