ཀྲུའུ་ཞི་ཞི་ཅིན་ཕིང་གིས་གནང་བའི་ཉིས་སྟོང་བརྒྱ་མེད་ཉི་ཤུ་རྩ་དྲུག་ལོའི་ལོ་གསར་གྱི་ཤེས་ཚིག་ལ་བདེ་ཆེན་གྱི་ལས་བྱེད་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།
ལོ་གསར་གྱི་སྔ་ནུབ་ཏུ།རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིནཕིང་གིས་གནང་བའི་ཉིས་སྟོང་བརྒྱ་མེད་ཉི་ཤུ་རྩ་དྲུག་ལོའི་ལོ་གསར་གྱི་ཤེས་ཚིག་ནི་དྲོ་སྐྱིད་ལྡན་པའི་གསུང་ཚིག་ལ་བརྟེན་ནས་འབད་འབུངས་ཀྱི་སྟོབས་ཤུགས་བརྒྱུད་བསྒྲགས་དང་བརྩེ་སེམས་ཟབ་མོས་དམངས་འཚོའི་དྲོ་གྲང་ལ་སེམས་ཁྲལ་བྱས་པས།བདེ་ཆེན་ཁུལ་གྱི་རྒྱ་ཆེའི་ལས་བྱེད་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་དྲག་པོ་དང་ཐུན་མོང་གི་ངོས་འཛིན་གཅིག་མཐུན་ཆགས་ཡོད།གྲོང་མི་དཀྱུས་མ་ནས་གཞི་རིམ་གྱི་ལས་བྱེད་པའི་བར་དང་གྲོང་གསེབ་ཀྱི་སྨན་པ་ནས་མི་དམངས་ཀྱི་ཁྲིམས་དཔོན་བར་ཚང་མས་མྱོང་ཚོར་ཟབ་མོ་དང་འབྱུང་འགྱུར་གླེང་རེས་གང་ལེགས་བྱས་པ་དང་འབྲེལ་ཚང་མས་འབད་འབུངས་ཧུར་ལེན་དང་ལྷོད་གཡེང་མེད་པར་ལས་ལ་བརྩོན་ཞིང་ཕུགས་འདུན་དོན་གཉེར་དང་བདེ་སྐྱིད་དོན་གཉེར་བྱེད་པའི་འཐབ་ལམ་ཐོག་ལས་དོན་ཏན་ཏིག་སྒྲུབ་པ་དང་འགན་འཁྲི་འཁུར་བ་དང་བརྗིད་ཆེའི་འདུན་པ་དེ་བདེ་ཆེན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མངོན་འགྱུར་ཡག་པོ་ཡོང་བ་བྱེད་དགོས་པའི་རེ་བ་མགྲིན་གཅིག་ཏུ་བཏོན་པ་རེད།

དམངས་འཚོའི་བདེ་རྩ་དོན་འཁྱོལ་བྱུང་ནས་མི་སེར་གྱི་སེམས་ཁོང་གི་བདེ་སྐྱིད་ཀྱི་རྣམ་པ་མངོན་པར་བྱས་ཡོད།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་སྡེ་ཁུལ་གྱི་གྲོང་མི་དབྱང་ཀྲེན་ལན་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གནང་བའི་ལོ་གསར་གྱི་ཤིས་ཚིག་ཉན་རྗེས་མྱོང་ཚོར་ཟབ་མོ་བྱུང་།ད་ལྟ་སྡེ་ཁུལ་གྱི་འཕྲོད་བསྟེན་ཁང་དང་རིག་གནས་ཐང་ཆེན་གང་ཅིའི་ཐད་ཆ་ཚང་