ལུའོ་ཁྲའོ་ཧྥེང་གིས་གཞི་རིམ་གྱི་འཐབ་ཕྱོགས་དང་པོ་དང་དེ་བཞིན་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་དུ་བརྟག་ཞིབ་བྱེད་པར་སྐྱོད་སྐབས། གཞི་རིམ་གྱི་བཅོས་སྐྱོང་ནུས་པ་ཟམ་མི་ཆད་པར་ཆེ་རུ་བཏང་ནས་སྤྱི་ཚོགས་ཁྱོན་ཡོངས་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
ལུའོ་ཁྲའོ་ཧྥེང་དང་བཅས་པས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཉི་ཤར་ཤང་ཤིན་དབྱང་གྲོང་ཚོར་བརྟག་ཞིབ་གནང་བ།
ཟླ་3པའི་ཚེས་3ཉིན་ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་གཞི་རིམ་གྱི་འཐབ་ཕྱོགས་དང་པོ་དང་དེ་བཞིན་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་དུ་བརྟག་ཞིབ་བྱེད་པར་བསྐྱོད་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བའི་སྐོར་གྱི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲི་དང་ལས་འགན་མཐའ་གཅིག་ཏུ་འཁུར་བ་དང་། ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ལས་ཀའི་འགན་འཁྲི་ནན་དུ་གཏོང་བ། གཞི་རིམ་གྱི་བཅོས་སྐྱོང་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ་སྤྱི་ཚོགས་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་ཡོང་རྒྱུར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ནས་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་རྒྱལ་ཁའི་ངང་འཚོག་ཆེད་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས་ཞེས་ནན་བཤད་གནང་བ་རེད།
ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཀྲུའུ་པའོ་ཧྥུ་བརྟག་ཞིབ་ནང་ཞུགས་པ་རེད།

ལུའོ་ཁྲའོ་ཧྥེང་དང་བཅས་པས་ཉི་ཤར་ཤང་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་སུ་བརྟག་ཞིབ་གནང་བ།
ཉིན་དེར་ལུའོ་ཁྲའོ་ཧྥེང་ཉི་ཤར་ཐང་སྨད་གྲོང་ཚོ་དང་ཤིན་དབྱང་གྲོང་ཚོར་བསྐྱོད་དེ་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་དང་ཅི་འཕྲོས་མོལ་འཕྲོས་དང་འཕེལ་རྒྱས་ཀྱི་སྐོར་གླེང་ནས་གཞི་རིམ་བཅོས་སྐྱོང་དང་གྲོང་གསེབ་དར་རྒྱས་སོགས་ཀྱི་ལས་ཀའི་གནས་ཚུལ་ཤེས་རྟོགས་གཏིང་ཟབ་བྱས་པ་དང་། ཁུལ་དང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར། ཉི་ཤར་ཤང་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་སུ་ལས་དོན་མི་སྣ་དང་སྤེལ་རེས་གཏིང་ཟབ་བྱས་ཏེ་འགལ་ཟླ་དང་རྩོད་གཞི་སྣེ་མང་ཅན་གྱི་འགྲེལ་བཤད་དང་། དམིགས་བསལ་ཚོགས་སྤྱིའི་ཞབས་ཞུའི་དོ་དམ། གཙོ་གནད་ཆ་འཕྲིན་ཞིབ་འཇུག་བརྡར་གཅོད་སོགས་ཀྱི་ལས་ཀའི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་