中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ཁུལ་ཡོངས་ཀྱི་རྣམ་གྲངས་ལས་དོན་གྱི་ཆེད་དོན་ཚོགས་འདུ་འཚོགས་པ།

རྩོམ་པ་པོ་:何帝龙 姚一鸣 ཁྱབ་བསྒྲགས་དུས་ཚོད་:2026-01-05 15:12:14 འབྱུང་ཁུངས་:སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་1པོའི་ཚེས་4ཉིན་ཁུལ་ཡོངས་ཀྱི་རྣམ་གྲངས་ལས་དོན་གྱི་ཆེད་དོན་ཚོགས་འདུ་འཚོགས་པ་དང་།  ཞིང་ཆེན་སྲིད་གཞུང་གིས་བཏོན་པའི་206ལོའི་རྣམ་གྲངས་འགག་སྒྲོལ་ལོ་ཞེས་པའི་དམིགས་ཚད་ལ་དམིགས་ཏེ་མིག་སྔའི་དུས་བབ་ལ་དབྱེ་ཞིབ་གཏིང་ཟབ་དང་གཙོ་གནད་ལས་དོན་བཀོད་སྒྲིག་བྱས་པ་རེད།ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཝེ་ཏུང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཝེ་ཏུང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།

ཚོགས་འདུའི་ཐོག་རྣམ་གྲངས་འཛུགས་སྐྲུན་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགག་རྩའི་འདེགས་སྐྱོར་ཞིག་ཡིན་པས་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཀྲུང་དབྱང་དང་ཞིང་ཨུའི་དཔལ་འབྱོར་ལས་དོན་ཚོགས་འདུ་དང་ཞིང་ཆེན་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལས་དོན་ལ་སྐུལ་འདེད་གཏོང་བའི་ཚོགས་འདུ་དང་རྣམ་གྲངས་ལས་དོན་གྱི་བརྙན་ལམ་ཚོགས་འདུ།དེ་བཞིན་ཁུལ་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ཐོན་ལས་ལ་དམ་འཛིན་ཆེན་པོ་དང་རྣམ་གྲངས་ལ་དམ་འཛིན་ཆེན་པོ་བྱེད་པའི་སྟོན་ཕྱོགས་ལ་གོ་བ་གསལ་བོ་བླངས་ནས་རྣམ་གྲངས་ལས་དོན་ཁྲོད་གནས་པའི་ཞན་ཆར་ངོས་འཛིན་གསལ་པོ་བྱས་ཏེ་རྣམ་གྲངས་འགག་སྒྲོལ་ལ་དམ་འཛིན་ཡག་པོ་བྱེད་པའི་འགན་འཁྲིའི་བསམ་པ་དང་དགོས་གཏུགས་ཀྱི་བསམ་པ་ཆེ་རུ་ཏན་ཏིག་གཏོང་དགོས་ཞེས་བསྟན་ཡོད།

