ནགས་ཕག་མཚོ་དང་ཁྲུང་ཁྲུང་སྐེ་ནག

ནགས་ཕག་མཚོ་ནི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་གྲོང་ཁུལ་ནུབ་བྱང་དུ་གནས་པ་དང་། དེ་ནི་ཡུན་ནན་ཞིང་ཆེན་གྱི་འཕྲེད་ཐིག་དམའ་ལ་ས་བབ་མཐོ་བའི་ས་ཁུལ་གྱི་ཚབ་མཚོན་རང་བཞིན་ཆེ་ཤོས་ལྡན་པའི་དུས་ཚིགས་རང་བཞིན་གྱི་ན་འདམ་ཞིག་ཡིན། ཆ་སྙོམས་ས་བབ་མཐོ་ཚད་སྨི་3366ཟིན། དེ་ནི་དུས་ཚིགས་རང་བཞིན་གྱི་མཚེའུ་ཡི་ཁོངས་སུ་གཏོགས་པ་དང་།དུས་བྱ་མང་པོ་གནས་སྤོ་དང་དགུན་སྒྲོལ་གྱི་བྱ་ཡུལ་ཞིག་རེད།ལོ་ལྟར་གྱི་སྟོན་དགུན་དུས་སུ་དུས་བྱ་ཁྲི་5ལྷག་ཙམ་དེ་གར་འཚོ་སྡོད་བྱེད་ཡོད་དེ་ཁྲུང་ཁྲུང་སྐེ་ནག་གི་གྲངས་འབོར་ཉིན་རེ་བཞིན་མང་དུ་ཕྱིན་ནས་ནགས་ཕག་མཚོའི་མཚོན་རྟགས་རང་བཞིན་གྱི་སྐྱེ་དངོས་རིགས་སུ་གྱུར་ཡོད།
ལོ་ལྟར་གྱི་ཟླ་10པའི་ཟླ་སྨད་ནས་ཕྱི་ལོའི་ཟླ་4པའི་བར་ཁྲུང་ཁྲུང་སྐེ་ནག་མཚོ་བོད་ས་མཐོའི་རྒྱུད་སྤེལ་བྱེད་ས་ནས་དེ་གར་འབྱོར་ཡོད།ནགས་ཕག་མཚོའི་འདམ་རའི་སྐྱེ་ཁམས་མ་ལག་གིས་ཁོང་ཚོར་དགུན་སྒྲོལ་བྱ་ཡུལ་དང་བཟའ་བཅའ་མཁོ་འདོན་བྱས་ཡོད།ཁྲུང་ཁྲུང་སྐེ་ནག་དང་བོད་རིགས་ལ་གཏམ་རྒྱུད་སྙན་མོ་ཞིག་ཡོད་དེ།གོ་ཐོས་སུ་གནའ་སྔ་མོ་ཞིག་ལ།ཁྲུང་ཁྲུང་སྐེ་ནག་གིས་རྟག་ཏུ་བོད་རིགས་མང་ཚོགས་ཀྱི་ཞིང་ཁར་ནས་རྐུ་བས་མི་རྣམས་ཀྱིས་ཁོང་ཁྲོ་ཆེན་པོ་བྱེད་ཡོད་དེ་རྙི་བཙུགས་བ། རྗེས་སུ་ཁྲུང་ཁྲུང་སྐེ་ནག་གིས་མིའི་རིགས་དང་གྲོས་མཐུན་བཞག་སྟེ་ནས་བཏབ་ནས་སྨིན་པའི་བར་མི་ཡོང་བ་དང་། ནས་བརྔ་བསྡུ་བྱས་རྗེས་སླར་ཡང་འཕུར་ཡོང་བ། སྐབས་དེར་བོད་རིགས་མང་ཚོགས་ཀྱིས་ཞིང་ནང་དུ་ནས་ཁག་གཅིག་གཏོར་ནས་ཁྲུང་ཁྲུང་སྐེ་ནག་ལ་སྟེར་བ།དུས་དེ་ནས་བཟུང་ཁྲུང་ཁྲུང་སྐེ་ནག་དང་ས་གནས་དེ་གའི་མི་རྣམས་ཞི་བདེ་མཉམ་གནས་བྱེད་ཡོད།

责任编辑:南珠泽仁
- བདེ་ཆེན་གསར་འགྱུར།
དཔྱིད་དཔལ་ལ་རོལ་བ།
ལུའོ་ཁྲའོ་ཧྥེང་གིས་ཁུལ་ཡོངས་གྲོང་གསེབ་ཀྱི་བཙོག་ཆུ་གཙང་སེལ་ལས་དོན་ལ་བརྟག་ཞིབ་གནང་སྐབས་བྱ་ཐབས་དངོས་སྒྲུབ་ལ་བརྟེན་ནས་གྲོང་གསེབ་ཀྱི་བཙོག་ཆུ་གཙང་སེལ་ལ་ཕན་འབྲས་དངོས་ཐོན་པར་སྐུལ་འདེད་གཏོང་དགོས་ཞེས་ནན་གསུང་གནང་།
ཁུལ་ཨུ་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་2026ལོའི་གཅིག་སྡུད་སློབ་སྦྱོང་ཐེངས་བཞི་པ་དང་“བདེ་ཆེན་གྱི་སློབ་ཁང་ཆེན་མོའི་སློབ་ཁྲིད་གཉིས་པ་”སྤེལ།
ཀྲང་ཝེ་ཏུང་གིས་རུ་སྣེ་ཁྲིད་དེ་པེ་ཅིང་གྲོང་ཁྱེར་དུ་ཚོང་འགུགས་རྟོག་ཞིབ་གནང་བ།
བདེ་ཆེན་དུ་དམངས་ཆེན་གྱི་ལྟ་སྐུལ་འོག་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་པའི་གསང་སྤྱོད་ཀྱི་རྣམ་པ་གསར་པ་མངོན་ཡོད།
ལུའོ་ཁྲའོ་ཧྥེང་གིས་རྒན་གསོ་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་བརྟག་ཞིབ་གནང་།
དྭངས་གསལ་དུས་ཚིགས་ཀྱི་ངལ་གསོའི་རིང་རྡོ་མཁར་རྫོང་དུ་བོད་ཆས་ཡུལ་སྐོར་བས་དགའ་བསུ་ཆེན་པོ་ཐོབ་པ།
བདེ་ཆེན་ཁུལ་གྱིས་ཞིང་ཆེན་ཡོངས་ཀྱི་སྔོན་ལ DRG དངུལ་སྤྲོད་གཙང་རྩིས་བརྒྱབ་པ།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108