པ་དང་། ས་གནས་ས་ཐོག་ཏུ་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་གི་ཆ་འཕྲིན་མ་ལག་འཁོར་སྐྱོད་ཀྱི་འགྲེམས་སྟོན་ལ་གཟིགས་ཞིབ་གནང་བ་རེད། ཁུལ་ཨུ་དྲ་རྒྱའི་ཆ་འཕྲིན་གཞུང་དོན་ཁང་གིས་དྲ་རྒྱའི་གླེང་ཕྱོགས་ལྟ་ཞིབ་ཚད་ལེན་དང་། འཕྲལ་སྡོམ་ལས་རེས། དྲ་རྒྱའི་བདེ་འཇགས་འགོག་སྲུང་སོགས་ཀྱི་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།

ལུའོ་ཁྲའོ་ཧྥེང་དང་བཅས་པས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་སུ་བརྟག་ཞིབ་གནང་བ།
ལུའོ་ཁྲའོ་ཧྥེང་གིས་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་ཁྲིད་སྟོན་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཏང་གི་ཆབ་སྲིད་ཀྱི་ལེགས་ཆ་དང་རྩ་འཛུགས་ཀྱི་ལེགས་ཆ་དེ་བཅོས་སྐྱོང་ཕན་ནུས་སུ་འགྱུར་བ་བྱས་ཏེ་གཞི་རིམ་བཅོས་སྐྱོང་གི་ཕན་འབྲས་དེ་མང་ཚོགས་ཀྱི་འཛུམ་མདངས་ཐོག་ནས་མངོན་ཐུབ་པ་བྱེད་དགོས། ཁུལ་དང་རྫོང(གྲོང་ཁྱེར)དང་ཤང(གྲོང་རྡལ)བཅས་རིམ་གསུམ་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱིས་རང་འགན་རང་སྒྲུབ་བྱེད་དགོས་ལ་མཐུན་སྦྱོར་མཉམ་འགུལ་ཡང་བྱས་ཏེ་གནད་དོན་གྱི་འགལ་ཟླ་མངག་བཀོད་དང་། སྒྲུབ་སྐུལ། ཚུར་ལན་བཅས་ཀྱི་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་གནད་དོན་ཤེས་རྟོགས་བྱེད་པ་ནས་གནད་དོན་ཐག་གཅོད་བྱེད་པའི་ནུས་ཆེའི་ལྷུ་ཚིགས་སུ་འགྱུར་བ་བྱེད་དགོས། སྤྱི་ཚོགས་བཅོས་སྐྱོང་ཁྲོད་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་དངོས་འཐབ་ཅན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཆ་འཕྲིན་ལས་སྟེགས་ཀྱི་གྲངས་གཞིར་དབྱེ་ཞིབ་དང་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ། དུས་བཀག་ལྟར་འགལ་ཟླའི་རྩོད་གཞིའི་འཕེལ་ཕྱོགས་ལ་བརྡར་ཤ་གཅོད་པ། འབྱུང་རྩ་ནས་སྔོན་འགོག་བྱ་ཐབས་དོན་འཁྱོལ་བཅས་བྱེད་དགོས། སྤྱི་བདེ་དང་ཁྲིམས་ཁང་སོགས་སྡེ་ཁག་མང་པོས་མཉམ་འགུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མངོན་མེད་རྐྱེན་ངན་རྩད་ཞིབ་དང་སེལ་ཐབས་བྱེད་ཤུགས་ཆེ་རུ་བཏང་སྟེ། འགལ་བ་དང་རྩོད་གཞི་གཞི་རིམ་ནས་སེལ་གང་ཐུབ་དང་། མགོ་འབུས་མ་ཐག་པའི་དུས་ནས་སེལ་གང་ཐུབ་བྱ་དགོས་པའི་ནན་བཤད་གནང་བ་རེད།
