བདེ་ཆེན་རུ་ཁག་5:6གི་སྐར་འབྲས་ཀྱིས་ཁུན་མིང་རུ་ཁག་ལས་ཕམ་པ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ1པོའི་ཚེས2ཉིན། 2025/2026ཧྥུ་ཏན་དངུལ་ཁང་ཡུན་ནན་ཞིང་ཆེན་གྲོང་ཁྱེར་རྐང་རྩེད་སྤོ་ལོའི་མཉམ་འགྲན་གྱི་རེས་སྐོར་3པའི་འགྲན་བསྡུར་ཐེངས་19པ་བདེ་ཆེན་སེམས་ཀྱི་ཉི་ཟླ་མི་རིགས་ལུས་རྩས་ལྟེ་གནས་ཕྱོགས་བསྡུས་ལུས་རྩལ་ཐང་དུ་སྤེལ་བ་རེད། མཇུག་འགྲིལ་གྱི་དུང་བརྡ་གཏོང་ལ་ཉེ་བའི་མཐའ་མའི་དུས་ཚོད་ནང་།ཁུན་མིང་རུ་ཁག་གིས་དུས་གསབ་ཀྱི་དུས་རིམ་དུ་ཆེས་འགག་རྩའི་སྤོ་ལོ་འཕངས་ནས། འགྲན་བསྡུར་གྱི་བསྡུར་གྲངས་དེ་1:1ལ་བཏང་བ་དང་། ཛ་དྲག་གི་འགྲན་བསྡུར་བྱས་པ་བརྒྱུད། མཐར་བདེ་ཆེན་རུ་ཁག་5:6གི་སྐར་འབྲས་ཀྱིས་ཁུན་མིང་རུ་ཁག་ལས་ཕམ་པ་རེད།


འགྲན་བསྡུར་སྔོན་གྱི་འགྲན་ཁུལ་དུ་རྫོང་སྟུག་པའི་མི་རིགས་རིག་གནས་ཀྱི་སྣང་ཉམས་ག་ས་གང་དུ་ཁྱབ་འདུག 《སེམས་ཀྱི་ཉི་ཟླར་ཞབས་བྲོ་འཁྲབ་པ》དང་།《བདེ་ཆེན་ཕོ་རྒོད》སོགས་གླུ་གར་འཁྲབ་ཚན་གཅིག་རྗེས་གཉིས་མཐུད་དུ་འཁྲབ་སྟོན་བྱས་པ་དང་།མི་རིགས་ཀྱི་གཟབ་མཆོར་ལེགས་པར་སྤྲས་པའི་འཁྲབ་སྟོན་པས་སྒེག་ཉམས་དོད་པའི་ཞབས་བྲོ་དང་སྙན་འཇེབས་ལྡན་པའི་གླུ་སྒྲས་ས་མཐོའི་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་དང་འགྲན་རའི་རྣམ་པ་གཉིས་མཉམ་འདྲེས་གཏིང་ཟབ་བྱས་ནས། ཡུལ་དངོས་ཀྱི་ལྟད་མོ་བར་བདེ་ཆེན་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཚོར་ཐུབ་པ་མ་ཟད།འགྲན་ར་འདི་ཉིད་ས་གནས་ཀྱི་མི་ཆོས་རིག་གནས་ཀྱི་ཁྱད་ཆོས་མངོན་པའི་སྐར་ཁུང་ལྟ་བུར་གྱུར་ཡོད།



ཆུ་ཚོད15སྟེང་།འགྲན་བསྡུར་དངོས་སུ་འགོ་བརྩམས།འགྲན་སྟོད་འགོ་ཚུགས་དུས་རིམ་དུ་ཕྱོགས་གཉིས་པོ་མགྱོགས་མྱུར་ངང་རྩལ་འགྲན་གྱི་རྣམ་པར་སླེབས་ནས་རྒོལ་འགོག་བརྗེ་སྒྱུར་གྱི་མྱུར་ཚད་ཧ་ཅང་མགྱོགས་པ་རེད། འགྲན་སྟོད་ཀྱི་དུས་གསབ་དུས་རིམ་དུ་བདེ་ཆེན་རུ་ཁག་ལ་ཟུར་ལྒང་འཕེན་པའི་གོ་སྐབས་རག་པ་དང་། ཨང10པའི་བཀྲ་ཤིས་ཕུན་ཚོགས་ཀྱིས་སྤོ་ལོ་གྲུག་སྒོ་ནང་འཕེན་པས། སྐད་ཅིག་དེར། ཡུལ་དངོས་ཀྱི་ལྟད་མོ་བ་རྣམས་དགའ་སྤྲོ་རབ་ཏུ་འཁོལ་བ་དང་།དགའ་འབོད་དུས་གཅིག་ཏུ་འབྲུག་སྒྲ་ལྟར་གྲགས་ལ།རྒྱལ་དར་དུས་གཅིག་ཏུ་གཡོ་བས་འགྲན་རའི་རྣམ་པ་ཡང་རྩེར་སླེབས་བྱུང་། འགྲན་སྨད་དུ། ཛ་དྲག་གི་འགྲན་བསྡུར་བརྒྱུད།ཆེས་མཐའ་མའི་སྐར་མ་གཅིག་ནང་ཁུན་མིང་རུ་ཁག་ལ་ཟུར་ལྒང་འཕེན་པའི་གོ་སྐབས་ཐོབ་ལ། མཐར་1:1གྱི་སྐར་གྲངས་ཀྱིས་རུ་ཁག་གཉིས་ཀྱི་སྐར་གྲངས་འདྲ་མཉམ་དུ་འགྱུར་བས། ཡུལ་དངོས་ཀྱི་སྤོ་ལོ་དགའ་མཁན་ཚང་མ་འུར་ལངས་ཤིང་འགྲན་བསྡུར་ཡང་དེ་དང་བསྟུན་ནས་ཆད་གྲུག་གི་སྐབས་སུ་སླེབས། ཆད་གྲུག་འགྲན་བསྡུར་གྱི་སྐབས་སུ།ཕྱོགས་གཉིས་པའི་སྤོ་ལོ་རྒྱག་མཁན་གྱིས་བབ་བརླིང་ངང་འགྲན་བསྡུར་བྱས། མཐར་བདེ་ཆེན་རུ་ཁག་5:6གི་སྐར་འབྲས་ཀྱིས་ཁུན་མིང་རུ་ཁག་ལས་ཕམ།


