中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ཝང་ཡུས་པོ་ཡིས་བདེ་ཆེན་དུ་སྒྲོག་འགྲེལ་གནང་བ་མ་ཟད་བརྟག་ཞིབ་གནང་།

ཁྱབ་བསྒྲགས་དུས་ཚོད་:2025-11-03 17:09:00 འབྱུང་ཁུངས་:སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

  ཟླ་10བའི་ཚེས་28ཉིན་ནས་ཚེས་31ཉིན་བར། ཞིང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་ཝང་ཡུས་པོ་ཡིས་བདེ་ཆེན་ཁུལ་དུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལ་སྒྲོག་འགྲེལ་གནང་བ་མ་ཟད་རྟོག་ཞིབ་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་བྱས་པ་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་འཐབ་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ་ཞིང་ཨུའི་བླང་བྱར་དོན་འཁྱོལ་བྱས་ཤིང་རྒྱུན་མཐུད་ནས་བརྟན་ལྷིང་དང་འཕེལ་རྒྱས། སྐྱེ་ཁམས། མཐའ་མཚམས་དྲག་པོ་བཅས་དོན་ཆེན་བཞི་ལ་དམ་འཛིན་ཡག་པོ་བྱེད་དགོས་ཞེས་ནན་གསུང་གནང་།

图片

  ཝང་ཡུས་པོ་སྔ་རྗེས་སུ་འཇོལ་རྫོང་གླེགས་བམ་གྲོང་གི་ཨ་ནམས་འགྲུབ་དང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་བྱང་སྒོ་སྡེ་ཁུལ་གྱི་ཝང་ཧྥ་ཀྲུང་གི་ཚང་དུ་ཕེབས་ནས་གཞི་རིམ་གྱི་ལས་བྱེད་མང་ཚོགས་ལ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་གནང་། ཁོ་ཡིས་ཚང་འཛོམས་གྲོས་ཚོགས་ཐོག་མི་དམངས་ཡོངས་ཐུན་མོང་ཐོག་ཕྱུག་པོ་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་དགོས་ཞེས་ནན་གསུང་གནང་། དུས་རབས་གསར་པ་ནས་བཟུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བྱམས་བརྩེའི་ཐུགས་ཁུར་དང་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག  མི་རིགས་ས་ཁུལ་དུ་ཉིན་རེ་བཞིན་འཕེལ་རྒྱས་འགྲོ་བཞིན་ཡོད། ཁྱིམ་ཚང་ཚང་མས་སྤྱི་ཁྱབ་ཧྲུའུ་ཅིའི་སྐུ་པར་བཀལ་ནས་དགའ་ཞེན་མཚོན་པར་བྱེད་པ་མཐོང་པས་ཝང་ཡུས་པོ་ཡིས་མི་དམངས་ཀྱི་འགོ་ཁྲིད་ཀྱིས་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་ཟབ་མོ་བྱེད་པ་དང་མི་རིགས་ཁག་གི་མི་དམངས་ཀྱིས་མི་དམངས་ཀྱི་འགོ་ཁྲིད་ལ་སྙིང་ཐག་པ་ནས་དགའ་ཞེན་བྱེད་ཀྱི་ཡོད། ཚང་མས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་དྲིན་དྲན་བ་དང་ཏང་གི་ཁ་ལ་ཉན་པ། ཏང་གི་རྗེས་སུ་འགྲོ་ནས་བརྩོན་འགྲུས་འབད་འཐབ་བྱེད་པའི་ཁྲོད་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་དགོས་ཞེས་གསུང་།

图片

    མཚོ་འཕགས་སྨི་བཞི་སྟོང་ཡོད་པའི་ན་ཅི་ལུའོ་རུ། ཝང་ཡུས་པོ་ཡིས་སྐྱེ་ཁམས་ཉམས་གསོ་བྱས་ཚུལ་ལ་ཞིབ་བཤེར་གནང་ནས་སྲུང་སྐྱོང་སྔོན་ལ་བཞག་པ་དང་ཚན་རིག་དང་མཐུན་པའི་འཆར་འགོད། ཁྲིམས་ལྟར་བེད་སྤྱོད་བཅས་རྒྱུན་འཁྱོངས་བྱེད་དགོས་ཞེས་ནན་གསུང་གནང་། གླེགས་བམ་གྲོང་ཚོ་དང་ཡེ་ཀྲི་སྡེ་བའི་ཁྱིམ། རྡོ་མཁར་རྫོང་བཅས་སུ་ཁོས་ས་ཆ་གཞན་གྱི་ཡུལ་སྐོར་བ་དང་ས་གནས་དེ་གའི་མང་ཚོགས་དང་སྤེལ་རེས་བྱས་ནས་འཕེལ་རྒྱས་དང་སྲུང་སྐྱོང་གཅིག་གྱུར་འཆར་འགོད་ཡག་པོ་བྱས་ཏེ་གྲོང་གསེབ་ཀྱི་རྣམ་པ་སོར་འཇོག་དང་དོ་དམ་ཚོད་འཛིན་བྱས་ནས་བཤིག་སྐྲུན་ཆེན་པོ་མི་བྱེད་ཅེས་ནན་གྱིས་བཏོན། པདྨ་རི་བོ་སྲུང་སྐྱོང་ཁུལ་གྱི་གནས་ཚུལ་ལ་རྟོག་ཞིང་གནང་སྐབས། ཁོ་ཡིས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལ་མུ་མཐུད་ནས་ཡག་པོ་བྱེད་དགོས་པའི་བླང་བྱ་བཏོན། ཁོས་ད་དུང་སྐབས་བསྟུན་བྱས་ཏེ་གྲོང་ཚོར་སྐྱོད་ནས་འཚོ་སྡོད་ཁོར་ཡུག་བཅོས་སྐྱོང་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་།