ལུའོ་ཁྲའོ་ཧྥེང་གིས་དྲ་རྒྱའི་མང་ཚོགས་ཀྱི་གླེང་ཕྱོགས་ལ་ལྟ་ཞིབ་ཚད་ལེན་དང་བརྡར་ཤ་གཅོད་རྒྱུར་ཤུགས་སྣོན་བརྒྱབ་ནས་ཉེན་ཁ་སྣ་ཚོགས་ཀྱི་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་ཤེས་རྟོགས་དང་ཐག་གཅོད་འོས་འཚམ་བྱས་ཏེ་དྲ་རྒྱའི་དྲ་བ་བཅོས་སྐྱོང་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་དགོས། དྲ་ཐོག་མང་ཚོགས་ལམ་ཕྱོགས་ལག་བསྟར་ཡག་པོ་བྱེད་པ་དང་། དྲང་ཕྱོགས་ཀྱི་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ། དྲ་ཐོག་གི་དྲིལ་བསྒྲགས་བྱེད་སྟངས་གསར་གཏོད། བདེ་ཆེན་གྱི་གཏམ་རྒྱུད་ཡག་པོ་ཤོད་པ། བདེ་ཆེན་གྱི་སྐད་སྒྲ་བརྒྱུད་སྤེལ་བཅས་བྱེད་དགོས། དྲ་རྒྱའི་ཕྱོགས་བསྡུས་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་དྭངས་གཙང་གི་དྲ་རྒྱའི་བར་མཐོངས་བཏོད་དེ་ཁུལ་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དྲང་ནུས་ཆེན་པོ་གཅིག་ཏུ་སྒྲིལ་དགོས་པའི་ནན་བཤད་གནང་བ་རེད།
དེའི་རིང་ལུའོ་ཁྲའོ་ཧྥེང་གིས་ད་དུང་གྲོང་གསེབ་མཉམ་སྡེབ་ཀྱི་“མ་དངུལ་དང་། རྒྱུ་ནོར། ཐོན་ཁུངས་ ”དོ་དམ་ལས་དོན་ལ་བརྟག་ཞིབ་བྱས་ཤིང་། གྲོང་གསེབ་མཉམ་སྡེབ་ཀྱི་“མ་དངུལ་དང་། རྒྱུ་ནོར། ཐོན་ཁུངས་”དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཡུལ་བབ་དང་བསྟུན་ནས་གྲོང་གསེབ་ཀྱི་ཐོན་ཁུངས་གང་འགབ་ཅི་སྤྱོད། ཁྱད་ལྡན་ཐོན་ལས་རྒྱ་སྟོབས་ཆེ་རུ་གཏོང་བ། མཉམ་སྡེབ་དཔལ་འབྱོར་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བ། མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་འདེད་བཅས་བྱེད་དགོས་པའི་ནན་བཤད་བཤད་གནང་ཡོད།
ལིའོ་ཝུན་ཚའེ་དང་། ཧོང་ལུང་ཞིན། ཞུང་ཝུན་པིན་བཅས་བརྟག་ཞིབ་ནང་ཞུགས་པ་རེད།
责任编辑:南珠泽仁
- བདེ་ཆེན་གསར་འགྱུར།
དཔྱིད་དཔལ་ལ་རོལ་བ།
ལུའོ་ཁྲའོ་ཧྥེང་གིས་ཁུལ་ཡོངས་གྲོང་གསེབ་ཀྱི་བཙོག་ཆུ་གཙང་སེལ་ལས་དོན་ལ་བརྟག་ཞིབ་གནང་སྐབས་བྱ་ཐབས་དངོས་སྒྲུབ་ལ་བརྟེན་ནས་གྲོང་གསེབ་ཀྱི་བཙོག་ཆུ་གཙང་སེལ་ལ་ཕན་འབྲས་དངོས་ཐོན་པར་སྐུལ་འདེད་གཏོང་དགོས་ཞེས་ནན་གསུང་གནང་།
ཁུལ་ཨུ་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་2026ལོའི་གཅིག་སྡུད་སློབ་སྦྱོང་ཐེངས་བཞི་པ་དང་“བདེ་ཆེན་གྱི་སློབ་ཁང་ཆེན་མོའི་སློབ་ཁྲིད་གཉིས་པ་”སྤེལ།
ཀྲང་ཝེ་ཏུང་གིས་རུ་སྣེ་ཁྲིད་དེ་པེ་ཅིང་གྲོང་ཁྱེར་དུ་ཚོང་འགུགས་རྟོག་ཞིབ་གནང་བ།
བདེ་ཆེན་དུ་དམངས་ཆེན་གྱི་ལྟ་སྐུལ་འོག་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་པའི་གསང་སྤྱོད་ཀྱི་རྣམ་པ་གསར་པ་མངོན་ཡོད།
ལུའོ་ཁྲའོ་ཧྥེང་གིས་རྒན་གསོ་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་བརྟག་ཞིབ་གནང་།
དྭངས་གསལ་དུས་ཚིགས་ཀྱི་ངལ་གསོའི་རིང་རྡོ་མཁར་རྫོང་དུ་བོད་ཆས་ཡུལ་སྐོར་བས་དགའ་བསུ་ཆེན་པོ་ཐོབ་པ།
བདེ་ཆེན་ཁུལ་གྱིས་ཞིང་ཆེན་ཡོངས་ཀྱི་སྔོན་ལ DRG དངུལ་སྤྲོད་གཙང་རྩིས་བརྒྱབ་པ།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108