ད་ཐེངས་ཀྱི་འགྲན་བསྡུར་དེ་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཞིག་ཡིན་པ་མ་ཟད།“མི་རིགས་རིག་གནས་དང་ལུས་རྩལ་འགྲན་བསྡུར་”ཟུང་འབྲེལ་བྱས་པའི་མཉམ་འདྲེས་ཀྱི་རྣམ་པའི་ཐོག་ནས་ས་མཐོའི་ཉམས་འགྱུར་དང་རྐང་རྩེད་སྤོ་ལོའི་སྤྲོ་སེམས་འཁོལ་བའི་ཉམས་འགྱུར་གཉིས་འདྲེས་ནས་དམིགས་བསལ་གྱི་མེ་སྟག་མང་པོ་འཕྱུར་ཡོད།མི་རིགས་རིག་གནས་ཀྱིས་འགྲན་བསྡུར་ལ་དམིགས་བསལ་གྱི་ཁྱད་ཆོས་བསྣན་ནས་འགྲན་བསྡུར་གྱི་ནང་དོན་ཕུན་སུམ་ཚོགས་སུ་བཏང་བ་དང་ཆབས་ཅིག་རྐང་རྩེད་སྤོ་ལོའི་ལུས་རྩལ་ས་གནས་ཀྱི་འཚོ་བ་དང་དེ་བས་འདྲེས་ནས་བདེ་ཆེན་གྱི་ལུས་རྩལ་རིག་གནས་ཁྱབ་གདལ་ལ་སྐུལ་འདེད་གཏོང་བའི་གཞི་རྟེན་གསོན་ཉམས་དོད་པོ་ཞིག་ཏུ་གྱུར་ཡོད་པ་རེད།
责任编辑:万玛措
- ཀྲོའུ་ནང་ཁུལ་གྱི་མགོ་གཙོ་
བདེ་ཆེན་རུ་ཁག་5:6གི་སྐར་འབྲས་ཀྱིས་ཁུན་མིང་རུ་ཁག་ལས་ཕམ་པ།
ཀྲུའུ་ཞི་ཞི་ཅིན་ཕིང་གིས་གནང་བའི་ཉིས་སྟོང་བརྒྱ་མེད་ཉི་ཤུ་རྩ་དྲུག་ལོའི་ལོ་གསར་གྱི་ཤེས་ཚིག་ལ་བདེ་ཆེན་གྱི་ལས་བྱེད་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།
བདེ་ཆེན་སེམས་ཀྱི་ཉི་ཟླའི2026ལོའི་དམངས་ཡོངས་ལུས་སྦྱོང་དང་གྲོང་ཁྱེར་དུ་རྒྱུག་ཤར་གློད་པའི་བྱེད་སྒོ་སྐབས་44པ་སྤེལ།
བདེ་ཆེན་ཁུལ་གྱིས་“སྤུས་ཚད་མཐོ་བའི་སྒོ་ནས་‘ལོ་ལྔ་ཚན་བཅུ་བཞི་པའི’འཆར་འགོད་ལེགས་གྲུབ་ཡོང་བའི”རིམ་སྤེལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་འབའ་ལུང་རྫོང་གི་ཆེད་དོན་ཚོགས་འདུ་འཚོགས་པ།
ལུའོ་ཁྲའོ་ཧྥེང་གིས་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་བརྟག་ཞིབ་གནང་སྐབས་ཆབ་སྲིད་ཀྱི་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་ཆེ་རུ་བཏང་ནས་གཞི་རིམ་གྱི་དམག་འཐབ་མཁར་རྫོང་བརྟན་དུ་གཏོང་དགོས་པའི་ནན་བཤད་གནང་བ།
ཁུལ་ཨུའི་ཆེད་དོན་ཚོགས་འདུའི་ཐོག་སྐྱེ་ཁམས་རྨང་གཞིར་བྱས་ཏེ་ནགས་ཕག་མཚོ་ཡུལ་སྐོར་ཁུལ་བཏོད་དེ་ས་ཁོངས་ཧྲིལ་པོའི་རིག་གནས་ཡུལ་སྐོར་གྱི་སྤུས་ཚད་མཐོ་རུ་དང་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་།
ལུའོ་ཁྲའོ་ཧྥེང་གིས་དཀའ་ངལ་ཡོད་པའི་ལས་བཟོ་བ་དང་ལས་ཡུལ་དང་པོའི་ཐོན་ལས་བཟོ་པར་འཚམས་འདྲི་བྱས།
ཆམ་པའི་སྨན་དང་ཚ་བ་གཅོག་པའི་སྨན་མཉམ་དུ་གཏོང་མི་རུང་།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108
