ལུའོ་ཁྲའོ་ཧྥེང་གིས་“མི་བྱེད་པ་བཞི་དང་ཐད་སྐྱོད་གཉིས་”ཀྱི་བྱེད་ཐབས་ལ་བརྟེན་ནས་བརྟན་བརླིང་སྲུང་སྐྱོང་གི་ཆེད་དོན་ལས་ཀར་བརྟག་ཞིབ་གནང་བ་མ་ཟད་བཀོད་གཏོང་ཚོགས་འདུ་འཚོགས།

ཟླ་3ཚེས་14ཉིན། ཁུལ་ཨུ་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས“མི་བྱེད་པ་བཞི་དང་ཐད་སྐྱོད་གཉིས”ཀྱི་བྱེད་ཐབས་ལ་བརྟེན་ནས་སྔ་རྗེས་སུ་ཁུལ་སྤྱི་བདེ་ཅུས་དང་ཁུལ་ཨུའི་དྲ་འཕྲིན་གཞུང་དོན་ཁང་། ཡུན་ནན་ཞིང་ཆེན་རླུང་འཕྲིན་བརྙན་འཕྲིན་ཅུས་བདེ་ཆེན་ཚོད་ལྟ་ཁང་། བདེ་ཆེན་ཁུལ་རྒྱལ་ཁབ་སློབ་གསོ་རྒྱུགས་ལེན་ལས་དོན་བཀོད་འདོམས་ལྟེ་གནས་བཅས་སུ་བརྟག་ཞིབ་གནང་བ་མ་ཟད། བརྟན་བརླིང་སྲུང་སྐྱོང་གི་ཆེད་དོན་ལས་ཀའི་བཀོད་གཏོང་ཚོགས་འདུ་གཙོ་སྐྱོང་གནང་སྟེ་མིག་སྔར་དང་དུས་རིམ་རྗེས་མར་ཁུལ་ཡོངས་ཀྱི་བདེ་འཇགས་བརྟན་བརླིང་གི་ལས་དོན་ཁག་བཀོད་སྒྲིག་གནང་།
ཁུལ་ཨུ་ཧྲུའུ་ཅི་གཞོན་པ་ཀྲུའུ་པའོ་ཧྥུ་ཚོགས་འདུར་ཞུགས།
ཁུལ་སྤྱི་བདེ་ཅུས་དང་ཁུལ་ཨུའི་དྲ་འཕྲིན་གཞུང་དོན་ཁང་། བདེ་ཆེན་ཚོད་ལྟ་ཁང་བཅས་སུ་ལུའོ་ཁྲའོ་ཧྥེང་གིས་ཡུལ་དངོས་སུ་ལས་རེས་བརྟན་སྲུང་དང་འཕྲལ་སྡོམ་ཐག་གཅོད། དྲ་རྒྱའི་བདེ་འཇགས། གླེང་ཕྱོགས་ཁྲིད་སྟོན་སོགས་ལས་དོན་གནས་ཚུལ་ལ་གཟིགས་ཞིབ་གནང་བ་མ་ཟད། ཉེན་ཁ་སྔོན་འགོག་དང་མངོན་མེད་རྐྱེན་ངན་གྲལ་བཤེར། མཉམ་འགུལ་ཐག་གཅོད་སོགས་ཀྱི་ལམ་སྲོལ་འཁོར་རྒྱུག་བྱེད་ཚུལ་རྒྱུས་ལོན་ཞིབ་ཕྲ་གནང་། ཁོང་གིས། ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་དང་། མཐའ་ཚད་འཛིན་སེམས་བྱེད་ཤུགས་ཆེ་རུ་གཏོང་བ། ཉེན་ཁ་སྣ་ཚོགས་སྔོན་འགོག་ཐག་གཅོད་ནན་མོ་བྱེད་པ། བདེ་འཇགས་དང་བརྟན་བརླིང་གི་འགོག་སྲུང་འཛིང་རགས་བརྟན་པོར་འཛུགས་པ། ནུས་ཤུགས་ཡོད་རྒུས་གངས་ལྗོངས་མཐོ་སྒང་གི་དུས་བདེ་ཞི་མཐུན་ལ་སྲུང་སྐྱོང་གང་ཐུབ་བྱེད་དགོས་ཞེས་ནན་གསུང་གནང་།
ཁུལ་རྒྱལ་ཁབ་སློབ་གསོའི་རྒྱུགས་ལེན་ལས་དོན་བཀོད་འདོམས་ལྟེ་གནས་སུ། ལུའོ་ཁྲའོ་ཧྥེང་གིས་ཡུན་ནན་ཞིང་ཆེན་གྱི་2026ལོའི་ལོ་འཁོར་གྱི་རྒྱུགས་ལེན་གཞུང་ཞབས་པ་བསྡུ་བའི་ཡིག་རྒྱུགས་བདེ་ཆེན་རྒྱུགས་ཁུལ་གྱི་ལས་དོན་ལ་ཞིབ་བཤེར་མཛུབ་ཁྲིད་གནང་། ཁོང་གིས། རྒྱུགས་ལེན་ལས་དོན་གྱི་ལམ་ལུགས་ཁག་དོན་འཁྱོལ་ནན་པོ་དང་ཞིབ་ཚགས་བྱས་ནས། རྒྱུགས་ལེན་གྱི་སྒྲིག་ཁྲིམས་ནན་པོ་སྲུང་བ་དང་བདེ་འཇགས་ཀྱི་འགག་སྒོ་ནན་པོ་བསྲུངས་ཏེ། ནུས་ཤུགས་ཡོད་རྒུས་དྲང་སྙོམས་དྲང་གཞག་དང་བདེ་འཇགས་གོ་རིམ་ལྡན་པའི་རྒྱུགས་ལེན་ཁོར་ཡུག་བཞེངས་སྐྲུན་བྱས་ཏེ། གཞུང་ཞབས་པའི་ཡིག་རྒྱུགས་ལས་དོན་བརྟན་པོ་དང་བདེ་བླག་ངང་ལེགས་སྒྲུབ་བྱེད་པར་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན།
