ཁུལ་སྲིད་གཞུང་གིས་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་གཅིག་བསྡུས་བཅོས་སྒྲིག་ལས་དོན་མུ་མཐུད་ཟབ་སྤེལ་བྱེད་པའི་སྐུལ་འདེད་ཚོགས་འདུ་འཚོགས།

ཟླ་3ཚེས་16ཉིན། ཁུལ་སྲིད་གཞུང་གི་ཏང་ཙུའི་ཧྲུའུ་ཅི། ཁུལ་དཔོན་ཀྲང་ཝེ་ཏུང་གི་མངགས་བཅོལ་ལྟར། ཁུལ་སྲིད་གཞུང་གི་རྒྱུན་ལས་ཁུལ་དཔོན་གཞོན་པ་དབྱང་ཞུའེ་ཝུན་གྱིས་ཁུལ་སྲིད་གཞུང་གིས་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་གཅིག་བསྡུས་བཅོས་སྒྲིག་ལས་དོན་མུ་མཐུད་ཟབ་སྤེལ་བྱེད་པའི་སྐུལ་འདེད་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས།
ཚོགས་འདུའི་ཐོག མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་བཅོས་སྒྲིག་བྱེད་པ་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གསུང་ཡང་ཡང་གནང་བའི་དོན་ཆེན་ཡིན་པ་མ་ཟད། ཏང་ཀྲུང་དབྱང་གིས་བཏོན་པའི་བཀོད་སྒྲིག་གལ་ཆེན་ཞིག་ཡིན། རིམ་པ་ཁག་དང་སྡེ་ཁག་སོ་སོས་ཆབ་སྲིད་ཀྱི་ཚུགས་གནས་སྔར་ལས་ཇེ་མཐོར་གཏོང་བ་དང་།རང་འགུལ་ངང་གཅིག་བསྡུས་བཅོས་སྒྲིག་ལས་དོན་དེ་གནས་བབ་མངོན་གསལ་ཅན་དུ་བཞག་སྟེ། མི་དམངས་ཀྱི་བློ་ཡིད་ཚིམ་ཚད་གཞིར་བཟུང་ནས། རྣམ་གྲངས་རེ་རེ་བཞིན་བཅོས་སྒྲིག་དང་ཁྱབ་ཁོངས་རེ་རེ་བཞིན་སྐུལ་འདེད་བཏང་སྟེ། ལས་དོན་ཁག་གི་ལས་འགན་དམ་འཛིན་དང་ཞིབ་ཕྲ་བཟོ་ནས།བྱ་སྤྱོད་དངོས་དང་དངོས་དོན་གྲུབ་འབྲས་ལ་བརྟེན་ནས་“གཏན་འཁེལ་གཉིས་”ལ་བརྩི་བཀུར་བྱེད་པ་དང་“སྲུང་སྐྱོང་གཉིས་”མཐའ་གཅིག་ཏུ་སྒྲུབ་ཐུབ་པ་བྱ་དགོས་ཞེས་བསྟན།
ཚོགས་འདུའི་ཐོག རིམ་པ་ཁག་དང་སྡེ་ཁག་སོ་སོས་ཁུལ་ཨུའི་བཀོད་སྒྲིག་ལྟར། “ཆེད་དོན་ཞིབ་འཇུག་ཐེངས་གཅིག་བྱེད་པ་དང་། བཀོད་གཏོང་སྐུལ་འདེད་ཐེངས་གཅིག་བྱེད་པ། ལས་འགན་གསལ་ཐོ་གཅིག་འཐུས་ཚང་དུ་གཏོང་བ། ལས་དོན་རྩིས་ཁྲ་ཆ་ཚང་གཅིག་འཛུགས་པ”བཅས“གཅིག་བཞི”ཡི་ལས་ཀའི་བླང་བྱ་དོན་འཁྱོལ་མགྱོགས་མྱུར་བྱས་ཏེ།རང་འགུལ་ངང་ཆབ་སྲིད་ཀྱི་འགན་འཁྲི་ནན་པོ་འཁུར་བ་དང་། རང་འགུལ་ངང་ལས་འགན་དང་ལེན་བྱེད་པ། ལས་ཀའི་ཇུས་གཞི་ཞིབ་ཚགས་དང་དོན་ཐོག་ཏུ་