བདེ་ཆེན་ཁུལ་གྱིས་“སྤུས་ཚད་མཐོ་བའི་སྒོ་ནས་‘ལོ་ལྔ་ཚན་བཅུ་བཞི་པའི’འཆར་འགོད་ལེགས་གྲུབ་ཡོང་བའི”རིམ་སྤེལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་འབའ་ལུང་རྫོང་གི་ཆེད་དོན་ཚོགས་འདུ་འཚོགས་པ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་12པའི་ཚེས་31ཉིན་བདེ་ཆེན་ཁུལ་གྱིས་“སྤུས་ཚད་མཐོ་བའི་སྒོ་ནས་‘ལོ་ལྔ་ཚན་བཅུ་བཞི་པའི’འཆར་འགོད་ལེགས་གྲུབ་ཡོང་བའི་རིམ་སྤེལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་འབའ་ལུང་རྫོང་གི་ཆེད་དོན་ཚོགས་འདུ་འཚོགས་པ་དང་། འབའ་ལུང་རྫོང་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་“ལོ་ལྔ་ཚན་བཅུ་བཞི་པའི”ཚུན་གྱི་རྫོང་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ཕྱོགས་ཡོངས་ནས་ངོ་སྤྲོད་བྱས། འབའ་ལུང་རྫོང་ཨུ་དང་རྫོང་སྲིད་གཞུང་གི་འབྲེལ་ཡོད་འགོ་ཁྲིད་དང་། མཐའ་ཆུ་གྲོང་རྡལ་ཏང་ཨུ། ཁུལ་སྐྱེ་ཁམས་ཁོར་ཡུག་ཅུས་འབའ་ལུང་ཡན་ལག་ཅུས་ཀྱི་འགན་འཁུར་བས་གསར་འགོད་པའི་དྲི་བར་ལན་བསྐྱོན་པ་རེད།

མི་རིགས་མཉམ་འདྲེས་ཀྱི་རྨང་གཞི་བརྟན་པ་དང་སྤྱི་ཚོགས་ཀྱི་སྤྱི་ཡོངས་བརྟན་ལྷིང་དང་གོ་རིམ་ལྡན་པ་བྱུང་ཡོད། ཀྲུང་གོའི་(འབའ་ལུང)སྣ་མའི་མེ་ཏོག་དངོས་མང་སྟོན་ཚོགས་སྐབས་31པ་དང་། ཧྲང་ཧའེ་དང་ཡུན་ནན་རོགས་སྐྱོར་གྱི་ལོ་ངོ་20 རང་སྐྱོང་རྫོང་བཙུགས་ནས་ལོ་ངོ་40འཁོར་བ་སོགས་ཀྱི་དུས་སྟོན་དང་རྟེན་འབྲེལ་ཞུ་བའི་བྱེད་སྒོ་བདེ་བླག་ངང་སྤེལ་ཡོད།མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དགུ་སྤེལ་བྱེད་སྒོ་ཞེས་པ་གཏིང་ཟབ་ཏུ་སྤེལ་བ་དང་། རྒྱལ་ཁབ་དང་ཞིང་ཆེན་དང་ཁུལ་རིམ་པའི་དཔེ་སྟོན་ལས་ཁུངས་ཁག་ཅིག་གསར་འཛུགས་བྱས་ཤིང་། འབའ་ལུང་རྫོང་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་ཁག་བཅུ་གཉིས་པའི་དཔེ་སྟོན་ལས་ཁུངས་ཀྱི་མིང་ཐོ་ནང་ལེགས་འགྲུབ་ངང་ཚུད་པ་དང་། མཐའ་ཆུ་གྲོང་རྡལ་ཏང་ཨུ་ལ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཐུན་མོང་གི་མཚན་སྙན་ཐོབ་པ་རེད།ཆོས་ལུགས་ལས་དོན་དོ་དམ་ཚད་ལྡན་དང་གོ་རིམ་ཡོད་པ་དང་། སྤྱི་ཚོགས་བཅོས་སྐྱོང་གི་ཕན་ནུས་རྒྱུན་མཐུད་ངང་ཆེ་རུ་ཕྱིན་པ། དུས་བདེའི་འབའ་ལུང་དང་ཁྲིམས་སྐྱོང་འབའ་ལུང་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་བཏང་བ། བདེ་འཇགས་ཐོན་སྐྱེད་ཀྱི་གནས་བབ་བརྟན་བརླིང་ཡིན་པ། མང་ཚོགས་ཀྱི་བདེ་འཇགས་བློ་ཡིད་ཚིམ་ཚད་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།
རྫོང་ཁོངས་དཔལ་འབྱོར་གྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་ཕྱིན་ནས་འཕེལ་རྒྱས་ཀྱི་འདེགས་སྐྱོར་བརྟན་ལ་ནུས་ལྡན་བྱུང་ཡོད།སྤྱི་ཚོགས་ཀྱི་འཛད་རྫས་སིལ་འཚོང་བསྡོམས་འབོར་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སོགས་དཔལ་འབྱོར་དམིགས་ཚད་བརྟན་པོའི་ངང་འཕར་སྣོན་བྱུང་བ་དང་། གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་ལོ་རེར་ཆ་སྙོམས་འཕར་ཚད་ཁུལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ། གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ལོ་རེར་ཆ་སྙོམས་འཕར་ཚད་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་བྱུང་ཡོད། 2021་ལོར་ཡུན་ནན་ཞིང་ཆེན་གྱི་རྫོང་ཁོངས་མཆོང་སྐྱོད་འཕེལ་རྒྱས་ཀྱི་སྔོན་ཐོན་རྫོང་གི་མཚན་སྙན་ཞེས་པ་ཐོབ་ཡོད།ལོ་ལྔའི་རིང་རིམ་རྩིས་བྱས་ན་རྫོང་རིམ་པའི་གཙོ་གནད་རྣམ་གྲངས་161ལག་བསྟར་བྱས་པར་མ་འཇོག་སྒོར་དུང་ཕྱུར་317.94ལེགས་གྲུབ་བྱུང་བ་དང་། འགྲིམ་འགྲུལ་དང་ཆུ་བེད་སོགས་རྣམ་གྲངས་གལ་ཆེན་ཁག་གཅིག་ལ་ཚད་བརྒལ་རང་བཞིན་གྱི་འཕེལ་རྒྱས་བྱུང་ཡོད།
གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་གྱི་ཡིག་ཚགས་རིམ་སྤོར་བྱས་ནས་རྨང་གཞིའི་འགན་ལེན་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་ཡོད།རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ་དུ་རིམ་པ་གསུམ་གྱི་གཞུང་ལམ་ཤར་གཏོང་ཐུབ་ཚད་དང་གྲོང་ཚོར་(་ཚོ་ཆུང་)་གཞུང་ལམ་མཁྲེགས་འགྱུར་བྱེད་ཚད་100%ཟིན་པ་དང་། ཤང་དང་གྲོང་རྡལ་གྱི་གློག་སྦྱོར་རང་འགུལ་ཅན་གྱི་ཁེབས་ཚད་100%ཟིན་ནས་རྫོང་ཁོངས་ཀྱི་དུད་ཚང་20ཡན་གྱི་རང་བྱུང་གྲོང་ཚོར་4Gདྲ་བ་དང་5Gདྲ་བ། ཀྲའོ་སྟོང་གི་དྲ་བ་ཁྱོན་ཡོངས་ལ་ཁྱབ་ཐུབ་པ་བྱུང་སྟེ་དེང་རབས་ཅན་གྱི་གྲོང་གསེབ་ཀྱི་གློག་དྲ་འཛུགས་སྐྲུན་བྱ་རྒྱུ་དེ་ཞིང་ཆེན་རིམ་པའི་དཔེ་སྟོན་ཞིག་ཏུ་གྱུར་ཡོད།ཡུན་ནན་ཞིང་ཆེན་གྱི་མཛེས་སྡུག་ལྡན་པའི་རྫོང་གྲོང་དང་སྐྱེད་ཚལ་གྲོང་ཁྱེར། འཕྲོད་བསྟེན་རྫོང་གྲོང་བཅས་གྲུབ་འབྲས་ཐོབ་པའི་ངང་བཏོད་ཡོད།རིམ་རྩིས་བྱས་ན་ལྟ་ཞིབ་ཚད་ལེན་བྱ་ཡུལ་དུད་ཚང་1411གི་མི་4848དབྱེ་འབྱེད་ངོས་འཛིན་བྱས་པ་དང་དབུལ་པོ་བསྐྱར་ལོག་དང་དབུལ་པོར་འགྱུར་བའི་ཉེན་ཁ་དུད་ཚང་1167གྱི་མི་3991སེལ་ནས་རེས་སྐོར་གཉིས་པའི་ས་ཞིང་འགན་གཙང་ལེན་གྱི་དུས་ཚོད་ཐིམ་རྗེས་སླར་ཡང་ལོ་སུམ་ཅུ་ནར་འགྱངས་བྱེད་པའི་སྔོན་སྐྱོད་ཚོད་ལྟའི་ལས་དོན་ཁྱོན་ཡོངས་ནས་ལེགས་སྒྲུབ་བྱས་ཏེ་སྤུས་ལེགས་དཔེ་སྟོན་ཤང་གྲོང་དང་མཛེས་སྡུག་ལྡན་པའི་གྲོང་ཚོ་ཁག་གཅིག་བཏོད་པ་རེད།
ཐོན་ལས་འཕེལ་རྒྱས་ལ་ཕན་འབྲས་མང་དུ་ཐོན་པ་དང་། སྐྱེ་ཁམས་ཀྱི་ལེགས་ཆ་རྒྱུན་མཐུད་ངང་མངོན་པར་བྱས་ཡོད།འབྲུ་རིགས་སྤྱིའི་ཐོན་ཚད་ཏུན་ཁྲི་7.8ལས་བརྒལ་ནས་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་མུའུ་ཁྲི་14.25ལེགས་གྲུབ་བྱུང་ཡོད།ཐོ་པ་ཆུ་ཤུགས་གློག་ཁང་སོགས་ནུས་རྒྱུའི་རྣམ་གྲངས་གལ་ཆེན་སྔ་རྗེས་སུ་ཐོན་སྐྱེད་བྱེད་འགོ་ཚུགས་པ་དང་རྫོང་ཡོངས་ཀྱི་སྤྱིའི་གློག་འདོན་འཕྲུལ་འཁོར་གྱི་གློག་འདོན་ཚད་ཆན་ཝ་ཁྲི་158ལས་བརྒལ་ཡོད།རིམ་རྩིས་བྱས་ན་ཡུལ་སྐོར་བ་མི་ཐེངས་ཁྲི་1493.2་སྣེ་ལེན་ཞུས་པ་དང་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་150ལས་བརྒལ་ནས་འཛམ་གླིང་གི་སེམས་ཀྱི་ཉི་ཟླའི་སྤུས་རྟགས་ཀྱི་ལག་ལེན་དངོས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་བཏང་ཡོད།
སྐྱེ་ཁམས་བཅོས་སྐྱོང་གནད་སྨིན་ཤུགས་འདོན་བྱས་པས་ཁོར་ཡུག་གི་སྤུས་ཚད་བརྟན་པོའི་ངང་ལེགས་སུ་ཕྱིན་ཡོད།ནགས་དཔོན་ལམ་ལུགས་དང་ཆུ་བོ་དང་མཚེའུ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་བཏང་སྟེ་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལ་རྒྱུན་མཐུད་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་དཔེ་སྟོན་ཁུལ་གྲུབ་འབྲས་ཐོབ་པའི་ངང་བཏོད་ཡོད།རྫོང་གྲོང་གི་ཁོར་ཡུག་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