中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ཀོང་རྩེད་ར་གྲོང་རྡལ་ལ་ལུང་གྲོང་ཚོས་ཏང་འཛུགས་སྐྱོང་གིས་ཐོན་ལས་འཕེལ་རྒྱས་སྣེ་ཁྲིད་བྱེད།

རྩོམ་པ་པོ་:杨秋霞 余红春 央金拉姆 戴严 汪晓洁 ཁྱབ་བསྒྲགས་དུས་ཚོད་:2025-11-26 15:30:28
图片
 
 
 

སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། འཇོལ་རྫོང་ཀོང་རྩེད་ར་གྲོང་རྡལ་ལ་ལུང་གྲོང་ཚོའི་ཧ་ཚང་གྲོང་མི་ཚོ་ཆུང་གི་གནས་སྤོ་དུད་ཚངབསོད་ནམས་སྒྲོལ་མས་པང་ཁེབས་བཅིང་ནས་ཙུའེ་ཧྲེང་མེང་ཆང་གཞིས་ཀྱི་ཐབ་ཚང་དུ་འཛུལ་རྗེས། ཇ་བསྲུབས་མའི་དྲི་ཞིམ་མྱུར་དུ་སྒོ་རའི་ནང་དུ་ཁྱབ། བཀོལ་སྤྱོད་སྟེགས་བུའི་ཐོག་གི་ཆུ་དྲེག་ཕྱིས་སྐབས་མོསཁང་པ་རྙིང་པ་སྟོང་པ་བཞག་ན་འཕྲོ་བརླག་རེད། ད་ལྟ་ལོ་རེར་ཁང་གླ་སྒོར་ཁྲི་2བསྡུ་ཐུབ་པ་མ་ཟད། ང་ལ་ད་དུང་ཟླ་རེར་གླ་ཕོགས་སྒོར་5000ལྷག་ཡོད་པས་འཚོ་བ་བརྟན་པོ་དང་དར་རྒྱས་ཆེན་པོ་ཡོདཅེས་བཤད།

   བསོད་ནམས་སྒྲོལ་མ་ལ་གླ་རིན་དང་གླ་ཕོགསགཉིས་ཀྱི་ཡོང་འབབ་ཡོད་པའི་ཆང་གཞིས་དེ་གློ་བུར་བྱུང་བ་ཞིག་མིན། ལ་ལུང་གྲོང་ཚོ་ནི་ལོ་རྒྱུས་ཐོག་གི་ཇ་རྟ་གནའ་ལམ་གྱི་མིད་པ་ལྟ་བུའི་ས་གནས་གལ་ཆེན་ཞིག་ཡིན་པའི་ངོས་ནས་ཉེ་བའི་ལོ་ཤས་རིང་ཐོག་མཐའ་བར་གསུམ་དུ་ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་བྱས་ནས་གྲོང་གསེབ་དར་རྒྱས་གཏོང་བའི་ཐབས་ལམ་གསར་པ་འཚོལ་ཞིབ་བྱས། 2018ལོར་གྲོང་ཚོས་ཏང་གི་སྤྱི་ཁྱབ་ཡན་ལག་གི་སྣེ་ཁྲིད་འོག་ལ་ལུང་ཧྲུའུ་ཨན་ཞིང་པའི་ཆེད་ལས་མཉམ་ལས་ཁང་དངོས་སུ་གྲུབ་པ་དང་ད་ཆ་གྲོང་ཚོ་ཡོངས་ཀྱི་དུད་ཚང་144ལ་ཁྱབ་ཡོད། ཙུའེ་ཧྲེང་མེང་ཆང་གཞིས་ནི་མཉམ་ལས་ཁང་གིས་སྣེ་ཁྲིད་ནས་བསྐྲུན་པའི་ཞིང་ལས་དང་ཡུལ་སྐོར་མཉམ་འབྲེལ་མཉམ་ལས་བྱེད་པའི་རྣམ་གྲངས་གྲས་ཤིག་ཡིན་ཏེ།  ཡུལ་མིའི་བེད་མེད་དུ་བཞག་པའི་སྲོལ་རྒྱུན་བོད་ཁང་རྙིང་པ་གཅིག་གྱུར་སྒྱུར་བཀོད་བྱས་ནས་བོད་རིགས་འཛུགས་སྐྲུན་གྱི་ཁྱད་ཆོས་སོར་འཇོག་བྱས་པ་མ་ཟད། དེར་རྒུན་ཆང་གི་གཞིས་ཀ་དང་དམངས་སྲོལ་གནས་ཚང་གི་བྱེད་ནུས་གསར་པ་ཡང་སྤྲད།
 
 
 
 
 
图片
 
 
 
 
 

ཆང་གཞིས་བརྟན་པོའི་ངང་འཕེལ་རྒྱས་གཏོང་ཆེད་གྲོང་ཚོས་ས་ཞིང་གླ་བར་མཐུན་སྦྱོར་དང་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་བཏང་བ་མ་ཟད། ད་དུང་མཉམ་ལས་ཁང་བརྒྱུད་ནས་ཡུལ་མི་ལ་རྩལ་ནུས་གསོ་སྦྱོང་བྱས། 2023ལོ་ནས་མིག་སྔའི་བར། བསོད་ནམས་སྒྲོལ་མས་ཆང་གཞིས་སུ་ཟ་མ་བཟོ་བ་དང་འཕྲོད་བསྟེན་གཙང་སྦྲ་བྱེད་པ་ནས་ཡུལ་སྐོར་བ་སྣེ་ལེན་བྱེད་པའི་བར་དུ་སྤྱི་སྐད་རྒྱུས་མངའ་ཡོད་པ་མ་ཟད། ཡུལ་སྐོར་བ་དང་སྤེལ་རེས་བྱེད་པའི་ཁྲོད་ཕྱིའི་འཇིག་རྟེན་ཡང་མཐོང་ཐུབ་པ་རེད། ད་ལོར། གྲོང་ཚོ་གཅིག་པའི་བུ་མོ་ཆོས་འཛོམས་ཚོགས་པ་དེའི་ནང་ཞུགས་པས་ཡུལ་སྐོར་བ་མང་དུས་ཀྱི་ལས་ཕྱོད་ལྡབ་འཕར་ལ་སྣེ་ལེན་བྱེད་དུ་བཅུག་པ་དང་།  སྐབས་འགར་ཁོམ་པ་ཡོད་ཚེ་ཁོང་ཚོ་ཉེ་འགྲམ་གྱི་རྒུན་འབྲུམ་ཞིང་དུ་རོགས་རམ་བྱེད་པར་འགྲོ་གི་ཡོད།   

 
 
 
 
 
图片
 
 
 
 
 

བསོད་ནམས་སྒྲོལ་མའི་བདེ་སྐྱིད་ཀྱི་འཚོ་བ་ནི་ལ་ལུང་གྲོང་ཚོས་ཏང་འཛུགས་སྐྱོང་གིས་ཐོན་ལས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་འཕེལ་རྒྱས་དཔེ་དབྱིབས་ཀྱི་གསོན་ཉམས་ལྡན་པའི་བསྡུས་རིས་ཤིག་ཡིན། མཉམ་ལས་ཁང་གིས་གཅིག་གྱུར་འཆར་འགོད་འོག་གྲོང་ཚོས་ཞིང་དུད་དང་ཁེ་ལས་མཉམ་འབྲེལ་མཉམ་ལས་བྱེད་པའི་དཔེ་དབྱིབས་སྤྱོད་དེ་ཆང་གཞིས་གསུམ་དང་ཡུན་རིང་གི་མཉམ་ལས་ལམ་སྲོལ་བཙུགས་ཏེ་རྒུན་འབྲུམ་འདེབས་འཛུགས་དང་དོ་དམ་ནས་རྒུན་འབྲུམ་བཏོག་བ་དང་ཆང་སྙོལ་བ་བརའཐུས་སྒོ་ཚང་བའི་ཐོན་ལས་འབྲེལ་ཐག་ཆགས་སུ་བཅུག་སྟེ་མུ་འབྲེལ་གྱི་ཁྲི་ཞ་ཀྲུའུ་རྒུན་འབྲུམ་དགུན་ཁར་ཤེད་ལེན་སྤུ་སྐྱེས་བྱེད་པ་དང་ཆབས་ཅིག་ཡུལ་མིར་བརྟན་ལྷིང་གི་ཁེ་བཟང་ཡང་གསོ་སྐྱོང་བྱས་ཡོད་དེ་མུའུ་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1ཡན་རག ལྕོག་སྐྱ་གྲོང་མི་ཚོ་ཆུང་གི་རྒུན་འབྲུམ་གཞིས་ཀར་དགུན་དུས་བཏོག་པའི་དབྱང་ཀོང་མེ་ཀུའེ་རྒུན་འབྲུམ་མཉམ་ལས་ཁང་གིས་གཅིག་གྱུར་ངང་ཕྱིར་ཚོང་བྱས་ནས་མུའུ་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་4ཡས་མས་ཟིན།  

