ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་གྱི་ཀྲུའུ་ཞི་ཁའོ་ཝུན་ཁྲུའེ་དང་ཚེ་གང་གི་མཚན་འཛིན་ཀྲུའུ་ཞི་པཱ་ཧོ་དང་མཇལ་འཛོམས་གནང་བ།

ཟླ་11ཚེས་9ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀོང་ཀྲོའུ་པའེ་ཡུན་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་སུ་ཀྲུང་གོར་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པའི་འགོ་ཚུགས་མཛད་སྒོར་ཕེབས་པའི་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་གྱི་ཀྲུའུ་ཞི་ཁའོ་ཝུན་ཁྲུའེ་དང་ཚེ་གང་གི་མཚན་འཛིན་ཀྲུའུ་ཞི་པཱ་ཧོ་དང་མཇལ་འཛོམས་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་ཀོང་ཀྲོའུ་ནས་ཟླ་11ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་9ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀོང་ཀྲོའུ་པའེ་ཡུན་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་སུ་ཀྲུང་གོར་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པའི་འགོ་ཚུགས་མཛད་སྒོར་ཕེབས་པའི་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་གྱི་ཀྲུའུ་ཞི་ཁའོ་ཝུན་ཁྲུའེ་དང་ཚེ་གང་གི་མཚན་འཛིན་ཀྲུའུ་ཞི་པཱ་ཧོ་དང་མཇལ་འཛོམས་གནང་བ་རེད།
ཞི་ཅིན་ཕིང་གིས་བསྟན་དོན། ཨོ་ལིམ་ཕིག་གི་སྙིང་སྟོབས་ནི་མིའི་རིགས་ཀྱི་ཤེས་དཔལ་གྱི་ནང་དོན་གལ་ཆེན་ཞིག་རེད། དེའི་ནང་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་དེ་བས་མཛེས་སྡུག་ལྡན་པའི་འཛམ་གླིང་འཛུགས་སྐྲུན་བྱེད་པའི་རེ་སྒུག་འདུས་ཡོད།
དེ་ནི་ཀྲུང་གོ་ཕྱོགས་ཀྱིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུཌ་པར་སྐུལ་འདེད་གཏོང་རྒྱུའི་འདུན་པ་དང་ཧ་ཅང་མཐུན་ཡོད། ཀྲུང་གོ་འདི་ཉིད་ཐོག་མཐའ་བར་གསུམ་དུ་ཨོ་ལིམ་ཕིག་གི་སྙིང་སྟོབས་ལག་ལེན་བསྟར་མཁན་དང་། སྲུང་སྐྱོང་བྱེད་མཁན། ཁྱབ་སྤེལ་གཏོང་མཁན་བཅས་ཡིན། ཉེ་བའི་ལོ་ཤས་རིང་། ཀྲུང་གོ་དང་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་གྱིས་ལུས་རྩལ་བྱ་གཞག་ལ་སྐུལ་འདེད་གཏོང་རིང་ཕན་ཚུན་རྒྱབ་སྐྱོར་བྱས་ཏེ། ལག་གདང་སྦྲེལ་ནས་དོན་ཆེན་དང་བྱ་བཟང་མང་པོ་བསྒྲུབས་ཡོད། ལོ་སྟོད་དུ་ང་ཚོས་གངས་འཁྱགས་ཀྱི་ཧར་པིན་དུ་ཨེ་ཤེ་ཡའི་དགུན་དུས་ཀྱི་འདུ་ཚོགས་གཟབ་རྒྱས་ཤིག་འཚོགས་པ་དང་། དེ་རིང་ཡང་ཀོང་ཀྲོའུ་རུ་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་གཉེར་བ་དེ་ཐོག་ནས་ཀྲུང་གོ་དང་