བ་དང་།བྱིས་པ་ཚོར་སྤུས་ལེགས་སློབ་གསོ་དང་ལེན་ཐུབ་པ།རྒན་རྒོན་ལ་རྒན་གསོའི་འགན་སྲུང་ཡོད་ཅེས་བཤད་བྱུང་།མོས་ཁོང་གི་མིག་ལམ་དུ་རྟེན་འབྲེལ་གྱི་ཤིས་ཚིག་ནང་གི་དམངས་འཚོའི་སེམས་ཁྲལ་དེ་ཕ་ཡུལ་གྱི་མིག་མཐོང་ལག་ཟིན་གྱི་འགྱུར་ལྡོག་ཏུ་གྱུར་ཟིན་པ་དང་།མི་རིགས་ཁག་གི་མང་ཚོགས་ཁྱིམ་ཚང་གཅིག་གི་ནང་མི་ལྟ་བུར་གྱུར་ཏེ་ཏང་གི་འགོ་ཁྲིད་འོག་ང་ཚོའི་ཕ་ཡུལ་དེ་བས་མཛེས་སྡུག་ལྡན་པ་དང་འཚོ་བ་དེ་བས་སྐྱིད་པོ་ཡོད་པས་མ་འོངས་པར་དེ་བས་མཛེས་སྡུག་ལྡན་པ་ཡོང་རྒྱུའི་ཡིད་ཆེས་བརྟན་པོ་ཡོད་པ་རེད།འབའ་ལུང་རྫོང་ཁང་ཕུའུ་ཤང་ཀྲ་ཙི་གྲོང་ཚོའི་གྲོང་མི་ཡུས་མེ་དབྱིན་ལའང་མྱོང་ཚོར་ཟབ་མོ་བྱུང་ཡོད། ལོ་གསར་གནམ་གང་གི་མཚན་མོར་མི་རིགས་ཁག་གི་མང་ཚོགས་དང་མཉམ་དུ་གནམ་ལོ་གསར་ཚེས་བསུ་བ་དང་ཀྲུའུ་ཞི་ཞི་ཅིན་ཕིང་གི་ལོ་གསར་ཤིས་ཚིག་ཉན་རྗེས་སེམས་ནང་དགའ་སྤྲོའི་རྣམ་པས་ཁེངས་ནས་ད་ལྟ་ང་ཚོས་མཉམ་དུ་གནམ་ལོ་གསར་ཚེས་བསུས་པ་དེས་ང་ལ‘ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི’དྲོ་སྐྱིད་ཚོར་བ་དང་ཕན་ཚུན་རོགས་རམ་བྱས་ཏེ་འཚོ་བ་སྐྱེལ་ཚེ་ཉིན་ལྟར་འཚོ་བ་སྐྱིད་པོ་སྐྱེལ་རྒྱུ་ཡོང་ངེས་ཡིན་པའི་མྱོང་ཚོར་ཟབ་མོ་བྱུང་སོང་ཞེས་ཟོལ་མེད་ཀྱི་མྱོང་ཚོར་རེ་རེ་བཞིན་བརྗོད་དེ་གཞི་རིམ་མང་ཚོགས་ཚོས་མཛེས་སྡུག་ལྡན་པའི་འཚོ་བར་ཡིད་ཚིམ་པ་དང་རེ་སྒུག་བྱེད་ལུགས་མཚོན་པར་བྱས་པ་རེད།

གཞི་རིམ་ལས་བྱེད་པས་འགན་འཁྲི་དང་ལེན་གང་ལེགས་དང་དངོས་སྒྲུབ་ཀྱིས་དམངས་འཚོའི་ཁས་ལེན་ལག་བསྟར་བྱེད་དགོས།ཀྲུའུ་ཞི་ཞི་ཅིན་ཕིང་གི་ལོ་གསར་གྱི་ཤིས་ཚིག་ཉན་རྗེས་ངའི་སེམས་པ་དགའ་སྤྲོའི་རྦ་རླབས་འཕྱུར་བ་དང་འགན་འཁྲི་ཕྲག་ཐོག་ཏུ་ཡོད་པ་ཚོར་བྱུང་ཞེས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་སྡེ་ཁུལ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀྲང་ཧུང་ཧྭ་ཡིས