中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

གཏེར་མ་རོང་ཤང་གིས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་གཏོང་།

ཁྱབ་བསྒྲགས་དུས་ཚོད་:2026-03-17 15:31:38

སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གཏེར་མ་རོང་ཤང་གིས་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ནས་སྣེ་འདྲེན་ཁེ་ལས་ནང་འདྲེན་དང་མཉམ་ལས་བྱེད་སྟངས་གཏིང་ཟབ་ཏུ་བཏང་བ་བརྒྱུད། ཤིང་ཏོག་ལི་དང་། རྒུན་འབྲུམ། ནས་སོགས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་ནུས་ལྡན་གཏོང་བ།

ཤིང་ཏོག་ལིའི་ཐོན་ལས་ཐད། གཏེར་མ་རོང་ཤང་གིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་བསམ་དོན་གྲུབ་སྐྱེ་དངོས་ཐོན་ཁུངས་གསར་སྤེལ་ཚད་ཡོད་ཀུང་སི་ནང་འདྲེན་བྱས་ནས་རིམ་རྩིས་བྱས་ན་མ་དངུལ་སྒོར་ཁྲི་202བཏང་སྟེ་མཉམ་དུ་ཤིང་ཏོག་ལིའི་ལྡེ་གུ་རིགས་ཀྱི་ཐོན་རྫས་གསར་སྤེལ་བྱས། ལོ་8རིང་། ཀུང་སིས་རིམ་རྩིས་བྱས་ན་ཤིང་ཏོག་ལི་ཏུན་1100ལྷག་ཙམ་ཉོས་སྒྲུབ་བྱས་ནས་གྲོང་ཚོ་བཞིའི་མཉམ་སྡེབ་དཔལ་འབྱོར་ལ་འབབ་འཕར་སྒོར་ཁྲི་40ཡོང་རྒྱུར་སྐུལ་ཁྲིད་བྱས། དེའི་གནའ་བོའི་ཤིང་སྡོང་གི་ལིའི་ལྡེ་གུ་2020ལོར་རྒྱལ་ཡོངས་ཀྱི་དབུལ་སྐྱོར་ཐོན་རྫས་ཀྱི་དཀར་ཆག་ནང་ཚུད་ཡོད་པ་རེད།

རྒུན་འབྲུམ་ཐོན་ལས་ཐད། གཏེར་མ་རོང་ཤང་གིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཨ་རག་ལས་རིགས་མ་རྐང་ཚད་ཡོད་ཀུང་སི་དང་མཉམ་ལས་གཏིང་ཟབ་བྱས་ནས།“སྔོན་གྱི་ལོ་གསུམ་ལ་མཉམ་ལས་འདེབས་འཛུགས་བྱེད། འབྲས་བུ་བཏགས་རྗེས་བརྒྱུད་བཤུག་དོ་དམ་བྱེད་པའི”བྱེད་སྟངས་གསར་གཏོད་བྱས་ཏེ་སྣ་མང་འབབ་འཕར་གྱི་གྲོས་མཐུན་བཞག་པ། ཤང་ཡོངས་སུ་རྒུན་འབྲུམ་མུའུ་200བཏབ་པས་དུད་ཚང་325ཡི་མི་923ལ་ཕན་པ་ཐོབ་པ།དེའི་ནང་མུའུ་32.8ལ་ཆ་སྙོམས་འབབ་འཕར་སྒོར་5000ཡན་བྱུང་བ་དང་། 2026ལོར་མུའུ་200ཡི་ཡུག་འབྲེལ་ཚད་ལྡན་ཅན་གྱི་འདེབས་འཛུགས་རྟེན་གཞི་བསྐྲུན་རྩིས་ཡོད་པ་རེད།

ནས་ཀྱི་ཐོན་ལས་ཐད། གཏེར་མ་ཤང་གིས་འཇོལ་རྫོང་ཨ་ཆེན་མ་ཞིང་ལས་ཐོན་རྫས་གསར་སྤེལ་ཚད་ཡོད་ཀུང་སི་དང་མཉམ་ལས་གཏིང་ཟབ་བྱས་ཏེ་ཡོས་ཅིན་གྲོང་ཚོ་དང་ཤིན་ལན་གྲོང་ཚོའི་ཐོན་ལས་འཁོར་རྒྱུག་འཕེལ་རྒྱས་ཀྱི་མ་དངུལ་སྒོར་ཁྲི་56སྤྱི་འདོམས་བསྡུ་སྒྲིལ་བྱས་ནས་ཁེ་ལས་ཀྱི་ཐོན་ལས་འཁོར་སྦྲེལ་ཧྲིལ་པོའི་བཀོད་སྒྲིག་ནང་ནུས་ལྡན་ངང་བཅུག་ཡོད། ལོ་ཧྲིལ་པོར་ཀུང་སིས་རིམ་རྩིས་བྱས་ན་ནས་ཏུན་40ལྷག་ཙམ་ཉོ་སྒྲུབ་བྱས་པ་དང་ཞིང་དུད་122ལ་འབབ་འཕར་སྒོར་ཁྲི་38.2བྱུང་བར་སྐུལ་ཁྲིད་བྱས།