    ཝང་ཡུས་པོ་ཡིས་འཇོལ་རྫོང་གི་ཉེན་འགོག་གནས་སྤོ་རྣམ་གྲངས་ཀྱི་འཕེལ་རིམ་ལ་ཡུལ་དངོས་སུ་ལྟ་ཞིབ་གནང་བ་མ་ཟད། ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་བཀོད་སྒྲིག་ལས་དོན་ལ་ཞིབ་འཇུག་གནང་། ཁོས་བཀའ་དྲིན་དྲན་བ་དང་འབད་བརྩོན་བྱས་ཏེ་ཀུན་སྤྱོད་སྲིད་སྐྱོང་ལས་གྲྭ་དང་དམངས་འཚོ་ལས་གྲྭ། དམངས་སེམས་ལས་གྲྭ་བཅས་ཀྱི་རྣམ་གྲངས་འདི་ལག་བསྟར་ཡག་པོ་བྱས་ཤིང་། སྡོད་གནས་ཡོད་པ་དང་ལས་རིགས་ཡོད་ན་དར་རྒྱས་ཡོང་བ། ཡུལ་ལྗོངས་ཡག་པོ་ཡོད་ན་ལྟད་མོ་ལྟ་ཆོག་པ་བཅས་ཀྱི་རྫོང་གྲོང་མཛེས་ཤོས་ཤིག་སྐྲུན་དགོས་ཞེས་བཏོན།

    ཝང་ཡུས་པོ་ཡིས་བདེ་ཆེན་ཁུལ་གྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཡག་པོ་བྱ་རྒྱུ་དེ་མིག་སྔར་དང་སླད་ཕྱིན་དུས་སྐབས་ཤིག་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩི་དགོས་པ་དང་། སྐྱེ་ཁམས་སྔོན་ལ་འཛིན་པ་རྒྱུན་འཁྱོངས་དང་ས་ཁོངས་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་ལ་ཤུགས་ཆེན་གཏོང་། ལས་ཞུགས་ལས་གནས་གཏོད་དེ་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ཡོང་བར་སྐུལ་འདེད་གཏོང་དགོས། ཀྲུང་ཧྭ་མི་རིགས་ཀྱི་མཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་ནས་མི་རིགས་ཁག་གི་འགྲོ་འོང་སྤེལ་རེས་མཉམ་འདྲེས་ལ་སྐུལ་འདེད་གཏོང་ནས་ཆབ་སྲིད་བརྟན་ལྷིང་དང་སྤྱི་ཚོགས་བརྟན་པོ། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན་བཅས་རྒྱུན་འཁྱོངས་བྱ་དགོས་ཞེས་ནན་གསུང་གནང་།

    ཝང་ཞན་ཀང་དང་ཅང་ཧྲན་རྟོག་ཞིབ་ནང་ཞུགས།

责任编辑:拉茸初姆 仁欠才让

  • བདེ་ཆེན་གསར་འགྱུར།

ཀྲང་ཝེ་ཏུང་གིས་རུ་སྣེ་ཁྲིད་དེ་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ལས་དོན་ལ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་བ།

ཁུལ་མི་དམངས་སྲིད་གཞུང་སྐབས་བཅུ་བཞི་བའི་ཏང་ཙུའུ་ཡིས་གྲོས་ཚོགས་ཐེངས་77པ་བསྡུས་པ།

ལུའོ་ཁྲའོ་ཧྥེང་གིས་“བློ་སྦྱོང”ལས་གྲྭར་སྐུལ་འདེད་གཏོང་བའི་གནས་ཚུལ་ལ་བརྟག་ཞིབ་གནང་སྐབས་འགན་འཁྲི་དང་ལས་འགན་ལ་དམིགས་ནས་རྩ་བ་བརྟན་སྲུང་དང་གསར་གཏོད་མཐའ་འཁྱོངས་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལག་ལེན་ལ་སྐུལ་འདེད་གཏོང་ཆེད་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས་པའི་ནན་བཤད་གནང་བ།

ཁུལ་ཨུས་ཆེད་དོན་ཚོགས་འདུ་འཚོགས་ནས་ཁུལ་ཡོངས་ཀྱི་གྲོང་གསེབ་ཐུན་མོང་གི་“མ་དངུལ་དང་རྒྱུ་ནོར།ཐོན་ཁུངས”ཀྱི་ཆེད་དོན་ལས་དོན་ལ་ཞིབ་འཇུག་བྱས།

ཁུལ་ཡོངས་ཀྱི་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་ལ་གཅིག་སྡུད་བཅོས་སྐྱོང་བྱེད་པའི་ལས་དོན་གྱི་སྐུལ་འདེད་ཚོགས་འདུ་འཚོགས་པ།

ཁུལ་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་བཀོད་གཏོང་ཚོགས་འདུའི་ཐོག་ཚད་གཞིའི་ཧེ་བག་ལ་གཞིགས་ནས་དཀའ་སེལ་འགག་སྒྲོལ་དང་སྔོན་དཔག་དམིགས་ཚད་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་དགོས་ཞེས་ནན་གྱིས་བསྟན།

འཇོལ་རྫོང་གི་རྒུན་འབྲུམ་ཆུང་ངུ་དེ་གྲོང་གསེབ་འཕེལ་རྒྱས་ཀྱི་ཐོན་ལས་གཙོ་རོ་ཞིག་ཏུ་གྱུར།

རང་ཁུལ་གྱིས་གྲོང་གསེབ་འཛུགས་སྐྲུན་དང་གྲོང་གསེབ་བཅོས་སྐྱོང་ལ་སྐུལ་འདེད་གཏོང་།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com