་བཤད་པའི་སྐད་ཆ་དེ་རྒྱ་ཆེའི་གཞི་རིམ་ལས་དོན་པའི་སེམས་གཏིང་གི་བསམ་ཚུལ་མཚོན་བྱུང་།མོས་ཤེས་ཚིག་ནང་དོ་ཁུར་བྱེད་པའི“རྒན་གཅིག་དང་ཆུང་གཅིག”གི་འགན་ལེན་དང་གཞི་རིམ་བཅོས་སྐྱོང་གི་སྤུས་ཚད་མཐོ་རུ་གཏོང་རྒྱུ་དེ་ནི་སྡེ་ཁུལ་ལས་དོན་གྱི་ལྟེ་བའི་ཁ་ཕྱོགས་ཤིག་ཡིན་པ་དང་། ལོ་གསར་པའི་ནང་ང་ཚོས་དུས་དང་རྣམ་པ་ཀུན་ཏུ་བློ་བདེ་པོ་མེད་པའི་འགན་འཁྲིའི་བསམ་པར་བརྟེན་ནས་ཀུན་ཕན་བུ་བཅོལ་དང་འགལ་ཟླ་འདུམ་འགྲིག་སོགས་དམངས་འཚོའི་ཞབས་ཞུ་ཡག་པོ་བྱེད་པ་དང་བྱ་སྤྱོད་ངོ་མའི་ཐོག་ནས་ཤེས་ཚིག་གི་སྙིང་སྟོབས་དེ་མཐོང་རྒྱ་ཆེ་བ་དང་ཐུག་རེག་ཐུབ་པའི་བདེ་སྐྱིད་ཚོར་སེམས་སུ་བསྒྱུར་ནས་དྲོ་སྐྱིད་ལྡན་པའི་སྡེ་ཁུལ་ཁྱིམ་གཞིས་མཉམ་དུ་བསྐྲུན་རྒྱུ་ཡིན་ཞེས་བཤད་པ་རེད།

ཐོག་མའི་བསམ་འདུན་བརྟན་སྲུང་དང་དམངས་འཚོ་སྲུང་སྐྱོང་བྱས་ནས་ལས་རིགས་ཀྱི་སྟོབས་ཤུགས་ལ་བརྟེན་ཏེ་བདེ་སྐྱིད་ཀྱི་རྨང་གཞི་བརྟན་པོ་འདིང་དགོས།འཇོལ་རྫོང་ཀོང་རྩེད་ར་གྲོང་རྡལ་ཀོང་རྩེད་ར་སྡེ་ཁུལ་འཕྲོད་བསྟེན་ཁང་དུ་ལོ་20ལྷག་ལ་ལས་སྒྲུབ་གནང་བའི་གྲོང་གསེབ་སྨན་པ་ཨ་མོས་ལོ་གསར་གྱི་ཤིས་ཚིག་ཉན་རྗེས་ཡུལ་མི་ཚོའི་བདེ་ཐང་ལ་སྲུང་སྐྱོང་བྱ་རྒྱུའི་དད་སེམས་སྔར་བས་བརྟན་དུ་ཕྱིན།ཤིས་ཚིག་ནང་གཞི་རིམ་མང་ཚོགས་ཀྱི་བདེ་སྡུག་དང་སྐྱིད་སྡུག་ལ་སེམས་ཁྲལ་བྱེད་པ་དེ་ནི་ང་ཚོ་གྲོང་གསེབ་སྨན་པའི་འགན་འཁྲི་ཞིག་རེད།འདས་ཟིན་པའི་ལོ་ཉི་ཤུ་ལྷག་ཙམ་རིང་ངས་གྲོང་གསེབ་ཀྱི་སྨན་བཅོས་ཆ་རྐྱེན་རྒྱུན་ཆད་མེད་པར་ལེགས་སུ་འགྲོ་བའི་དཔང་པོ་བྱེད་ཀྱི་ཡོད།སྨན་སྒམ་ཁུར་ནས་རི་ལུང་བརྒལ་ཏེ་སྨན་བཅོས་བྱེད་པ་ནས་འཕྲོད་བསྟེན་ཁང་གི་སྒྲིག་ཆས་རིམ་བཞིན་འཐུས་ཚང་དུ་འགྲོ་བ་དང་སྨན་མཁོ་འདོན་འབེལ་པོ་བྱུང་ནས་གྲོང་མི་ཚོ་རང་ཁྱིམ་གྱི་སྒོ་རྩར་སྨན་བཅོས་བྱེད་ཐུབ་པ་བྱུང་ཡོད།ལོ་གསར་པའི་ནང་ངས་ཐོག་མའི་བསམ་འདུན་མུ་མཐུད་དམ་འཛིན་བྱས་ནས་ཆེད་ལས་ཀྱི་སྨན་བཅོས་ལག་རྩལ་ལ་བརྟེན་ནས་སྡེ་ཁུལ་གྱི་གྲོང་མིའི་བདེ་ཐང་ལ་སྲུང་སྐྱོང་བྱས་ཏེ་ཤིས་ཚིག་ནང་གི་དྲོ་སྐྱིད་དེ་ང་ཚོའི་ལག་ནས་དུད་ཚང་ཚང་མར་བརྒྱུད་སྤྲོད་བྱེད་རྒྱུ་ཡིན་ཞེས་བཤད་བྱུང་།
