བོད་ཀྱི་རྟེན་མཛོད་ཁང་གི་རྐང་འཛིན་པར་གཅིག་སྡུད་གསོ་སྦྱོང་བྱས་ནས་འཇོན་ཐང་ཆེ་རུ་གཏོང་བ།


པར་འདི་གཉིས་ནི་ཟླ་4ཚེས་17ཉིན་ལྗོངས་ཡོངས་ཀྱི་རྟེན་མཛོད་ཁང་གི་ཀོན་ཀྲང་གི་གསོ་སྦྱོང་འཛིན་གྲྭའི་སློབ་གཉེར་བས་བོད་ལྗོངས་རྟེན་མཛོད་ཁང་དུ་སྤེལ་རེས་སློབ་སྦྱོང་བྱེད་བཞིན་པ།
ཟླ་4ཚེས་17ཉིན། དུས་ཡུན་ཉིན་5ཡི་ལྗོངས་ཡོངས་ཀྱི་རྟེན་མཛོད་ཁང་གི་ཀོན་ཀྲང་གི་གསོ་སྦྱོང་འཛིན་གྲྭ་སློབ་མཇུག་འགྲིལ་བ་རེད། ཕོ་བྲང་པོ་ཏ་ལའི་དོ་དམ་ཁྲུའུ་དང་། བོད་ལྗོངས་རྟེན་མཛོད་ཁང་། བོད་ལྗོངས་གཡག་རྟེན་མཛོད་ཁང་། ལྷ་མོའི་རྟེན་མཛོད་ཁང་། ཐན་ཀོན་སན་དྲན་གསོ་ཁང་བཅས་དང་། དེ་བཞིན་གཞིས་རྩེ་དང་། ལྷོ་ཁ། ཉིང་ཁྲི། ཆབ་མདོ། ནག་ཆུ། མངའ་རིས་སོགས་ས་ཁུལ་དང་། གྲོང་ཁྱེར། རྫོང་བཅས་རིམ་པའི་རྟེན་མཛོད་ཁང་གི་ཀོན་ཀྲང་20དང་དེ་བཞིན་ལས་སྒོའི་རྐང་འཛིན་པ་30ཙམ་གསོ་སྦྱོང་ལ་ཞུགས་པ་རེད། གསོ་སྦྱོང་ཐོག་རིག་དངོས་སྲུང་སྐྱོང་ཁྲིམས་སྲོལ་དང་རིག་ནུས་རྟེན་མཛོད་ཁང་འཛུགས་སྐྲུན་སོགས་ཀྱི་ལྟེ་བའི་ནང་དོན་ལ་དམིགས་ནས། བོད་ཀྱི་ཡུལ་དེ་གའི་རིག་དངོས་དང་རྟེན་མཛོད་འཕེལ་རྒྱས་ཀྱི་གྲོས་གཞི་དང་ཟུང་འབྲེལ་གྱིས་སྤེལ་རེས་དང་ས་གནས་ས་ཐོག་ཏུ་སློབ་ཁྲིད་བྱས་པ་དེའི་དམིགས་ཡུལ་ནི་བོད་ཀྱི་རིག་དངོས་དང་རྟེན་མཛོད་ཁོངས་གཏོགས་ཀྱི་དོ་དམ་པའི་ཆེད་ལས་བྱང་ཚད་དང་གསར་གཏོད་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་བཏང་སྟེ་ས་མཐོའི་རིག་དངོས་དང་རྟེན་མཛོད་བྱ་གཞག་ཚད་ལྡན་ཅན་དང་། ཆེད་ལས་ཅན། རིག་ནུས་ཅན་བཅས་ཀྱི་འཕེལ་རྒྱས་ལ་མཉམ་དུ་འཚོལ་ཞིབ་བྱ་ཆེད་རེད།
- བདེ་ཆེན་གསར་འགྱུར།
ལུའོ་ཁྲའོ་ཧྥེང་གིས་རུ་ཁག་ཁྲིད་དེ་ཡུན་ནན་སློབ་ཆེན་དུ་ཕེབས་ནས་སློབ་གྲྭ་དང་ས་གནས་བར་གྱི་མཉམ་ལས་དོན་དག་ལ་འབྲེལ་མཐུད་བྱས།
ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ།
ཁུན་མིང་དང་བདེ་ཆེན་གྱིས་མཛའ་མཐུན་མཉམ་ལས་ཀྱི་ཚོགས་འདུ་འཚོགས།
བདེ་ཆེན་ཁུལ་གྱི་ཏང་སྲིད་འཐུས་མི་ཚོགས་པ་ཆུས་ཅིང་གྲོང་ཁྱེར་དུ་ཕེབས་ནས་ཁ་གཏད་རོགས་སྐྱོར་ལས་དོན་ཐད་ཚུར་ལན་བཅར་འདྲི་བྱས།
བདེ་ཆེན་སེམས་ཀྱི་ཉི་ཟླའི་ལྔ་བའི་རྟ་རྒྱུག་འགྲན་བསྡུར་ཚོགས་ལ་ཉེ།
བདེ་ཆེན་གྱི་རྒྱུགས་སྤྲོད་སློབ་མ་1883ད་ལོའི་མཐོ་རྒྱུགས་ལ་ཞུགས།
ལུའོ་ཁྲའོ་ཧྥེང་གིས་མཐོ་རྒྱུགས་ཀྱི་གྲ་སྒྲིག་ལས་དོན་ལ་ཞིབ་བཤེར་དང་མཛུབ་ཁྲིད་གནང་སྐབས་ནན་པོ་དང་ཞིབ་ཚགས། ཆད་བཤེར་ཆད་གསབ་བཅས་བྱས་ཏེ་མཐོ་རྒྱུགས་བརྟན་ལ་བདེ་འཇགས་དང་གོ་རིམ་ལྡན་པ་ཡོང་བའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
ཁུལ་ཨུའི་རྒྱུན་ཨུ་སྐབས་དགུ་པས་གྲོས་ཚོགས་ཐེངས་158པ་འཚོགས།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108