《ཞི་ཅིན་ཕིང་མི་སེར་གྱི་ཁྱིམ་དུ་ཕེབས་པ》(དེབ་གཉིས་པ)དཔེ་སྐྲུན་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་3ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། 《ཞི་ཅིན་ཕིང་མི་སེར་གྱི་ཁྱིམ་དུ་ཕེབས་པ》(དེབ་གཉིས་པ)དཔེ་སྐྲུན་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ་རེད། རྒྱལ་དོན་ཨུ་ཡོན་དང་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཁྲེན་དབྱི་ཆིན་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད།
ཁྲེན་དབྱི་ཆིན་གྱིས་གསུངས་དོན། 《ཞི་ཅིན་ཕིང་མི་སེར་གྱི་ཁྱིམ་དུ་ཕེབས་པ》ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་ལ་མཐོང་ཧ་ཅང་ཆེན་པོ་གནང་བའི་བླ་ན་མེད་པའི་ཉམས་བཟང་མངོན་པ་དང་། མི་དམངས་ཀྱི་གཙོ་འཛིན་གྱིས་མི་དམངས་ལ་གཅེས་པ་དང་མི་དམངས་ཀྱི་གཙོ་འཛིན་ལ་མི་དམངས་ཀྱིས་གཅེས་པའི་མི་སེམས་འགུལ་བའི་རྣམ་པ་གསོན་ཉམས་དོད་པོས་མཚོན་ཡོད། གཙོ་འཛིན་དང་མི་དམངས་ཀྱི་གཏམ་རྒྱུད་ཁྲོད་ནས་མི་དམངས་གོང་དུ་བཀུར་བའི་རྩ་བའི་ལངས་ཕྱོགས་ལ་མྱོང་རྟོགས་ཟབ་མོ་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ཐོག་མའི་བསམ་འདུན་བརྟན་སྲུང་ལ་གཡོ་འགུལ་མི་ཐེབས་པ་བྱེད་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱ་རྒྱུར་མྱོང་རྟོགས་ཟབ་མོ་བྱས་ནས་བློ་བརྟན་འགྱུར་མེད་ངང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། དམངས་འཚོ་འགན་སྲུང་དང་ལེགས་སུ་གཏོང་བའི་འགན་འཁྲི་གལ་ཆེན་ལ་མྱོང་རྟོགས་ཟབ་མོ་བྱས་ནས་དམངས་འཚོའི་བདེ་རྩ་ཆེ་རུ་ཟམ་མི་ཆད་པར་གཏོང་དགོས། ཁྱིམ་ཚང་གི་རྨང་གཞི་བརྟན་པོ་འཛུགས་པའི་ནུས་པ་གལ་ཆེན་ལ་མྱོང་རྟོགས་ཟབ་མོ་བྱས་ནས་སྤྱི་ཚོགས་བཅོས་སྐྱོང་ལ་སྐུལ་འདེད་སྔར་ལས་ལེགས་པ་གཏོང་དགོས།
ཁྲེན་དབྱི་ཆིན་གྱིས་གསུངས་དོན། རིམ་ཁག་བུད་མེད་མཉམ་འབྲེལ་རྩ་འཛུགས་ཀྱིས《ཞི་ཅིན་ཕིང་མི་སེར་གྱི་ཁྱིམ་དུ་ཕེབས་པ》སློབ་སྦྱོང་ཡག་པོ་དང་། དྲིལ་བསྒྲགས་ཡག་པོ། བེད་སྤྱོད་ཡག་པོ་བཅས་བྱས་ཏེ། ཞབས་ཞུའི་འབྲེལ་བར་སྣེ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་དུས་རབས་གསར་པའི་ཁྱིམ་ཚང་དང་། ཁྱིམ་ཚང་སློབ་གསོ། ཁྱིམ་སྲོལ་བཅས་འཛུགས་སྐྱོང་ལ་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