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་དབར་མཛའ་མཐུན་གྱི་འབྲེལ་བ་ཟབ་མོ་ཡོད་པ་མཚོན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་གཉིས་པོའི་ཆུ་ཚད་མཐོ་བའི་མཉམ་ལས་མུ་མཐུད་གཏིང་ཟབ་ཏུ་བཏང་ནས་ལུས་རྩལ་གྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་ཨོ་ལིམ་ཕིག་ལུས་རྩལ་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་བཏང་སྟེ། གོ་ལ་ཧྲིལ་པོའི་ལུས་རྩལ་བཅོས་སྐྱོང་ལ་བློ་གྲོས་དང་སྟོབས་ཤུགས་དེ་བས་ཆེ་བ་ལེགས་སྐྱེས་འབུལ་འདོད་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་འདོད་ཡོད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ནི་ཀྲུང་གོའི་གཞི་རྒྱ་ཆེ་ཤོས་དང་ཆུ་ཚད་མཐོ་ཤོས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་ལུས་རྩལ་འགྲན་ཚོགས་ཤིག་ཡིན། སྐབས་འདིའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་དེ་ཀོང་ཏུང་དང་། ཤང་ཀང་། ཨའོ་མོན་བཅས་ས་ཁུལ་གསུམ་གྱིས་མཉམ་དུ་གཉེར་བཞིན་ཡོད། གཡོད་ཀང་ཨའོ་ཁུག་ཆེན་ཁུལ་ནི་ཀྲུང་གོའི་སྒོ་མོ་འབྱེད་རྒྱ་ཆེ་ཤོས་དང་དཔལ་འབྱོར་འཕེལ་ཤུགས་ཆེ་ཤོས་ཀྱི་ས་ཁོངས་གྲས་ཤིག་རེད། གཡོད་ཀང་ཨའོ་ཁུག་ཆེན་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་ཞེས་པ་ནི་ཀྲུང་གོའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པའི་འཐབ་ཇུས་ཀྱི་འདེགས་གནས་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སྣེ་ཁྲིད་ཁུལ་བཅས་གཏོད་དགོས་པ་དེ་རེད། སྐབས་འདིའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱིས་དུས་རབས་གསར་པའི་ཀྲུང་གོའི་ལུས་རྩལ་བྱ་གཞག་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་པར་བདེན་དཔང་བྱེད་ཐུབ་རྒྱུ་མ་ཟད། གཡོད་ཀང་ཨའོ་ཁུག་ཆེན་ཁུལ་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྣམ་པ་གསར་པའང་མཚོན་ཐུབ་རྒྱུའི་ཡིད་ཆེས་ཡོད།
ཁའོ་ཝུན་ཁྲུའེ་དང་པཱ་ཧོ་ཡིས། ཀོང་ཀྲོའུ་རུ་སླེབས་པས་ཧ་ཅང་དགའ་པོ་བྱུང་། གཡོད་ཀང་ཨའོ་ཁུག་ཆེན་ཁུལ་འཛུགས་སྐྲུན་ཁྲོད་ནས་ཀྲུང་གོའི་དེང་རབས་ཅན་འཛུགས་སྐྲུན་གྱི་དབྱར་མཚོ་རྒྱས་པ་ལྟར་གྱི་གསོན་ཤུགས་དང་གྲུབ་འབྲས་རླབས་པོ་ཆེ་ཚོར་བྱུང་། ཀྲུང་གོས་ཨོ་ལིམ་ཕིག་གི་སྙིང་སྟོབས་ལག་ལེན་ཧུར་ཐག་བསྟར་ནས་རྒྱལ་སྤྱིའི་ཨོ་ལིམ་ཕིག་བྱ་གཞག་འཕེལ་རྒྱས་འགྲོ་བར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་གིས་ཀྲུང་གོས་དུས་ཡུན་རིང་པོའི་ནང་