 
 
 
 
 
图片
图片
 
 
 
 
 
 

གྲོང་མིའི་ཡོང་འབབ་དེ་བས་མང་བའི་ཆེད་དུ། མཉམ་ལས་ཁང་གིས་ཧུར་ཐག་སྒོས་ཞིང་དུད་ཀྱི་ཞིང་ལས་ཐོན་རྫས་ཉོ་སྒྲུབ་བྱས་ནས་སྤྱིའི་བཙོང་འབོར་སྒོར་ཁྲི་15ལས་བརྒལ་ནས་ཡུལ་མི་དུད་ཚང་40ལྷག་ཙམ་གྱི་ཡོང་འབབ་འཕར་ར་སྐུལ་ཁྲིད་བྱས། སྲོལ་རྒྱུན་གྱི་འདེབས་ལས་དང་གསོ་སྤེལ་ལས་རིགས་སོར་འཇོག་བྱེད་པའི་རྨང་གཞིའི་ཐོག་རྒུན་འབྲུམ་དང་སྦྲང་རྩི་སོགས་ཀྱི་ཁྱད་ལྡན་ཐོན་ལས་ཡུལ་མིའི་ཡོང་འབབ་འཕར་བའི་གསེར་གྱི་ལྡེ་མིག་དུ་གྱུར། མིག་སྔར། མཉམ་ལས་ཁང་གིས་དབྱང་ཀོང་མེ་ཀུའེ་རྒུན་འབྲུམ་ལ་སྐྱེ་ལྡན་ཁས་ལེན་དཔང་འདོན་ཞུ་བཞིན་ཡོད་དེ་མཐོ་སྒང་གི་རྣམ་ཤེས་ལྡན་པའི་ཁྱད་ལྡན་ཞིང་ལས་ཐོན་རྫས་དེ་དག་ཡུལ་སྐོར་བ་ཁ་བྲལ་སྐབས་ངེས་པར་དུ་འཁྱེར་དགོས་པའི་ལག་རྟགས་ཤིག་ཏུ་གྱུར་བཅུག

 
 
 
 
 
图片
 
 
 
 
 

ཉི་མ་ནུབ་ཁར་བསོད་ནམས་སྒྲོལ་མས་མཇུག་མཐའི་མགྲོན་ཁང་ཞིག་གཙང་སྦྲ་བྱས་ཚར་སོང་། ལག་ཁྱེར་ཁ་པར་ནས་དེ་རིང་སླར་ཡང་སྐུ་མགྲོན་སྐོར་འགའ་སྔོན་མངག་ཡོད་པས་མྱུར་དུ་བཟའ་རྒྱུ་གྲ་སྒྲིག་བྱེད་དགོས་ཞེས་པའི་དྲན་སྐུལ་གྱི་སྒྲ་གསར་བ་གྲགས་བྱུང་། ཐག་རིང་གི་མཉམ་ལས་ཁང་གི་སྐྱེལ་འདྲེན་རླངས་འཁོར་དུ་ཞིང་ལས་ཐོན་རྫས་བྱུར་བུར་གང་བླུགས་ནས་རྫོང་གྲོང་དུ་བསྐྱོད་བཞིན་ཡོད།

 
 
 
 
 
图片
 
 
 
 
 