ཚོགས་འདུའི་ཐོག་གནད་སྨིན་ཤུགས་འདོན་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་དམངས་འཚོ་འགན་ལེན་དང་ལྗང་མདོག་གློག་ནུས། འགྲིམ་འགྲུལ་ལྟེ་གནས། རིག་གནས་ཡུལ་སྐོར་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་རྣམ་གྲངས་ཇུས་འགོད་དང་གྲབས་གསོག་བྱེད་ཤུགས་ཆེ་རུ་བཏང་སྟེ་ཁག་གཅིག་གྲབས་གསོག་དང་།ཁག་གཅིག་ལས་འགོ་འཛུགས་པ།  ཁག་གཅིག་ཕན་འབྲས་ཐོན་པ་བཅས་ཀྱི་འཁོར་རྒྱུག་བཟང་པོ་ཞིག་ཆགས་པ་བྱེད་དགོས། སྲིད་ཇུས་འབྲེལ་མཐུད་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་རྣམ་གྲངས་དེ་བས་མང་བ་གོང་རིམ་གྱི་འཆར་འགོད་ཁྱབ་ཁོངས་ནང་འཇུག་རྒྱུའི་བརྩོན་ལེན་ཧུར་ཐག་བྱས་ཏེ་མ་དངུལ་གྲབས་གསོག་གི་ཐབས་ལམ་རྒྱ་ཆེར་གཏོང་བ་དང་སྤྱི་ཚོགས་ཀྱི་མ་རྩ་ཧུར་ཐག་ཞུགས་རྒྱུར་ཁྲིད་སྟོན་བྱེད་དགོས། རྣམ་གྲངས་ཀྱི་དུས་འགོའི་སྤུས་ཚད་ཀྱི་འགག་སྒོ་ནན་པོ་བསྲུངས་ནས་རྣམ་གྲངས་ལག་བསྟར་བྱེད་འཐུས་རང་བཞིན་ཆེ་རུ་གཏོང་བ་དང་མི་མངོན་པའི་གནད་དོན་སྔོན་འགོག་བྱེད་དགོས། གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་རྒྱུ་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་རྗེས་སུ་ལུས་པའི་རྣམ་གྲངས་ཀྱི་གཞི་གྲངས་ཁྱོན་ཡོངས་ནས་མཐིལ་རྟོགས་བྱས་ནས་གནད་དོན་དང་།འགན་འཁྲི།དུས་བཀག་བཅས་ཀྱི་གསལ་ཐོ་བཟོ་བ་དང་།སྲིད་ཇུས་ལག་བསྟར་གྱི་ཇུས་གཞི་གནད་ལ་འཁེལ་བའི་སྒོ་ནས་བཟོ་བ།ལས་གྲྭ་དག་ཐེར་ཡོ་བསྲང་དང་མ་དངུལ་འགན་སྲུང་།སྲིད་ཇུས་མཐུན་སྦྱོར་སོགས་རིགས་མི་འདྲ་བའི་གནད་དོན་ལ་དམིགས་ནས་དམིགས་སའི་རང་བཞིན་ལྡན་པའི་བྱེད་ཐབས་སྤྱད་དེ་འབྲེལ་ཡོད་ཕྱོགས་ཀྱིས་ལས་ཡུན་ལྡོག་སྒྲིག་དང་།ཕྱོགས་མང་པོ་ནས་མ་དངུལ་གྲབས་གསོག་བྱེད་པ། རོགས་རེས་མཉམ་འགུལ་ལ་ཤུགས་སྣོན་རྒྱག་དགོས།ལྟ་སྐུལ་མཛུབ་ཁྲིད་དང་འགན་འཁྲི་རྩད་གཅོད་ནན་པོ་བྱེད་པ་དང་། ཤུགས་ཚད་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་རིམ་ཁག་འགོ་ཁྲིད་ཨང་དང་པོ་དང་དེ་བཞིན་ལས་བགོས་འགན་གཉེར་འགོ་ཁྲིད་ཀྱི་འགན་འཁྲི་ནན་དུ་གཏོང་བ་དང་རིམ་པ་གཅིག་གིས་རིམ་པ་གཅིག་ལ་དམ་འཛིན་དང་རིམ་པ་བཞིན་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ལས་ཀའི་རྣམ་པ་ཞིག་གཏོད་དེ་ཁུལ་རིམ་པའི་སྡེ་ཚན་གྱི་ལས་རིགས་མཛུབ་ཁྲིད་དང་རྒྱུ་རྐྱེན་གཙོ་བོའི་འགན་ལེན་ལ་ཤུགས་སྣོན་རྒྱག་པ་དང་རྫོང་དང་གྲོང་ཁྱེར་གྱིས་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་ནས་གོང་འོག་མཉམ་འགུལ་དང་སྡེ་ཁག་རོགས་རེས་ཀྱི་མཉམ་ཤུགས་ཆགས་པར་བྱེད་དགོས། སྤྱོད་ཚུལ་གསར་བརྗེ་དང་ཕན་ནུས་གསར་བརྗེ་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་བ་དང་དངོས་སྒྲུབ་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་སྟེ་ཉམས་སད་ཐེག་ཐུབ་པའི་སྤྱོད་ཚུལ་ལ་བརྟེན་ནས་རྣམ་གྲངས་ཀྱི་འགག་སྒྲོལ་ལས་འགན་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད།