གཞན་ཡང་།ཁུལ་ཞིང་ལས་ཚན་རིག་ཁང་གི་རོགས་སྐྱོར་འོག གཏེར་མ་རོང་ཤང་གིས་འབྲེལ་ཡོད་ཁེ་ལས་དང་མཉམ་ལས་བྱས་ནས་སུར་པན་འདེབས་འཛུགས་རྟེན་གཞི་བསྐྲུན་པས་ལོ་ཧྲིལ་པོར་ཐོན་ཚད་ཏུན་201ཟིན་པ་དང་དུད་ཚང་266ལ་འབབ་འཕར་སྒོར་ཁྲི་100ཙམ་ཡོང་རྒྱུར་སྐུལ་ཁྲིད་བྱས་ཐུབ་པ་དང་། མངགས་ཐོའི་ཞིང་ལས་རྣམ་པ་བརྒྱུད་ཁྲོམ་རའི་ཉེན་ཁ་ཆུང་དུ་ནུས་ལྡན་གཏོང་བ།

ཐོན་ལས་ཀྱིས་སྐུལ་ཁྲིད་བྱས་པ་བརྒྱུད།  གཏེར་མ་རོང་ཤང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྒྱུན་ཆད་མེད་པར་སྟོབས་ཆེར་ཕྱིན་ནས་གྲོང་གསེབ་དར་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད།

  • བདེ་ཆེན་གསར་འགྱུར།

བདེ་ཆེན་ཁུལ་གྱི་ཏང་སྲིད་འཐུས་མི་ཚོགས་པ་ཧྲང་ཧའེ་གྲོང་ཁྱེར་པའོ་ཧྲན་ཆུས་སུ་བསྐྱོད་ནས་རོགས་སྐྱོར་ལས་དོན་འབྲེལ་མཐུད་བྱས་པ།

བདེ་ཆེན་ཁུལ་ཏང་སྲིད་འཐུས་མི་ཚོགས་པ་ཧྲང་ཧའེ་གྲོང་ཁྱེར་དབྱང་ཕུའུ་ཆུས་སུ་རོགས་སྐྱོར་ལས་དོན་འབྲེལ་མཐུད་བྱེད་པར་བསྐྱོད་པ།

དངོས་སྒྲུབ་ལ་བརྟེན་ནས་ཐོག་མའི་བསམ་འདུན་ལག་བསྟར་བྱེད་པ་དང་འབད་འཐབ་ལ་བརྟེན་ནས་དྲིས་ལན་བཏབ་པ། ——སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱིས་ཁུལ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ལ་ལྕག་སྐུལ་གནང་བ་རེད།

གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་གྱིས་དུས་རབས་ཀྱི་འགན་འཁྲི་ཕྲག་ཏུ་འཁུར། ——སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱིས་ཁུལ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ལ་ལྕག་སྐུལ་གནང་བ་རེད།

ལུའོ་ཁྲའོ་ཧྥེང་གིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཨ་པུའུ་ཅི་མཚོ་རུ་བརྟག་ཞིབ་གནང་སྐབས་ནན་གྱིས་བསྟན་དོན། སྐྱེ་ཁམས་བདེ་འཇགས་ཀྱི་མ་མཐའི་མཚམས་ཐིག་བརྟན་དུ་བཏང་ནས་གཉེར་སྐྱོང་དོ་དམ་ཚད་ལྡན་དུ་བཏང་སྟེ་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

ལུའོ་ཁྲའོ་ཧྥེང་གིས་བདེ་ཆེན་ཁུལ་སྤྱི་བདེ་ཅུས་སུ་བརྟག་ཞིབ་གནང་བ།

གཞི་རིམ་གྱི་དམག་འཐབ་མཁར་རྫོང་སྟོབས་ཆེར་བཏང་ནས་ཏང་ཡོན་གྱི་གདོང་ལེན་གྱི་མཐིལ་གསལ་པོ་ཕྱིས་ཏེ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་105་འཁོར་བའི་བདེ་ཆེན་ཁུལ་གྱི་“ཕུལ་བྱུང་གཉིས་དང་སྔོན་ཐོན་གཅིག་”གི་གཟེངས་བསྟོད་ཚོགས་ཆེན་གཟབ་རྒྱས་ངང་འཚོགས་པ།

བདེ་ཆེན་ཁུལ་གྱིས་“སྲོག་ཤིང་ལ་བརྩི་བཀུར། བློ་ཁ་པེ་ཅིང་ལ་གཏོད་”ཅེས་པའི་སྤྱོད་གཙང་རིག་གནས་འཆད་ཁྲིད་སྤེལ་བ།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com