[ངའི་འགན་སྒྲུབ་ཀྱི་གཏམ་རྒྱུད།] རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཡུས་ཧྥེ་ཞ་ཡིས་དམངས་ཀྱི་འདོད་བློ་ཚོགས་འདུ་གཉིས་ལ་བསྐྱལ་ནས་དངོས་སྒྲུབ་ལ་བརྟེན་ཏེ་གྲོང་གསེབ་ལ་བཀྲགས་མདངས་བསྣན་པ།
ལུགས་རྙིང་ལོའི་ཟླ་དང་པོའི་ཚེས་བརྒྱད་ཀྱི་ཞོགས་པར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའམ་འབའ་ལུང་རྫོང་ཡུལ་སྐོར་གསར་སྤེལ་མ་འཇོག་ཚད་ཡོད་འགན་འཁྲི་ཀུང་སིའི་ལས་བཟོ་བ་ཡུས་ཧྥེ་ཞ་འབའ་ལུང་རྫོང་པའོ་ཧོ་གྲོང་རྡལ་ལན་ཡུང་གྲོང་ཚོའི་ཡུང་ཅི་གྲོང་མིའི་ཚོ་ཆུང་གི་གྲོང་མི་ཨ་ཅག་ལེ་ཚང་གི་སྒོ་ར་ཆུང་ཆུང་དུ་བསྐྱོད་དེ་ཁ་བརྡ་གློད་བཞིན་ཡོད། མར་བསྡད་མ་ཐག་ཨ་ཅག་ལེ་ལགས་ཀྱིས“ད་ཆ་གྲོང་ཚོའི་ནང་གད་སྙིགས་བླུགས་སྣོད་མང་དུ་ཕྱིན་པ་དང་དབོར་འདྲེན་ཡང་དུས་ཐོག་ཏུ་བྱེད་ཀྱི་ཡོད་པས་ཉིན་ལྟར་གད་སྙིགས་དབོར་མཁན་རླངས་འཁོར་གྱིས་གད་སྙིགས་དབོར་གྱི་ཡོད”ཅེས་བཤད་བྱུང་། ཡུས་ཧྥེ་ཞ་ཡིས་ཟིན་བྲིས་དེབ་བླངས་ནས་ནན་ཏན་གྱིས་ཟིན་ཐོ་བཀོད་དེ་དུས་ངེས་མེད་དུ་གཙང་འདྲེན་ཐེངས་མང་བྱས་པ་དང་རྒན་རྒོན་དང་ཕྲུ་གུས་གད་སྙིགས་བླུགས་ན་སྟབས་བདེ་ཡོད་མེད་སོགས་ཀྱི་གནད་དོན་འདྲི་རྩད་བྱས་པ་རེད། ཁོ་མོས་སྒོ་རའི་འགྲམ་དང་། སྲང་ལམ། ཡུར་བུ་བཅས་བརྒྱུད་ནས་འགྲོ་ཞོར་དུ་ཡར་བལྟ་མར་བལྟ་དང་། མང་ཚོགས་ཀྱི་སེམས་མི་སྐྱིད་པའི་དོན་དག་རྩ་བ་དང་སེམས་ལ་བཟུང་ཡོད། རྣམ་པ་དེ་ནི་ཡུས་ཧྥེ་ཞ་ཡིས་འཐབ་ས་དང་པོར་གཞི་ཚུགས་པ་དང་དམངས་ཀྱི་འདོད་བློ་ཉན་པའི་གསོན་ཉམས་དོད་པའི་བསྡུས་རིས་ཤིག་རེད།
2023 ལོར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་བདམས་ཐོན་བྱུང་བ་ནས་བཟུང་ཡུས་ཧྥེ་ཞ་ཡིས་ཐོག་མཐའ་བར་གསུམ་དུ “ མི་དམངས་ཀྱིས་ང་འཐུས་མིར་བདམས་པ་དང་། ང་འཐུས་མི་བྱེད་པ་ནི་མི་དམངས་ཀྱི་ཆེད་དུ་ཡིན”ཞེས་པ་སེམས་ལ་བརྟན་པོར་ངེས་པ་དང་ལག་ལེན་ཐོག་འཁྱོལ་བ། ཁོང་མོ་གཞི་རིམ་དུ་བསྐྱོད་པ་དང་ཞིང་པའི་ཁྱིམ་དུ་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་ཏེ་ཞིང་ནང་དང་མུ་ཁར་བསྐྱོད་རྒྱུ་དེ་འགན་སྒྲུབ་སློབ་ཁང་དུ་བརྩི་བ་དང་མང་ཚོགས་ཀྱི་འབོད་སྒྲ་དེ་བརྡ་རྟགས་ཨང་དང་པོར་བརྩི་གི་ཡོད། འདས་ཟིན་པའི་ལོ་ཤས་རིང་ཁོ་མོས་གྲོང་གསེབ་ཀྱི་གད་སྙིགས་བཅོས་སྐྱོང་དང་། མཛེས་སྡུག་ལྡན་པའི་ཆུ་བོ་དང་མཚེའུ་འཛུགས་སྐྲུན། སྐྱེ་ཁམས་སྲུང་སྐྱོང་སོགས་མང་ཚོགས་ཀྱིས་དོ་ཁུར་བྱེད་པར་དམིགས་ནས་ཞིང་དུད་ལ་བཅར་འདྲི་དང་གྲོས་འགོ་བརྒྱ་ཙམ་བསྡུ་རུབ་བྱས་ཏེ་འཐུས་མིའི་གྲོས་འགོ་ 20 གྲུབ་པ་དང་། མིག་མཐོང་ལག་ཟིན་ཐུབ་པའི་དམངས་འཚོའི་དོན་དངོས་ཁག་ཅིག་ཐག་གཅོད་བྱེད་པར་སྐུལ་འདེད་བཏང་ཡོད། 2024 ལོའི་བཅར་འདྲི་ཐེངས་ཤིག་བྱེད་རིང་ཡུས་ཧྥེ་ཞ་ཡིས་འབའ་ལུང་རྫོང་གི་གྲོང་མི་ཚོ་ཆུང་ཁ་ཤས་ཟླ་སྒྲིལ་བཏང་བའི་བྱིས་པའི་སློབ་ཁྲིད་ས་ཚིགས་ནང་ཕྲུ་གུ་ཚོ་ཉིན་གུང་ངལ་གསོ་རྒྱག་སྐབས་གྲང་ངར་ཆེ་བའི་སྒྲོག་ཙེའི་ཐོག་ལོག་ནས་ལུས་པོ་ཆུང་ཆུང་འཁུམ་བ་མཐོང་སྐབས་སྙིང་རྗེ་དགོས་པ་ཞིག་འདུག མོས་ཁ་པར་གྱིས་གནས་ཚུལ་དེ་པར་བླངས་ནས་རྣམ་པ་འདི་སེམས་ལ་བཟུང་ཡོད། དེ་རྗེས་ནོར་སྲིད་པུའི་ཚན་སློབ་དང་རིག་གནས་སི་ཡིས་སྒྲིག་འཛུགས་བྱས་པའི་བརྟག་ཞིབ་བཞུགས་མོལ་ཚོགས་འདུའི་ཐོག་ཁོ་མོས་དེ་དཔེར་བཞག་ནས་ཐབས་འདོན་ཇུས་འདོན་ཧུར་ཐག་བྱས་པ་དང་འབྲེལ་ཡོད་སྡེ་ཚན་གྱི་སྐུལ་འདེད་འོག་སློབ་ཁྲིད་ས་ཚིགས་སུ་ཉལ་ཁྲི་དང་སློབ་ཆས་མགྱོགས་མྱུར་བཀོད་སྒྲིག་བྱས་ཡོད། 2025 ལོའི་དཔྱིད་དུས་ཀྱི་སློབ་འགོ་ཚུགས་པ་དང་འབའ་ལུང་རྫོང་གི་གྲོང་གསེབ་ཀྱི་བྱིས་པའི་སློབ་ཁྲིད་ས་ཚིགས་ 14 ཡི་ཕྲུ་གུ་ཚོས་ཉལ་ཁྲི་གསར་པ་སྤྱོད་ཐུབ་པ་བྱུང་ནས་ཉིན་གུང་གཉིད་ཉལ་རྒྱུར་འགན་ལེན་བྱུང་ཡོད”། དོན་དག་འདི་གླེང་དུས་ཡུས་ཧྥེ་ཞ་ཡིས་སྔར་བཞིན་སེམས་འགུལ་ཐེབས་བཞིན་ཡོད། འགན་འཁྲི་བསྒྲུབས་པའི་ཚུན་དུ་ཁོང་ལ་གྲོས་འགོའི་ལན་མང་པོ་འབྱོར་ཡང་དྲོ་སྐྱིད་ལྡན་པའི “ བྱ་བ་ཆུང་ཆུང”དེ་ཐོག་མཐའ་བར་གསུམ་དུ་ཁོ་མོས་བརྗེད་ཐབས་བྲལ།


