ཁུལ་བུད་མེད་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་པའི་ལག་བསྟར་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པ་འཚོགས།
ཉེ་སྔོན། ཁུལ་བུད་མེད་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་པའི་ལག་བསྟར་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པ་འཚོགས། ཁུལ་ཨུ་ཧྲུའུ་ཅི་གཞོན་པ་ཞུས་སི་སི་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་གནང་།
ཚོགས་འདུའི་ཐོག འདས་ཟིན་པའི་ལོ་གཅིག་ནང་། ཁུལ་ཡོངས་རིམ་པ་ཁག་གི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་འགན་འཁྲི་གཏན་འཁེལ་དམ་པོར་དམིགས་ནས། མེ་ཏོག་རེ་རེ་བཞད་ཅེས་པའི་བུད་མེད་སྤུས་རྟགས་གསར་གཏོད་བྱས་ཏེ། ཞིང་ཆེན་ཡོངས་སུ་གསར་དར་ཁྱབ་ཁོངས་ཀྱི་བུད་མེད་མཉམ་འབྲེལ་རྩ་འཛུགས་ཁྱོན་ཡོངས་སུ་ཁྱབ་པའི་འགག་སྒྲོལ་དམིགས་འབེན་སྔོན་ནས་ལེགས་སྒྲུབ་བྱས། བུད་མེད་དང་བྱིས་པའི་འཕེལ་རྒྱས་འཆར་འགོད་ཀྱི་དུས་རིམ་བར་མའི་དམིགས་ཚད་ལོངས་ཚད་80%་ལས་བརྒལ་བ་དང་གྲོང་ཚོའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་བུད་མེད་བསྡུར་ཚད་མངོན་གསལ་དོད་པོ་ཕྱིན་དགོས་ཞེས་སྟོན།
ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བུད་མེད་དང་བྱིས་པ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་དགོས་ལ། ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པའི་འཕེལ་རྒྱས་ཁྱོན་ཡོངས་རང་འགུལ་ངང་འདྲེས་དགོས། བུད་མེད་ཀྱིས་བྱས་རྗེས་གསར་པ་འཇོག་པ་དང་བུད་མེད་ཀྱིས་མི་སེམས་དྲོ་སྐྱིད་གཏོང་བ་སོགས་ཀྱི་བྱ་སྤྱོད་གཏིང་ཟབ་ཏུ་བཏང་ནས། བུད་མེད་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སྤྱི་ཚོགས་བཅོས་སྐྱོང་ཁྲོད་ཐུན་མོང་མ་ཡིན་པ་ནུས་པ་སྐུལ་སྤེལ་བྱེད་དགོས་ཞེས་ནན་བཤད་གནང་། ཚོགས་འདུའི་ཐོག་ད་དུང་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལག་བསྟར་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་མ་ཟད། འབྲེལ་ཡོད་ལས་དོན་སྙན་ཞུ་དང་གྲོས་ཆོད་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། རྒྱལ་ཡོངས་དང་ཞིང་ཆེན་རིམ་པའི་སྔོན་ཐོན་ལག་ཁྱེར་དང་གཟེངས་བསྟོད་རྟགས་མ་སྤྲོད།
- བདེ་ཆེན་གསར་འགྱུར།
ཀྲང་ཝེ་ཏུང་གིས་བདེ་ཆེན་ཁུལ་སློབ་འབྲིང་དང་པོར་བརྟག་ཞིབ་གནང་བ་དང་བསམ་བློ་ཆབ་སྲིད་སློབ་ཚན་ཁྲིད།
ཁུལ་སྲིད་གཞུང་ཏང་ཙུའུ་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོ་ཆུང་གིས2026ལོའི་གཅིག་བསྡུས་སློབ་སྦྱོང་ཐེངས་ལྔ་བ་དང་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བའི་སློབ་སྦྱོང་སློབ་གསོ་འཛུགས་པ་དང་ལག་ལེན་དུ་བསྟར་བའི་སྐོར་གྱི་གྲོས་བསྡུར་ཐེངས་གཉིས་པ་འཚོགས་པ།
འཇོལ་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོའི་བཀོད་སྒྲིག་མང་ཚོགས་ཁག་དང་པོར་ཁང་པ་གསར་པའི་ལྡེ་མིག་བླངས་པ།
ཞོགས་པ་བདེ་ལེགས། འཛམ་གླིང་གི་སེམས་ཀྱི་ཉི་ཟླ། ཀླུ་ཆུའི་ལྗོངས་རྣམ།
ཁུལ་སྲིད་གཞུང་ཏང་ཙུའུ་ཡིས་(རྒྱས་འཛོམས)ཚོགས་འདུ་ཐེངས་81པ་འཚོགས་པ།
ཞོགས་པ་བདེ་ལེགས། འཛམ་གླིང་གི་སེམས་ཀྱི་ཉི་ཟླ། སྤྲིན་གྱི་བང་རིམ།
ཁུལ་ཨུས་ཆེད་དོན་ཚོགས་འདུ་འཚོགས་ནས་ཁ་གཏད་རོགས་སྐྱོར་ལས་དོན་ལ་ཞིབ་འཇུག་བྱས་པ།
ལུའོ་ཁྲའོ་ཧྥེང་གིས་རིག་གནས་ཁེ་ལས་ལ་བརྟག་ཞིབ་གནང་སྐབས་སྤྱི་ཚོགས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས་ཕན་ཚུན་གཅིག་གྱུར་ཡོང་རྒྱུ་མཐའ་འཁྱོངས་བྱས་ནས་རིག་གནས་ཐོན་ལས་དང་ཡུལ་སྐོར་ཁྲོམ་ར་འབྲེལ་མཐུད་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108