དེའི་རྗེས་སུ། ལུའོ་ཁྲའོ་ཧྥེང་གིས་བརྟན་བརླིང་སྲུང་སྐྱོང་གི་ཆེད་དོན་ལས་ཀའི་བཀོད་གཏོང་ཚོགས་འདུ་གཙོ་སྐྱོང་གནང་ནས། རྫོང་དང་གྲོང་ཁྱེར་གསུམ་དང་དེ་བཞིན་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་ལས་དོན་གནས་ཚུལ་གྱི་སྙན་ཞུ་གསན་རྗེས། ཁོང་གིས། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་བསྟར་གཏིང་ཟབ་བྱས་ཏེ། ཕྱོགས་ཁག་གི་འགན་འཁྲི་ནན་དུ་གཏོང་བ་དང་། སྡེ་ཚན་མཉམ་སྒྲུབ་མཉམ་འགུལ་ལ་ཤུགས་སྣོན་རྒྱག་པ། འགན་འཁྲི་ནན་པོ་འཁུར་བ་བཅས་ཀྱི་ཐོག་ནས་ལས་འགན་ཁག་དམ་འཛིན་ཞིབ་ཚགས་བྱས་ཏེ། ནུས་ཤུགས་ཡོད་རྒུས་ཁུལ་ཡོངས་ཀྱི་ཆབ་སྲིད་བདེ་འཇགས་དང་སྤྱི་ཚོགས་བརྟན་བརླིང་། མི་དམངས་བདེ་འཇགས་བཅས་ལ་སྲུང་སྐྱོང་བྱེད་དགོས། ངོས་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་དང་མིག་སྔར་གྱི་བརྟན་བརླིང་སྲུང་སྐྱོང་གི་ལས་ཀ་ཡག་པོ་སྒྲུབ་པའི་གལ་ཆེའི་རང་བཞིན་ངོས་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས། བདེ་འཇགས་བརྟན་བརླིང་གི་རྩ་བ་དེ་དམ་པོར་འཛིན་དགོས། ཐབས་ལམ་སྣ་མང་ཅན་དུ་གཏོང་སྟེ། ཆེད་ལས་སྡེ་ཚན་དང་གཞི་རིམ་རྩ་འཛུགས། དྲ་མིག་ཅན་སོགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། ཆ་འཕྲིན་བསྡུ་རུབ་དང་ཞིབ་དཔྱད་ཀྱི་ཐབས་ལམ་རྒྱ་སྐྱེད་གཏོང་བ། ཉེན་ཁ་དང་མངོན་མེད་རྐྱེན་ངན་སྣ་ཚོགས་དུས་ཐོག་ཏུ་གྲལ་བཤེར་ཐག་གཅོད་བྱེད་པ། སྔོན་ལ་འགོ་འཛུགས་པ་དང་རང་འགུལ་ངང་ཐག་གཅོད་བྱེད་དགོས། གྲ་སྒྲིག་ཐད་ཞིབ་ཚགས་ཅན་ཡོང་བ་བྱས་ནས་ཕྱོགས་ཁག་གི་སྟོབས་ཤུགས་བསྡུ་སྒྲིལ་གྱིས་ལས་ཀའི་མཉམ་ཤུགས་ཆགས་དགོས། ཐག་གཅོད་ཐད་ནུས་པ་ཆེ་རུ་གཏོང་སྟེ། མྱུར་དུ་བརྡ་ལན་སྤྲོད་པ་དང་མགྱོགས་དུ་ཞིབ་དཔྱད་བྱེད་པ། མྱུར་དུ་ཐག་གཅོད་བྱེད་པ་བཅས་ཀྱི་ལམ་སྲོལ་ཆེ་རུ་བཏང་ནས། བརྒྱུད་རིམ་སྟབས་བདེར་གཏོང་བ་དང་ཕན་ནུས་ཆེ་རུ་གཏོང་བ་བཅས་བྱས་ནས་ཉེན་ཁ་དང་མངོན་མེད་རྐྱེན་ངན་སྣ་ཚོགས་སྔ་ཙམ་ཤེས་རྟོགས་ཐུབ་པ་དང་ཆུང་ཙམ་ནས་སེལ་ཐུབ་པར་འགན་ལེན་བྱེད་དགོས། བཀོད་འདོམས་ཐད་སྙོམས་ངོས་ཅན་དུ་འགྱུར་བ་བྱས་ཏེ། སྙོམས་ངོས་ཅན་དུ་འགྱུར་བའི་བཀོད་འདོམས་མ་ལག་སྔར་ལས་འཛུགས་པ་དང་འཐུས་ཚང་དུ་བཏང་ནས། རིམ་པ་ཉུང་དུ་གཏོང་བ་དང་འགན་འཁྲི་དོན་འཁྱོལ་བྱེད་དེ། གཅིག་གྱུར་མཐུན་སྦྱོར་དང་ཡུལ་དངོས་ཀྱི་ཐག་གཅོད་ནུས་པ་ཆེ་རུ་གཏོང་བ་བཅས་བྱེད་དགོས་ཞེས་ནན་གསུང་གནང་།