འགན་འཁུར་རྩོམ་སྒྲིག་པ།:南珠泽仁
- བདེ་ཆེན་གསར་འགྱུར།
བསམ་བློའི་ཐུན་མོང་ངོས་འཛིན་གཅིག་ཏུ་སྒྲིལ་ནས་འཕེལ་རྒྱས་ཀྱི་འགན་འཁྲི་བློ་ཁོག་ཆེན་པོས་འཁུར། —ཞིང་ཨུ་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་དེ་བདེ་ཆེན་གྱི་ལས་བྱེད་ལས་བཟོའི་ཁྲོད་ཚུར་སྣང་དྲག་པོ་བྱུང་།
བདེ་ཆེན་ཁུལ་ཚད་མཐོའི་སྤུས་ལེགས་ཁུལ་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་ཐོན་པ།
《ཡུན་ནན་ཉིན་རེའི་ཚགས་པར་》གྱི་ཆེད་བརྗོད། ཡིད་ཆེས་སྲ་བརྟན་གྱིས་མུ་མཐུད་འབད་འཐབ་བྱས་ནས་ཡུན་ནན་གྱི་འཕེལ་རྒྱས་རྣམ་པ་གསར་པ་གཏོད།
སྐབས་དགུ་པའི་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་(རྒྱས་འཛོམས་)གྲོས་ཚོགས་ཐེངས་163པ་འཚོགས།
ཀྲུང་གུང་ཡུན་ནན་ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་ཁུན་མིང་དུ་འཚོགས། ཞིང་ཨུ་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་། ཞིང་ཨུའི་ཧྲུའུ་ཅི་ཝང་ཉིང་གིས་གསུང་བཤད་གནང་།
ལུའོ་ཁྲའོ་ཧྥེང་གིས་ཞབས་ཞུ་ལས་རིགས་འཕེལ་རྒྱས་འགྲོ་ཚུལ་ལ་བརྟག་ཞིབ་གནང་སྐབས་ཞབས་ཞུ་ལས་རིགས་ཀྱི་འཕེལ་རྒྱས་ལ་ཤུགས་ཆེན་གཏོང་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་།
ལུའོ་ཁྲའོ་ཧྥེང་གིས་ནགས་ཕག་མཚོར་བརྟག་ཞིབ་གནང་སྐབས་བློ་བརྟན་འགྱུར་མེད་ངང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་དམ་འཛིན་ནན་པོ་བྱས་ཏེ་ནུས་ཤུགས་ཡོད་རྒུས་ས་མཐོའི་འདམ་ར་ལ་སྲུང་སྐྱོང་བྱེད་དགོས་ཞེས་ནན་བཤད་གནང་།
ལུའོ་ཁྲའོ་ཧྥེང་གིས་འོག་རིམ་ཏང་རྩ་འཛུགས་ཀྱི་“འགོ་ཁྲིད་དང་པོར་”ལྟ་སྐུལ་དང་གླེང་མོལ་གནང་།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108