中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

མི་དམངས་ཚོམས་ཆེན་ནང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་དུས་རབས་ཀྱི་འཆར་གཞི།

ཁྱབ་བསྒྲགས་དུས་ཚོད་:2026-03-17 15:39:51

མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ཀྱི་འཆར་ཟིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པར་གྲོས་ཞིབ་བྱ་རྒྱུར་ཕུལ་ཡོད། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་བཟོ་བ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བཀོད་སྒྲིག་གནང་བའི་ཆབ་སྲིད་ལས་འགན་དང་ཁྲིམས་འཛུགས་ལས་འགན་གལ་ཆེན་ཞིག་ཡིན་ཞིང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བའི་ཁྲིམས་སྐྱོང་གི་རྨང་གཞི་བརྟན་དུ་བཏང་བས། དེ་ནི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་རྗེས་ཐོག་མར་འཚོགས་པའི་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མི་རིགས་ཁག་མཉམ་དུ་མཐུན་སྒྲིལ་འབད་འཐབ་དང་མཉམ་དུ་དར་རྒྱས་གོང་འཕེལ་གཏོང་བའི་བརྗོད་དོན་གཙོ་བོ་ཁོང་དུ་བརྟན་པོ་ཆུད་པར་བྱས་ནས་མི་རིགས་ཁག་འཆམ་མཐུན་མཉམ་གནས་དང་། ཕྱར་བ་གྲུ་འདེགས། ཞི་མཐུན་འཕེལ་རྒྱས་བཅས་ཡོང་བར་སྐུལ་འདེད་གཏོང་དགོས”ཞེས་གསལ་སྟོན་གནང་ཡོད།

དུས་རབས་གསར་པར་སླེབས་ཚུན། གྲངས་ཉུང་མི་རིགས་ཀྱི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚོ་དང་བྱམས་བརྩེའི་སྤེལ་རེས་གནང་བ་ནས་གྲངས་ཉུང་མི་རིགས་རིགས་ཁོངས་ཀྱི་ཨུ་ཡོན་མཉམ་འབྲེལ་ཚོགས་ཆུང་གི་ཚོགས་འདུར་ཞུགས་ནས་ཞིབ་རྩིས་བསྐྱོན་པ་དང་ཇུས་ཆེན་འགོད་པའི་བར་སོགས། རྒྱལ་ཁབ་ཆེན་པོའི་གཙོ་འཛིན་གྱི་བརྩེ་སེམས་ཟབ་མོ་དང་མི་རིགས་ཁག་གི་མི་དམངས་ཀྱི་འབད་འབུངས་ཡར་ཐོན་གྱི་ཉམས་འགྱུར་བཟང་པོ་མི་དམངས་ཚོམས་ཆེན་ནང་མཉམ་འདྲེས་བྱུང་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་དུས་རབས་ཀྱི་འཆར་གཞི་མངོན་ཡོད།

མི་རིགས་མཐུན་སྒྲིལ་གྱི“སྲོག་ཐིག”གི་དོན་སྙིང་ནན་བཤད་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་མཐའ་འཁྱོངས་བྱེད་པ།

“བཀྲ་ཤིས་བདེ་ལེགས” བོད་ཀྱི་འཐུས་མིས་ཕུལ་བའི་མཇལ་དར་བཞེས་རྗེས། སྤྱི་ཁྱབ་ཧྲུའུ་ཅིས་བྱམས་བརྩེའི་ངང་བོད་སྐད་ཐོག་ནས་བཀྲ་ཤིས་སྨོན་འདུན་ཞུས། ཅང་ཤིས་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས། མི་རིགས་ཀྱི་གྱོན་ཆས་གྱོན་པའི་འཐུས་མི་ལན་ཉན་དབྱིང་ལ“ཁྱེད་རང་ཧྲེ་རིགས་རེད”ཅེས་གསུངས་པར་ཚོགས་རའི་ཕྱི་ནང་གི་ཡུལ་མི་སྤུན་ཟླ་ཚོས་དྲོ་སྐྱིད་ཟབ་མོ་ཚོར་ཡོད།

ཆ་སྒྲིག་གཉེན་འཚོལ་གནས་ཚུལ་སྐོར་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་། ཇ་སྟོན་ཚོགས་འདུའི་ཐོག་གྲངས་ཉུང་མི་རིགས་ཀྱི་འཐུས་མི་དང་ཨུ་ཡོན་རྣམ་པ་དང་དགའ་འཛོམས་གནང་བ་སོགས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མོལ་རེ་རེའི་ཁྲོད་དུ་བརྩེ་སེམས་ཟབ་མོས་ཁེངས་པ་དང་མཐུན་སྒྲིལ་འབད་འཐབ་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཡོད། “མི་རིགས་ཁག་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེན་མོའི་ནང་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་སྒྲིལ་བར་སྐུལ་འདེད་བཏང་ནས། མཉམ་དུ་རླབས་ཆེན་མེས་རྒྱལ་འཛུགས་སྐྲུན་དང་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་དགོས”