་བསྡུར་ཚད་99%ཡན་རྒྱུན་མཐུད་ངང་རྒྱུན་འཁྱོངས་ཐུབ་པ་དང་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོའི་ཆུའི་སྤུས་ཚད་བརྟན་པོའི་ངང་ཚད་ལོན་པ་དང་ས་རྒྱུའི་ཁོར་ཡུག་སྤུས་ཚད་སྤྱིའི་ཆ་ནས་བརྟན་པོ་ཡོད།སྐྱེ་ཁམས་སྲུང་སྐྱོང་སླར་གསོའི་ལས་གྲྭ་ལག་བསྟར་གཏིང་ཟབ་བྱས་པས་ནགས་ཚལ་ཁེབས་ཚད་72.81%ཟིན་པ་དང་ལོ་2རིང་བསྟུད་མར་རྒྱལ་ཁབ་ཀྱི་གཙོ་གནད་སྐྱེ་ཁམས་ནུས་པའི་ས་ཁུལ་གྱི་རྫོང་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྤུས་ཚད་ལྟ་ཞིབ་ཚད་ལེན་དང་གདེང་འཇོག་ཁྲོད་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་དང་རྫོང་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྤུས་ཚད་རྒྱུན་མཐུད་ངང་ལེགས་སུ་ཕྱིན་ཡོད།
དམངས་འཚོ་འགན་ལེན་གྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་ཕྱིན་ནས་བདེ་སྐྱིད་སྟོན་གྲངས་རིམ་བཞིན་འཕར་བ།དམངས་འཚོའི་གཏོང་སྒོས་སྤྱི་པའི་སྔོན་རྩིས་གཏོང་སྒོའི་ནང་བཟུང་བའི་བསྡུར་ཚད་84%ཡན་རྒྱུན་འཁྱོངས་ཐུབ་ཡོད།སློབ་ཞུགས་མ་བྱས་གོང་གི་ལོ་གསུམ་ནང་བུ་བཅོལ་ཁང་དུ་ཞུགས་ཚད་དང་། ལོ་དགུའི་འོས་འགན་སློབ་གསོ་སྲ་བརྟན་དུ་གཏོང་ཚད། མཐོ་རིམ་སློབ་འབྲིང་དུས་རིམ་གྱི་་སློབ་མ་སློབ་གྲྭར་ཞུགས་ཚད་བཅས་མངོན་གསལ་མཐོ་རུ་ཕྱིན་ཡོད།2025ལོར་མཐོ་རྒྱུགས་ཀྱི་རྒྱུགས་འབྲས་ལ་ཚད་བརྒལ་ཆེན་པོ་བྱུང་། དངོས་གཞིའི་ཚན་ཁག་གི་སྐུད་ལམ་དུ་ཞུགས་ཚད་86.04%ཟིན་ཡོད།རྫོང་མི་དམངས་སྨན་ཁང་གི་འཕྲལ་བཅོས་མྱུར་སྐྱོབ་ལྟེ་གནས་ཆེན་པོ་ལྔ་བསྐྲུན་ཟིན་པ་མ་ཟད་ཀ་པ་རིམ་པ་གཉིས་པའི་བསྐྱར་ཞིབ་བདེ་བླག་ངང་གྲུབ་པ་དང་། རྫོང་ཀྲུང་ལུགས་བོད་ལུགས་སྨན་ཁང་དང་རྫོང་མི་དམངས་སྨན་ཁང་པའེ་ཅི་ཞུན་ཡན་ལག་ཁང་བེད་སྤྱོད་གཏོང་འགོ་ཚུགས་པ་དང་རྫོང་ཡོངས་ཀྱི་ཤང་གྲོང་འཕྲོད་བསྟེན་ཁང་100%་རྒྱལ་ཁབ་ཀྱི་གཞི་རྩའི་ཞབས་ཞུའི་ནུས་པའི་ཚད་གཞིར་སླེབས་ནས་ཞིང་ཆེན་རིམ་པའི་བདེ་ཐང་སྐུལ་འདེད་དཔེ་སྟོན་རྫོང་གྲུབ་འབྲས་ཐོབ་པའི་ངང་བཏོད་ཡོད། གཞི་རྩའི་རྒན་གསོའི་འགན་བཅོལ་ནང་ཞུགས་ཚད་96%ཟིན་པ་དང་ལས་ཞུགས་ཀྱི་བདེ་སྐྱིད་ནང་གི་སྡེ་ཁུལ་ཞེས་པའི་དཔེ་དབྱིབས་གཏོད་པ་དང་ཁྱབ་གདལ་བཏང་བས་རྫོང་དང་ཤང་དང་གྲོང་ཚོ་བཅས་རིམ་པ་གསུམ་གྱི་རྒན་གསོ་དང་བྱིས་པར་གཅེས་སྐྱོང་བྱེད་པའི་ཞབས་ཞུའི་མ་ལག་གཞི་རྩའི་ཆ་ནས་བསྐྲུན་ཐུབ་པ་བྱུང་ཡོད།རིམ་ཁག་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་མི་གྲངས་125་ཟིན་པ་དང་རིག་རྩལ་བརྩམས་ཆོས་ཁག་གཅིག་ལ་རྒྱལ་ཁབ་རིམ་པའི་སྐར་ཚོགས་བྱ་དགའ་དང་ཞིང་ཆེན་རིམ་པའི་ཚོན་སྤྲིན་བྱ་དགའ་ཐོབ་ཡོད།གྲོང་གསར་ལུས་རྩལ་སྤྱི་གླིང་སོགས་འཛུགས་སྐྲུན་11ལེགས་གྲུབ་ཟིན་པ་དང་རྫོང་ཡོངས་སུ་རྒྱུན་དུ་སྦྱོང་བརྡར་ནང་ཞུགས་མཁན་མི་འབོར་གྱི་བསྡུར་ཚད་51.2%བར་འཕར་ཡོད།
责任编辑:万玛措
- ཀྲོའུ་ནང་ཁུལ་གྱི་མགོ་གཙོ་
ལུའོ་ཁྲའོ་ཧྥེང་གིས་འབའ་ལུང་རྫོང་དུ་བརྟག་ཞིབ་དང་བཞུགས་མོལ་གནང་སྐབས་ཡིད་ཆེས་དང་འགན་འཁྲི་འཁུར་སེམས་ཆེ་རུ་བཏང་ནས་སྣང་བརྙན་གསར་པ་དང་རྣམ་པ་གསར་པར་བརྟེན་ནས “ལོ་ལྔ་ཚན་བཅོ་ལྔ་པ”འགོ་ཡག་པོ་འཛུགས་པར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ།
བདེ་ཆེན་ཁུལ་གྱིས་“སྤུས་ཚད་མཐོ་བའི་སྒོ་ནས་‘ལོ་ལྔ་ཚན་བཅུ་བཞི་པའི’འཆར་འགོད་ལེགས་གྲུབ་ཡོང་བའི”རིམ་སྤེལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་འབའ་ལུང་རྫོང་གི་ཆེད་དོན་ཚོགས་འདུ་འཚོགས་པ།
ཁུལ་ཡོངས་ཀྱི་རྣམ་གྲངས་ལས་དོན་གྱི་ཆེད་དོན་ཚོགས་འདུ་འཚོགས་པ།
ཁུལ་ཨུའི་བརྟན་ལྷིང་སྲུང་སྐྱོང་ལས་ཀའི་ཆེད་དོན་གྲོས་ཚོགས་འཚོགས།
བདེ་ཆེན་རུ་ཁག་5:6གི་སྐར་འབྲས་ཀྱིས་ཁུན་མིང་རུ་ཁག་ལས་ཕམ་པ།
ཀྲུའུ་ཞི་ཞི་ཅིན་ཕིང་གིས་གནང་བའི་ཉིས་སྟོང་བརྒྱ་མེད་ཉི་ཤུ་རྩ་དྲུག་ལོའི་ལོ་གསར་གྱི་ཤེས་ཚིག་ལ་བདེ་ཆེན་གྱི་ལས་བྱེད་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།
བདེ་ཆེན་སེམས་ཀྱི་ཉི་ཟླའི2026ལོའི་དམངས་ཡོངས་ལུས་སྦྱོང་དང་གྲོང་ཁྱེར་དུ་རྒྱུག་ཤར་གློད་པའི་བྱེད་སྒོ་སྐབས་44པ་སྤེལ།
བདེ་ཆེན་ཁུལ་གྱིས་“སྤུས་ཚད་མཐོ་བའི་སྒོ་ནས་‘ལོ་ལྔ་ཚན་བཅུ་བཞི་པའི’འཆར་འགོད་ལེགས་གྲུབ་ཡོང་བའི”རིམ་སྤེལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་འབའ་ལུང་རྫོང་གི་ཆེད་དོན་ཚོགས་འདུ་འཚོགས་པ།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108