ཚོགས་འདུ་དེ་བརྙན་ལམ་བརྒྱུད་རྫོང་དང་གྲོང་ཁྱེར་ཁག་ཏུ་འཚོགས། ལེའོ་ཝུན་ཚའེ་དང་ལུའུ་ཀྲེ་ཅུན། ཞུང་ཝུན་པིན། པའོ་ཡུས་ཏུང་། མོང་གོ་པིན། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་ཚོགས་ར་གཙོ་བོར་ཞུགས། ཧོང་ལུང་ཤིན་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཡན་ལག་ཚོགས་རར་ཞུགས།
责任编辑:才让东周
- བདེ་ཆེན་གསར་འགྱུར།
ཀྲང་ཝེ་ཏུང་གིས་རུ་སྣེ་ཁྲིད་དེ་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ལས་དོན་ལ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་བ།
ཁུལ་མི་དམངས་སྲིད་གཞུང་སྐབས་བཅུ་བཞི་བའི་ཏང་ཙུའུ་ཡིས་གྲོས་ཚོགས་ཐེངས་77པ་བསྡུས་པ།
ལུའོ་ཁྲའོ་ཧྥེང་གིས་“བློ་སྦྱོང”ལས་གྲྭར་སྐུལ་འདེད་གཏོང་བའི་གནས་ཚུལ་ལ་བརྟག་ཞིབ་གནང་སྐབས་འགན་འཁྲི་དང་ལས་འགན་ལ་དམིགས་ནས་རྩ་བ་བརྟན་སྲུང་དང་གསར་གཏོད་མཐའ་འཁྱོངས་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལག་ལེན་ལ་སྐུལ་འདེད་གཏོང་ཆེད་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས་པའི་ནན་བཤད་གནང་བ།
ཁུལ་ཨུས་ཆེད་དོན་ཚོགས་འདུ་འཚོགས་ནས་ཁུལ་ཡོངས་ཀྱི་གྲོང་གསེབ་ཐུན་མོང་གི་“མ་དངུལ་དང་རྒྱུ་ནོར།ཐོན་ཁུངས”ཀྱི་ཆེད་དོན་ལས་དོན་ལ་ཞིབ་འཇུག་བྱས།
ཁུལ་ཡོངས་ཀྱི་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་ལ་གཅིག་སྡུད་བཅོས་སྐྱོང་བྱེད་པའི་ལས་དོན་གྱི་སྐུལ་འདེད་ཚོགས་འདུ་འཚོགས་པ།
ཁུལ་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་བཀོད་གཏོང་ཚོགས་འདུའི་ཐོག་ཚད་གཞིའི་ཧེ་བག་ལ་གཞིགས་ནས་དཀའ་སེལ་འགག་སྒྲོལ་དང་སྔོན་དཔག་དམིགས་ཚད་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་དགོས་ཞེས་ནན་གྱིས་བསྟན།
འཇོལ་རྫོང་གི་རྒུན་འབྲུམ་ཆུང་ངུ་དེ་གྲོང་གསེབ་འཕེལ་རྒྱས་ཀྱི་ཐོན་ལས་གཙོ་རོ་ཞིག་ཏུ་གྱུར།
རང་ཁུལ་གྱིས་གྲོང་གསེབ་འཛུགས་སྐྲུན་དང་གྲོང་གསེབ་བཅོས་སྐྱོང་ལ་སྐུལ་འདེད་གཏོང་།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108