མི་རིགས་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་འཕེལ་བར་བྱས་ནས་གཅིག་མཐུན་ཚོགས་པའི་རྨང་གཞི་བརྟན་དུ་གཏོང་བ།

ལོ་བརྒྱད་ཀྱི་གོང་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་ནང་སོག་རང་སྐྱོང་ལྗོངས་ནས་འདེམས་ཤོག་ཆ་ཚང་ཐོབ་སྟེ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་འཐུས་མིར་བདམས་ཐོན་བྱུང་བ་རེད། ལོ་དེའི་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ནང་སོག་གི་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས“ང་རང་ནང་སོག་རང་སྐྱོང་ལྗོངས་སུ་འདེམས་བསྐོའི་ནང་ཞུགས་པ་ལས། ཏང་ཀྲུང་དབྱང་གིས་མི་རིགས་མཐའ་མཚམས་ས་ཁུལ་ལ་མཐོང་ཆེན་པོ་བྱེད་པ་དང་། དར་རྒྱས་འགྲོ་འགོར་བའི་ས་ཁུལ་འཕེལ་རྒྱས་ལ་སྐུལ་འདེད་གང་མགྱོགས་གཏོང་བ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་ཏང་ཀྲུང་དབྱང་གི་ཆོད་སེམས་མཚོན་ཡོད”ཅེས་གསུངས་ཏེ་ཐོག་མའི་ཐུགས་འདུན་ཁ་གསལ་བསྟན་གནང་བ་རེད།

མི་རིགས་ས་ཁུལ་གྱི་འཐུས་མི་དང་ཨུ་ཡོན་རྣམ་པ་དང་བྱམས་བརྩེའི་སྤེལ་རེས་ཐེངས་མང་གནང་བ་དང་། ཤིན་ཅང་གྲངས་ཉུང་མི་རིགས་ཀྱི་སློབ་མའི་ལས་ཞུགས་སྐོར་མཁྱེན་རྟོགས་གནང་བ། ཀན་སུའུ་ཀ་ཆུ་ཀྲོའུ་སོགས་མི་རིགས་ས་ཁུལ་གྱི་འགྲིམ་འགྲུལ་གནས་ཚུལ་ལ་དོ་ཁུར་གནང་བ། ཧུའུ་པེ་ཨེན་ཧྲི་ཀྲོའུ་གྲངས་ཉུང་མི་རིགས་ཀྱི་འཐུས་མིས་སེ་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བའི་གྲོས་འགོ་བཏོན་པར་དམིགས་ནས“ཐོན་ཁུངས་རྩ་ཆེན་དེ་བེད་སྤྱོད་ཡག་པོ་གཏོང་དགོས”ཞེས་མངགས་བཅོལ་ཟབ་མོ་གནང་བ་སོགས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རྩ་གཟིགས་ནད་བརྟག”གནད་སྨིན་གནང་ནས། མི་རིགས་ས་ཁུལ་ཁག་ལ་རང་ངོས་འཕེལ་རྒྱས་ཀྱི་ནུས་པ་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་ཞེས་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་གནང་བ་རེད།

མི་རིགས་མཐུན་སྒྲིལ་ཡར་ཐོན་ལམ་ལུགས་ཀྱི་སྲུང་བཅད་བརྟན་དུ་བཏང་སྟེ་མི་རིགས་བསྐྱར་དར་གྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་བ།

ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་ནི་ལྡོག་ཐབས་མེད་པ་ཞིག་རེད། མཐུན་སྒྲིལ་འབད་འཐབ་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས། མི་རིགས་ཁག་ཐུན་མོང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་ཆེད་འདེགས་སྐྱོར་དེ་བས་བརྟན་པོ་བྱེད་དགོས།

ལོ་བཅུ་ཡི་གོང་དང་ལོ་ལྔ་ཡི་གོང་དུ། “ལོ་ལྔ་ཚན་བཅུ་གསུམ་པ”དང“ལོ་ལྔ་ཚན་བཅུ་བཞི་པའི”འགོ་ཚུགས་གཉིས་ཀར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་ནས། མི་རིགས་ལས་དོན་ཐད་ཁག་སོ་སོར་མཛུབ་སྟོན་འདི་འདྲ་གནང་བ་སྟེ། ཁོང་གིས“མི་རིགས་ཁག་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེན་མོའི་ནང་སྤུན་ཉེ་འཆམ་མཐུན་དང་། ཕན་ཚུན་ལྟ་སྐྱོང་། མཐུན་སྒྲིལ་འཆམ་མཐུན། ཐུན་མོང་འཕེལ་རྒྱས་བཅས་ཡོང་བར་བྱེད་དགོས” “མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ། མི་རིགས་ས་ཁུལ་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། མི་རིགས་ཁག་གི་མང་ཚོགས་ལ་བྱ་བ་བཟང་པོ་སྒྲུབ་པ་དང་། བྱ་བ་དངོས་སྒྲུབ་པ། དཀའ་གནད་སེལ་བ་བཅས་བྱེད་དགོས”ཞེས་གསུངས་པ་རེད།