ཁྲིམས་འཛིན་གྱིས་དམངས་ལ་བདེ་སྐྱིད་བསྐྲུན་པ་མངོན་པ།ཁྲིམས་སྐྱོང་གིས་བདེ་སྐྱིད་ལྡན་པའི་འཚོ་བར་སྲུང་སྐྱོབ་བྱས་ཡོད། འབའ་ལུང་རྫོང་གི་ཁྲིམས་དཔོན་ཞུང་ཅེ་ཆུང་གིས་ཤིས་ཚིག་ལས་ཁྲིམས་འཛིན་ལས་དོན་གྱི་ལས་འགན་དང་འགན་འཁྲི་གསལ་པོ་ཤེས་བྱུང་ཞིང་།ཁོང་གིས་གཞི་རིམ་གྱི་ཁྲིམས་དཔོན་ཞིག་ཡིན་པའི་ངོས་ནས་སྔ་ཕྱི་བར་གསུམ་དུ‘ང་རང་གི་གྱོད་གཞི་བརྗོད་པ’ལྟ་བུའི་བརྩེ་སེམས་བཅངས་ཏེ་མང་ཚོགས་ཀྱི་བྲེལ་འཚུབ་དཀའ་སྡུག་དང་དོགས་འདུན་སེམས་ནང་འཇོག་པ་དང་དམངས་འཚོའི་གྱོད་གཞི་རེ་རེ་བཞིན་འདྲི་ཞིབ་འོས་འཚམ་བྱས་ནས་ཁྲིམས་འཛིན་ཞབས་ཞུ་ཡག་པོ་བྱས་ཏེ་དྲང་གཞག་ངང་ཁྲིམས་འཛིན་བྱས་པ་བརྒྱུད་མི་རིགས་ཁག་གི་མང་ཚོགས་ལ་ཁྲིམས་སྐྱོང་གི་དྲོ་སྐྱིད་ཚོར་ཐུབ་པ་བྱེད་ཀྱི་ཡིན་ཞེས་བཤད།
རྟེན་འབྲེལ་ཤེས་ཚིག་གིས་འབད་འབུངས་སྐུལ་བ་དང་།ཐོག་མའི་བསམ་འདུན་གྱིས་མ་འོངས་པར་ཕྱོགས་པ།སྡེ་ཁུལ་གྱི་བདེ་སྐྱིད་འཕེལ་འགྱུར་ནས་གྲོང་གསེབ་ཀྱི་མཐུན་སྒྲིལ་འཆམ་མཐུན་དང་།སྨན་བཅོས་ཀྱི་འཐབ་ས་དང་པོར་ལས་གནས་བརྟན་སྲུང་དང་ལེགས་སྐྱེས་འབུལ་བ་ནས་ཁྲིམས་འཛིན་ལས་གནས་ཐོག་དམངས་དོན་དུ་དྲང་གཞག་བྱེད་པ།བདེ་ཆེན་གྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོས་ཀྲུའུ་ཞི་ཞི་ཅིན་ཕིང་གི་ལོ་གསར་ཤིས་ཚིག་གི་དྲོ་སྐྱིད་དང་ལྕག་སྐུལ་དེ་འབད་འཐབ་ཀྱི་སྙིང་སྟོབས་ལ་བརྩིས་ནས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་བསྒྱུར་བ་དང་།མཐུན་སྒྲིལ་འབད་འཐབ་ཀྱི་ཉམས་འགྱུར་དང་འགན་འཁྲི་ཁུར་ཕོད་པའི་བྱ་སྤྱོད་ཐོག་ནས་མཉམ་དུ་དེ་བས་མཛེས་སྡུག་ལྡན་པའི་འཚོ་བའི་ལེའུ་གསར་པ་བརྩམ་རྒྱུ་རེད།
