中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ཁུལ་སྤྱི་ཚོགས་ཚན་རིག་ལས་རིགས་མཉམ་འབྲེལ་ལྷན་ཚོགས་སྐབས་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས།

ཁྱབ་བསྒྲགས་དུས་ཚོད་:2026-04-16 15:13:28

 ཉེ་དུས། ཁུལ་སྤྱི་ཚོགས་ཚན་རིག་ལས་རིགས་མཉམ་འབྲེལ་ལྷན་ཚོགས་སྐབས་གསུམ་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་འཚོགས།  ཁུལ་ཨུ་རྒྱུན་ཨུ། ཁུལ་ཨུ་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ལུའུ་ཀྲི་ཅུན་གྲོས་ཚོགས་སུ་ཞུགས་པ་མ་ཟད་གསུང་བཤད་གནང་།

 གྲོས་ཚོགས་ཐོག      བདེ་ཆེན་ནི་ཡུན་ནན་གྱི་བོད་རིགས་རང་སྐྱོང་ཁུལ་འབའ་ཞིག་ཡིན་པས་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ཁྱོན་ཡོངས་ཁྲོད་ཀྱི་ངེས་གནས་དང་ནུས་པ་གནད་ལ་འཁེལ་བའི་སྒོ་ནས་ཁོང་དུ་ཆུད་དེ་གནད་དོན་འཛིན་ཕྱོགས་དང་དགོས་མཁོའི་ཁྲིད་སྟོན་ལ་གཞི་ཚུགས་ནས་ཕུལ་བྱུང་གི་ཞིབ་འཇུག་གྲུབ་འབྲས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་པ་སྤྲོད་དགོས་ཞེས་ནན་གསུང་གནང་།

གྲོས་ཚོགས་ཐོག  སྤྱི་ཚོགས་ཚན་རིག་ཁྱབ་གདལ་གཏོང་སྟངས་གསར་གཏོད་བྱས། བརྙན་ཐུང་དང་ཐད་གཏོང་སོགས་སྨྱན་སྦྱོར་གསར་པའི་བྱ་ཐབས་སྤྱོད་པ་དང་། མི་རིགས་གླུ་གར་དང་དམངས་སྲོལ་བྱེད་སྒོ་དང་ཟུང་འབྲེལ་བྱས་ནས་ཁྱབ་སྤེལ་ནུས་པ་དང་ཤུགས་རྐྱེན་ཆེ་རུ་གཏོང་དགོས། ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པ་དང་རིགས་གཅིག་མཁས་པའི་ལས་དོན་ས་ཚིགས་ལ་བརྟེན་ནས་རིམ་པ་མཐོ་བའི་ཤེས་ལྡན་པ་ནང་འདྲེན་བྱེད་པ་དང་ས་གནས་འདི་གའི་མཁས་དབང་དར་གཞོན་གསོ་སྐྱོང་བྱ་དགོས།  སྤྱོད་ཚུལ་གསར་བརྗེ་དང་ལས་ཕྱོད་གསར་བརྗེ་གཏིང་ཟབ་ཏུ་བཏང་ནས་མཉམ་འབྲེལ་ཞེས་པའི་འགན་འཁྲི་ལག་བསྟར་བྱས་།  ཁུལ་ཡོངས་ཀྱི་སྤྱི་ཚོགས་ཚན་རིག་ཐོན་ཁུངས་ལེགས་སྒྲིག་བྱེད་དེ་བདེ་ཆེན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྤྱི་ཚོགས་ཚན་རིག་གི་སྟོབས་ཤུགས་འབུལ་དགོས་པའི་བླང་བྱ་བཏོན།

  • བདེ་ཆེན་གསར་འགྱུར།

ཁུལ་སྲིད་གཞུང་ཏང་ཙུའུ་ཡིས་(རྒྱས་འཛོམས)ཚོགས་འདུ་ཐེངས་81པ་འཚོགས་པ།

ཞོགས་པ་བདེ་ལེགས། འཛམ་གླིང་གི་སེམས་ཀྱི་ཉི་ཟླ། སྤྲིན་གྱི་བང་རིམ།

ཁུལ་ཨུས་ཆེད་དོན་ཚོགས་འདུ་འཚོགས་ནས་ཁ་གཏད་རོགས་སྐྱོར་ལས་དོན་ལ་ཞིབ་འཇུག་བྱས་པ།

ལུའོ་ཁྲའོ་ཧྥེང་གིས་རིག་གནས་ཁེ་ལས་ལ་བརྟག་ཞིབ་གནང་སྐབས་སྤྱི་ཚོགས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས་ཕན་ཚུན་གཅིག་གྱུར་ཡོང་རྒྱུ་མཐའ་འཁྱོངས་བྱས་ནས་རིག་གནས་ཐོན་ལས་དང་ཡུལ་སྐོར་ཁྲོམ་ར་འབྲེལ་མཐུད་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ།

ཁུལ་ཨུའི་དམག་གྲོས་ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་རང་ཁུལ་གྱི་རྒྱལ་སྲུང་སྐུལ་སློང་དང་རྗེས་གྲབས་སྟོབས་ཤུགས་འཛུགས་སྐྱོང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ནན་བཤད་གནང་།

ཞོགས་པ་བདེ་ལེགས།འཛམ་གླིང་གི་སེམས་ཀྱི་ཉི་ཟླ།ཞིང་ལ་ལོ་ལེགས་སྨིན་པ།

ཀྲུང་གུང་བདེ་ཆེན་ཁུལ་ཨུའི་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པ་འཚོགས་པ་དང་། ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོག་རྒྱུའི་སྐོར་གྱི་གྲོས་ཆོད་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ།

སྤྱོད་གཙང་ཡུན་ནན་བདེ་ཆེན་འཛུགས་སྐྲུན་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་ཁུལ་ཡོངས་ཀྱིས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོའི་ཉེན་བརྡའི་སློབ་གསོའི་ཚོགས་ཆེན་འཚོགས། 

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com