འཁྱོལ་ནས། རིམ་པ་གཅིག་གིས་རིམ་པ་གཅིག་དམ་འཛིན་བྱེད་པ་དང་རིམ་པ་རེ་རེ་བཞིན་དོན་འཁྱོལ་ལ་དམ་འཛིན་བྱེད་པ་བཅས་ཀྱི་ཐོག་ནས་མཉམ་དུ་དམ་འཛིན་དང་དོ་དམ་བྱེད་པའི་ལས་ཀའི་རྣམ་པ་ཞིག་ཆགས་པ་བྱ་དགོས། “མིག་མངས་འགྲིག་སྐོར་གཅིག”གི་བསམ་བློ་བརྟན་པོ་འཛུགས་པ་དང་། མཐུན་སྦྱོར་མཉམ་འགུལ་བྱེད་པར་ཤུགས་སྣོན་རྒྱག་ནས“རང་འགན་གཞན་དཀྲི་དང་འགན་འཁྲི་དོན་ཐོག་ཏུ་མི་འཁྱོལ་བའི”གནད་དོན་འབྱུང་བར་གཏན་འགོག་བྱས་ཏེ།བདེན་པ་བདེན་ཐུབ་ཀྱི་བཅོས་སྒྲིག་ཕན་འབྲས་ཀྱིས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བར་སྲུང་སྐྱོང་བྱ་དགོས་པའི་བླང་བྱ་བཏོན།
ཚོགས་འདུའི་ཐོག ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཁག་གིས་གཅིག་བསྡུས་བཅོས་སྒྲིག་ལས་དོན་ལ་སྐུལ་འདེད་བཏང་བའི་གནས་ཚུལ་སྙན་སེང་ཞུས།
- བདེ་ཆེན་གསར་འགྱུར།
དཔྱིད་དཔལ་ལ་རོལ་བ།
ལུའོ་ཁྲའོ་ཧྥེང་གིས་ཁུལ་ཡོངས་གྲོང་གསེབ་ཀྱི་བཙོག་ཆུ་གཙང་སེལ་ལས་དོན་ལ་བརྟག་ཞིབ་གནང་སྐབས་བྱ་ཐབས་དངོས་སྒྲུབ་ལ་བརྟེན་ནས་གྲོང་གསེབ་ཀྱི་བཙོག་ཆུ་གཙང་སེལ་ལ་ཕན་འབྲས་དངོས་ཐོན་པར་སྐུལ་འདེད་གཏོང་དགོས་ཞེས་ནན་གསུང་གནང་།
ཁུལ་ཨུ་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་2026ལོའི་གཅིག་སྡུད་སློབ་སྦྱོང་ཐེངས་བཞི་པ་དང་“བདེ་ཆེན་གྱི་སློབ་ཁང་ཆེན་མོའི་སློབ་ཁྲིད་གཉིས་པ་”སྤེལ།
ཀྲང་ཝེ་ཏུང་གིས་རུ་སྣེ་ཁྲིད་དེ་པེ་ཅིང་གྲོང་ཁྱེར་དུ་ཚོང་འགུགས་རྟོག་ཞིབ་གནང་བ།
བདེ་ཆེན་དུ་དམངས་ཆེན་གྱི་ལྟ་སྐུལ་འོག་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་པའི་གསང་སྤྱོད་ཀྱི་རྣམ་པ་གསར་པ་མངོན་ཡོད།
ལུའོ་ཁྲའོ་ཧྥེང་གིས་རྒན་གསོ་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་བརྟག་ཞིབ་གནང་།
དྭངས་གསལ་དུས་ཚིགས་ཀྱི་ངལ་གསོའི་རིང་རྡོ་མཁར་རྫོང་དུ་བོད་ཆས་ཡུལ་སྐོར་བས་དགའ་བསུ་ཆེན་པོ་ཐོབ་པ།
བདེ་ཆེན་ཁུལ་གྱིས་ཞིང་ཆེན་ཡོངས་ཀྱི་སྔོན་ལ DRG དངུལ་སྤྲོད་གཙང་རྩིས་བརྒྱབ་པ།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108