责任编辑:万玛措
- ཀྲོའུ་ནང་ཁུལ་གྱི་མགོ་གཙོ་
ཀྲུའུ་ཞི་ཞི་ཅིན་ཕིང་གིས་གནང་བའི་ཉིས་སྟོང་བརྒྱ་མེད་ཉི་ཤུ་རྩ་དྲུག་ལོའི་ལོ་གསར་གྱི་ཤེས་ཚིག་ལ་བདེ་ཆེན་གྱི་ལས་བྱེད་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།
བདེ་ཆེན་སེམས་ཀྱི་ཉི་ཟླའི2026ལོའི་དམངས་ཡོངས་ལུས་སྦྱོང་དང་གྲོང་ཁྱེར་དུ་རྒྱུག་ཤར་གློད་པའི་བྱེད་སྒོ་སྐབས་44པ་སྤེལ།
བདེ་ཆེན་ཁུལ་གྱིས་“སྤུས་ཚད་མཐོ་བའི་སྒོ་ནས་‘ལོ་ལྔ་ཚན་བཅུ་བཞི་པའི’འཆར་འགོད་ལེགས་གྲུབ་ཡོང་བའི”རིམ་སྤེལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་འབའ་ལུང་རྫོང་གི་ཆེད་དོན་ཚོགས་འདུ་འཚོགས་པ།
ལུའོ་ཁྲའོ་ཧྥེང་གིས་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་བརྟག་ཞིབ་གནང་སྐབས་ཆབ་སྲིད་ཀྱི་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་ཆེ་རུ་བཏང་ནས་གཞི་རིམ་གྱི་དམག་འཐབ་མཁར་རྫོང་བརྟན་དུ་གཏོང་དགོས་པའི་ནན་བཤད་གནང་བ།
ཁུལ་ཨུའི་ཆེད་དོན་ཚོགས་འདུའི་ཐོག་སྐྱེ་ཁམས་རྨང་གཞིར་བྱས་ཏེ་ནགས་ཕག་མཚོ་ཡུལ་སྐོར་ཁུལ་བཏོད་དེ་ས་ཁོངས་ཧྲིལ་པོའི་རིག་གནས་ཡུལ་སྐོར་གྱི་སྤུས་ཚད་མཐོ་རུ་དང་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་།
ལུའོ་ཁྲའོ་ཧྥེང་གིས་དཀའ་ངལ་ཡོད་པའི་ལས་བཟོ་བ་དང་ལས་ཡུལ་དང་པོའི་ཐོན་ལས་བཟོ་པར་འཚམས་འདྲི་བྱས།
ཆམ་པའི་སྨན་དང་ཚ་བ་གཅོག་པའི་སྨན་མཉམ་དུ་གཏོང་མི་རུང་།
དམངས་འཚོ་སྔར་ལས་མང་པོ་དེ་བདེ་སྐྱིད་ལྡན་པའི་ཡུལ་ལྗོངས་སུ་བསྒྱུར་བ། —— བདེ་ཆེན་ཁུལ་གྱི་ཏང་ཡོན་ལས་བྱེད་པས་ཁུལ་ཨུའི་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་དང་ཁུལ་ཨུའི་དཔལ་འབྱོར་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་གོ་བ་ནན་ཏན་ལེན་དགོས།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108