 དབྱང་ཞུའེ་ཝུན་དང་། ཧུའུ་ཧྥེ་ཞུང་། ཡུས་ཀུའེ་ཧྥུན། ཞུས་ཀོང་ཏེ། ལིན་ཧའོ། ལི་ཐའོ། ཝན་ཏན་ཆིན། ཀྲོང་ཞའོ་ཕིན། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བ་གཙོ་བོ་ཚོགས་འདུར་ཞུགས་ཡོད།

责任编辑:才让东周 达瓦只玛

  • ཀྲོའུ་ནང་ཁུལ་གྱི་མགོ་གཙོ་

ཁུལ་ཡོངས་ཀྱི་རྣམ་གྲངས་ལས་དོན་གྱི་ཆེད་དོན་ཚོགས་འདུ་འཚོགས་པ།

ཁུལ་ཨུའི་བརྟན་ལྷིང་སྲུང་སྐྱོང་ལས་ཀའི་ཆེད་དོན་གྲོས་ཚོགས་འཚོགས།

བདེ་ཆེན་རུ་ཁག་5:6གི་སྐར་འབྲས་ཀྱིས་ཁུན་མིང་རུ་ཁག་ལས་ཕམ་པ།

ཀྲུའུ་ཞི་ཞི་ཅིན་ཕིང་གིས་གནང་བའི་ཉིས་སྟོང་བརྒྱ་མེད་ཉི་ཤུ་རྩ་དྲུག་ལོའི་ལོ་གསར་གྱི་ཤེས་ཚིག་ལ་བདེ་ཆེན་གྱི་ལས་བྱེད་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།

བདེ་ཆེན་སེམས་ཀྱི་ཉི་ཟླའི2026ལོའི་དམངས་ཡོངས་ལུས་སྦྱོང་དང་གྲོང་ཁྱེར་དུ་རྒྱུག་ཤར་གློད་པའི་བྱེད་སྒོ་སྐབས་44པ་སྤེལ།

བདེ་ཆེན་ཁུལ་གྱིས་“སྤུས་ཚད་མཐོ་བའི་སྒོ་ནས་‘ལོ་ལྔ་ཚན་བཅུ་བཞི་པའི’འཆར་འགོད་ལེགས་གྲུབ་ཡོང་བའི”རིམ་སྤེལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་འབའ་ལུང་རྫོང་གི་ཆེད་དོན་ཚོགས་འདུ་འཚོགས་པ།

ལུའོ་ཁྲའོ་ཧྥེང་གིས་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་བརྟག་ཞིབ་གནང་སྐབས་ཆབ་སྲིད་ཀྱི་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་ཆེ་རུ་བཏང་ནས་གཞི་རིམ་གྱི་དམག་འཐབ་མཁར་རྫོང་བརྟན་དུ་གཏོང་དགོས་པའི་ནན་བཤད་གནང་བ།

ཁུལ་ཨུའི་ཆེད་དོན་ཚོགས་འདུའི་ཐོག་སྐྱེ་ཁམས་རྨང་གཞིར་བྱས་ཏེ་ནགས་ཕག་མཚོ་ཡུལ་སྐོར་ཁུལ་བཏོད་དེ་ས་ཁོངས་ཧྲིལ་པོའི་རིག་གནས་ཡུལ་སྐོར་གྱི་སྤུས་ཚད་མཐོ་རུ་དང་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com