ད་ཆ། “ལོ་ལྔ་ཚན་བཅོ་ལྔ་པ”འགོ་ཚུགས་ཤིང་། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ནང“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བ”དེ་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཁྲིམས་སྐྱོང་འཛུགས་སྐྱོང་གི་གྲུབ་ཆ་གལ་ཆེན་ནང་འཇུག་རྒྱུ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ཀྱི་འཆར་ཟིན་གྲོས་ཞིབ་བྱེད་པར་འབུལ་རྒྱུའི་གྲོས་འགོ་བཏོན་པ་ལས་འགོ་ཚུགས་ལོའི་རྨང་གཞི་བརྟན་གཏོང་དང་རྩ་བ་བརྟན་འཛུགས་ཀྱི་བསམ་གཞིག་ཟབ་མོ་མཚོན་གྱི་ཡོད།

བསམ་བློའི་སྣེ་ཁྲིད་ནས་ལག་ལེན་གྱི་བཀོད་སྒྲིག་བར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་གོང་ནས་གོང་དུ་འཕེལ་བར་ཁྲིད་སྟོན་གང་ལེགས་གནང་བས། ཀྲུང་ཧྭ་ས་གཞི་ཆེན་མོར་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་ཞལ་ཁ་རབ་ཏུ་ཕྱེ་བཞིན་མཆིས། (ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་འབྱོར་བའི་གློག་འཕྲིན)

  • བདེ་ཆེན་གསར་འགྱུར།

ཀྲང་ཝེ་ཏུང་གིས་རུ་སྣེ་ཁྲིད་དེ་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ལས་དོན་ལ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་བ།

ཁུལ་མི་དམངས་སྲིད་གཞུང་སྐབས་བཅུ་བཞི་བའི་ཏང་ཙུའུ་ཡིས་གྲོས་ཚོགས་ཐེངས་77པ་བསྡུས་པ།

ལུའོ་ཁྲའོ་ཧྥེང་གིས་“བློ་སྦྱོང”ལས་གྲྭར་སྐུལ་འདེད་གཏོང་བའི་གནས་ཚུལ་ལ་བརྟག་ཞིབ་གནང་སྐབས་འགན་འཁྲི་དང་ལས་འགན་ལ་དམིགས་ནས་རྩ་བ་བརྟན་སྲུང་དང་གསར་གཏོད་མཐའ་འཁྱོངས་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལག་ལེན་ལ་སྐུལ་འདེད་གཏོང་ཆེད་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས་པའི་ནན་བཤད་གནང་བ།

ཁུལ་ཨུས་ཆེད་དོན་ཚོགས་འདུ་འཚོགས་ནས་ཁུལ་ཡོངས་ཀྱི་གྲོང་གསེབ་ཐུན་མོང་གི་“མ་དངུལ་དང་རྒྱུ་ནོར།ཐོན་ཁུངས”ཀྱི་ཆེད་དོན་ལས་དོན་ལ་ཞིབ་འཇུག་བྱས།

ཁུལ་ཡོངས་ཀྱི་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་ལ་གཅིག་སྡུད་བཅོས་སྐྱོང་བྱེད་པའི་ལས་དོན་གྱི་སྐུལ་འདེད་ཚོགས་འདུ་འཚོགས་པ།

ཁུལ་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་བཀོད་གཏོང་ཚོགས་འདུའི་ཐོག་ཚད་གཞིའི་ཧེ་བག་ལ་གཞིགས་ནས་དཀའ་སེལ་འགག་སྒྲོལ་དང་སྔོན་དཔག་དམིགས་ཚད་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་དགོས་ཞེས་ནན་གྱིས་བསྟན།

འཇོལ་རྫོང་གི་རྒུན་འབྲུམ་ཆུང་ངུ་དེ་གྲོང་གསེབ་འཕེལ་རྒྱས་ཀྱི་ཐོན་ལས་གཙོ་རོ་ཞིག་ཏུ་གྱུར།

རང་ཁུལ་གྱིས་གྲོང་གསེབ་འཛུགས་སྐྲུན་དང་གྲོང་གསེབ་བཅོས་སྐྱོང་ལ་སྐུལ་འདེད་གཏོང་།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com