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཞུ་རྒྱུ་དང་འབྲེལ། ཀྲུང་གོ་དང་མཉམ་ལས་བྱ་རྒྱུར་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ་དང་། ཨོ་ལིམ་ཕིག་ལུས་རྩལ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་བ། ཨོ་ལིམ་ཕིག་གི་སྙིང་སྟོབས་འཛམ་གླིང་དུ་སྔར་བས་ཁྱབ་པར་བྱེད་པ། རྒྱལ་ཁབ་ཁག་གི་མི་དམངས་དབར་གྱི་མཐུན་སྒྲིལ་ཟབ་ཏུ་གཏོང་བ་བཅས་བྱས་ནས་འཛམ་གླིང་ཞི་བདེར་སྐུལ་འདེད་གཏོང་རྒྱུའི་རེ་སྒུག་ཀྱང་བྱེད་ཀྱི་ཡོད། ཀྲུང་གོའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་དེ་ངོ་མཚར་ཆེ་བའི་འདུ་ཚོགས་གཟབ་རྒྱས་ཤིག་ཏུ་གྱུར་ནས་ཀྲུང་གོའི་ལུས་རྩལ་བྱ་གཞག་ལ་འཕེལ་རྒྱས་གསར་པ་ཡོང་རྒྱུར་སྐུལ་འདེད་ཐེབས་ངེས་ཡིན་པའི་ཡིད་ཆེས་ཀྱང་ཡོད་ཅེས་གསུངས་པ་རེད།
责任编辑:此里追格
- བདེ་ཆེན་གསར་འགྱུར།
ཀྲང་ཝེ་ཏུང་གིས་རུ་སྣེ་ཁྲིད་དེ་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ལས་དོན་ལ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་བ།
ཁུལ་མི་དམངས་སྲིད་གཞུང་སྐབས་བཅུ་བཞི་བའི་ཏང་ཙུའུ་ཡིས་གྲོས་ཚོགས་ཐེངས་77པ་བསྡུས་པ།
ལུའོ་ཁྲའོ་ཧྥེང་གིས་“བློ་སྦྱོང”ལས་གྲྭར་སྐུལ་འདེད་གཏོང་བའི་གནས་ཚུལ་ལ་བརྟག་ཞིབ་གནང་སྐབས་འགན་འཁྲི་དང་ལས་འགན་ལ་དམིགས་ནས་རྩ་བ་བརྟན་སྲུང་དང་གསར་གཏོད་མཐའ་འཁྱོངས་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལག་ལེན་ལ་སྐུལ་འདེད་གཏོང་ཆེད་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས་པའི་ནན་བཤད་གནང་བ།
ཁུལ་ཨུས་ཆེད་དོན་ཚོགས་འདུ་འཚོགས་ནས་ཁུལ་ཡོངས་ཀྱི་གྲོང་གསེབ་ཐུན་མོང་གི་“མ་དངུལ་དང་རྒྱུ་ནོར།ཐོན་ཁུངས”ཀྱི་ཆེད་དོན་ལས་དོན་ལ་ཞིབ་འཇུག་བྱས།
ཁུལ་ཡོངས་ཀྱི་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་ལ་གཅིག་སྡུད་བཅོས་སྐྱོང་བྱེད་པའི་ལས་དོན་གྱི་སྐུལ་འདེད་ཚོགས་འདུ་འཚོགས་པ།
ཁུལ་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་བཀོད་གཏོང་ཚོགས་འདུའི་ཐོག་ཚད་གཞིའི་ཧེ་བག་ལ་གཞིགས་ནས་དཀའ་སེལ་འགག་སྒྲོལ་དང་སྔོན་དཔག་དམིགས་ཚད་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་དགོས་ཞེས་ནན་གྱིས་བསྟན།
འཇོལ་རྫོང་གི་རྒུན་འབྲུམ་ཆུང་ངུ་དེ་གྲོང་གསེབ་འཕེལ་རྒྱས་ཀྱི་ཐོན་ལས་གཙོ་རོ་ཞིག་ཏུ་གྱུར།
རང་ཁུལ་གྱིས་གྲོང་གསེབ་འཛུགས་སྐྲུན་དང་གྲོང་གསེབ་བཅོས་སྐྱོང་ལ་སྐུལ་འདེད་གཏོང་།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108