ལ་ལུང་གྲོང་ཚོའི་ཏང་གི་སྤྱི་ཁྱབ་ཡན་ལག་ཧྲུའུ་ཅི་སྐལ་བཟང་སྒྲོལ་མས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་མྱུར་དུ་གཏོང་བ་དང་ཏན་ཏིག་ངང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་ཐད་བཀོད་སྒྲིག་བྱས་ཡོད་པས། ལ་ལུང་གྲོང་ཚོའི་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་པོ་སྟོན་ཡོད་པ་དང་སྒུལ་ཤུགས་སྟོབས་ལྡན་སྣོན་ཡོད། ལ་ལུང་གྲོང་ཚོས་བློ་བརྟན་འགྱུར་མེད་ངང་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་ཡིན་པ་དང་། སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་གིས་གྲོང་གསེབ་ཐོན་ལས་འཕེལ་རྒྱས་སྣེ་ཁྲིད་རྒྱུན་འཁྱོངས་བྱ་སྟེ། ཏང་འཛུགས་སྐྱོང་གིས་ཐོན་ལས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་དཔེ་དབྱིབས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་བཏང་ནས་གྲོང་མི་དེ་བས་མང་པོ་སྒོ་ཁ་ནས་ལས་ཞུགས་ཐུབ་པ་དང་རྒྱུན་མཐུད་ངང་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱས་ནས་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་གྲོང་གསེབ་དར་རྒྱས་ཀྱི་ལམ་བུ་ཞིག་བཏོད་རྒྱུ་ཡིན་ཞེས་བསྟན།

 
 
 
 
 

责任编辑:江初卓玛 才让东周

  • བདེ་ཆེན་གསར་འགྱུར།

ཀྲང་ཝེ་ཏུང་གིས་རུ་སྣེ་ཁྲིད་དེ་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ལས་དོན་ལ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་བ།

ཁུལ་མི་དམངས་སྲིད་གཞུང་སྐབས་བཅུ་བཞི་བའི་ཏང་ཙུའུ་ཡིས་གྲོས་ཚོགས་ཐེངས་77པ་བསྡུས་པ།

ལུའོ་ཁྲའོ་ཧྥེང་གིས་“བློ་སྦྱོང”ལས་གྲྭར་སྐུལ་འདེད་གཏོང་བའི་གནས་ཚུལ་ལ་བརྟག་ཞིབ་གནང་སྐབས་འགན་འཁྲི་དང་ལས་འགན་ལ་དམིགས་ནས་རྩ་བ་བརྟན་སྲུང་དང་གསར་གཏོད་མཐའ་འཁྱོངས་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལག་ལེན་ལ་སྐུལ་འདེད་གཏོང་ཆེད་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས་པའི་ནན་བཤད་གནང་བ།

ཁུལ་ཨུས་ཆེད་དོན་ཚོགས་འདུ་འཚོགས་ནས་ཁུལ་ཡོངས་ཀྱི་གྲོང་གསེབ་ཐུན་མོང་གི་“མ་དངུལ་དང་རྒྱུ་ནོར།ཐོན་ཁུངས”ཀྱི་ཆེད་དོན་ལས་དོན་ལ་ཞིབ་འཇུག་བྱས།

ཁུལ་ཡོངས་ཀྱི་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་ལ་གཅིག་སྡུད་བཅོས་སྐྱོང་བྱེད་པའི་ལས་དོན་གྱི་སྐུལ་འདེད་ཚོགས་འདུ་འཚོགས་པ།

ཁུལ་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་བཀོད་གཏོང་ཚོགས་འདུའི་ཐོག་ཚད་གཞིའི་ཧེ་བག་ལ་གཞིགས་ནས་དཀའ་སེལ་འགག་སྒྲོལ་དང་སྔོན་དཔག་དམིགས་ཚད་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་དགོས་ཞེས་ནན་གྱིས་བསྟན།

འཇོལ་རྫོང་གི་རྒུན་འབྲུམ་ཆུང་ངུ་དེ་གྲོང་གསེབ་འཕེལ་རྒྱས་ཀྱི་ཐོན་ལས་གཙོ་རོ་ཞིག་ཏུ་གྱུར།

རང་ཁུལ་གྱིས་གྲོང་གསེབ་འཛུགས་སྐྲུན་དང་གྲོང་གསེབ་བཅོས་སྐྱོང་ལ་སྐུལ་འདེད་གཏོང་།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com