་གཏོང་བ་དང་བུད་མེད་དང་བྱིས་པ་དང་ཁྱིམ་ཚང་གིས་ཤེས་ཚོར་ཐུབ་པའི་དམངས་འཚོའི་དོན་དངོས་བརྩེ་བ་ཟབ་མོས་ཡག་པོ་བསྒྲུབས་ནས། རྒྱ་ཆེའི་བུད་མེད་དང་ཁྱིམ་ཚང་ལ“ལོ་ལྔ་ཚན་བཅོ་ལྔ་པར”འབད་འཐབ་མདུན་སྐྱོད་དང་རྒྱང་ལམ་གསར་པར་བྱས་རྗེས་འཇོག་པའི་མཐུན་སྒྲིལ་སྣེ་ཁྲིད་བྱེད་དགོས།
ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བློ་མཐུན། གཞི་རིམ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་བྱེད་པ་དང་། དེ་བཞིན་ཁྱིམ་ཚང་གི་འཐུས་མི་སོགས་བཞུགས་མོལ་ཚོགས་འདུར་ཞུགས་ཡོད་པ་རེད།
- བདེ་ཆེན་གསར་འགྱུར།
ཀྲང་ཝེ་ཏུང་གིས་རུ་སྣེ་ཁྲིད་དེ་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ལས་དོན་ལ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་བ།
ཁུལ་མི་དམངས་སྲིད་གཞུང་སྐབས་བཅུ་བཞི་བའི་ཏང་ཙུའུ་ཡིས་གྲོས་ཚོགས་ཐེངས་77པ་བསྡུས་པ།
ལུའོ་ཁྲའོ་ཧྥེང་གིས་“བློ་སྦྱོང”ལས་གྲྭར་སྐུལ་འདེད་གཏོང་བའི་གནས་ཚུལ་ལ་བརྟག་ཞིབ་གནང་སྐབས་འགན་འཁྲི་དང་ལས་འགན་ལ་དམིགས་ནས་རྩ་བ་བརྟན་སྲུང་དང་གསར་གཏོད་མཐའ་འཁྱོངས་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལག་ལེན་ལ་སྐུལ་འདེད་གཏོང་ཆེད་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས་པའི་ནན་བཤད་གནང་བ།
ཁུལ་ཨུས་ཆེད་དོན་ཚོགས་འདུ་འཚོགས་ནས་ཁུལ་ཡོངས་ཀྱི་གྲོང་གསེབ་ཐུན་མོང་གི་“མ་དངུལ་དང་རྒྱུ་ནོར།ཐོན་ཁུངས”ཀྱི་ཆེད་དོན་ལས་དོན་ལ་ཞིབ་འཇུག་བྱས།
ཁུལ་ཡོངས་ཀྱི་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་ལ་གཅིག་སྡུད་བཅོས་སྐྱོང་བྱེད་པའི་ལས་དོན་གྱི་སྐུལ་འདེད་ཚོགས་འདུ་འཚོགས་པ།
ཁུལ་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་བཀོད་གཏོང་ཚོགས་འདུའི་ཐོག་ཚད་གཞིའི་ཧེ་བག་ལ་གཞིགས་ནས་དཀའ་སེལ་འགག་སྒྲོལ་དང་སྔོན་དཔག་དམིགས་ཚད་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་དགོས་ཞེས་ནན་གྱིས་བསྟན།
འཇོལ་རྫོང་གི་རྒུན་འབྲུམ་ཆུང་ངུ་དེ་གྲོང་གསེབ་འཕེལ་རྒྱས་ཀྱི་ཐོན་ལས་གཙོ་རོ་ཞིག་ཏུ་གྱུར།
རང་ཁུལ་གྱིས་གྲོང་གསེབ་འཛུགས་སྐྲུན་དང་གྲོང་གསེབ་བཅོས་སྐྱོང་ལ་སྐུལ་འདེད་གཏོང་།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108