ལུའོ་ཁྲའོ་ཧྥེང་གིས་འབའ་ལུང་རྫོང་དུ་བརྟག་ཞིབ་དང་བཞུགས་མོལ་གནང་སྐབས་ཡིད་ཆེས་དང་འགན་འཁྲི་འཁུར་སེམས་ཆེ་རུ་བཏང་ནས་སྣང་བརྙན་གསར་པ་དང་རྣམ་པ་གསར་པར་བརྟེན་ནས “ལོ་ལྔ་ཚན་བཅོ་ལྔ་པ”འགོ་ཡག་པོ་འཛུགས་པར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ།

ཟླ་1པོའི་ཚེས་5ཉིན་ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་འབའ་ལུང་རྫོང་དུ་བརྟག་ཞིབ་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་པར་གཙོ་སྐྱོང་གནང་སྐབས། འབའ་ལུང་རྫོང་གི་རིམ་ཁག་འགོ་ཁྲིད་ལས་བྱེད་པས་འཕེལ་རྒྱས་ཀྱི་ཡིད་ཆེས་སྔར་བས་བརྟན་དུ་གཏོང་བ་དང་ལས་སྒྲུབ་ལས་གཏོད་ཀྱི་སྙིང་སྟོབས་ཆེ་རུ་གཏོང་བ།ཁུལ་ཨུའི་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་ཐོག་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་ནས་དངོས་འཛིན་དོན་གཉེར་དང་འགན་འཁྲི་འཁུར་ཕོད་པ་བྱས་ཏེ། སྣང་བརྙན་གསར་པ་དང་རྣམ་པ་གསར་པའི་ཐོག་ནས་ “ལོ་ལྔ་ཚན་བཅོ་ལྔ་པ”་འགོ་ཡག་པོ་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་ཡོད།
ལུའོ་ཁྲའོ་ཧྥེང་གིས་འབའ་ལུང་རྫོང་ཨུ་དང་རྫོང་དམངས་ཆེན། རྫོང་སྲིད་གཞུང་དང་རྫོང་སྲིད་གྲོས་ཀྱི་ལས་དོན་སྙན་ཞུ་ནན་ཏན་ངང་གསན་པ་དང་། རྫོང་འགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་སྤེལ་རེས་གཏིང་ཟབ་གནང་ནས་རྫོང་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས།གཞི་རིམ་ཏང་འཛུགས་སྐྱོང་དང་སྤྱི་ཚོགས་བརྟན་ལྷིང་སོགས་ཀྱི་ལས་དོན་སྤེལ་ཚུལ་ཐད་ངོ་སྤྲོད་ཞིབ་ཕྲ་གནང་། ལུའོ་ཁྲའོ་ཧྥེང་གིས་འདས་ཟིན་པའི་ལོ་གཅིག་རིང་འབའ་ལུང་རྫོང་གིས་སྲིད་འཛིན་ས་ཁོངས་ལེགས་སྒྲིག་དང་ཕྱོགས་སྒྱུར་འཕེལ་རྒྱས་སོགས་ཀྱི་ཚོད་བགམ་མང་པོ་འཕྲད་པའི་དུས་བབ་འོག་རྫོང་ཡོངས་གོང་འོག་ཚང་མས་འགག་སྒྲོལ་དཀའ་སེལ་དང་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་སྐྱོད་བྱས་ཏེ།བྱ་གཞག་ཁག་ལ་ཡར་རྒྱས་ཡོང་རྒྱུར་སྐུལ་འདེད་བཏང་ཡོད་ཅེས་གསུངས། མིག་སྔར “ལོ་ལྔ་ཚན་བཅོ་ལྔ་པ” འགོ་ཚུགས་པའི་འགག་རྩའི་དུས་སྐབས་སུ་གནས་ཡོད་པས་འབའ་ལུང་རྫོང་གི་འགོ་ཁྲིད་ཚན་ཁག་གིས་སྣེ་ཁྲིད་དེ་སྤྱོད་ཚུལ་གསར་བརྗེ་དང་ཕན་ནུས་གསར་བརྗེ་ལག་ལེན་གཏིང་ཟབ་ཏུ་བསྟར་བ་དང་དཔའ་ངར་ཆེར་བསྐྱེད་ཀྱི་སྙིང་སྟོབས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ནས་རྫོང་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ནས་རྫོང་ཡོངས་ཀྱི་འཕེལ་རྒྱས་གསར་པ་དང་ལེགས་པའི་ཕྱོགས་སུ་འབད་འཐབ་ཧུར་ཐག་བྱེད་དགོས་ཞེས་བསྟན་ཡོད། ལུའོ་ཁྲའོ་ཧྥེང་གིས་འབའ་ལུང་རྫོང་གིས་བརྟན་ལྷིང་སྲུང་སྐྱོང་གི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་འཁུར་ནས་བརྟན་ལྷིང་ལ་དམ་འཛིན་བྱ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ནང་ཁྱབ་པ་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་ཆོས་ལུགས་ལས་དོན་བཅོས་སྐྱོང་དང་། སྐྱེ་བོ་ལོ་ན་མ་སོན་པར་སྲུང་སྐྱོང་བྱེད་པ་སོགས་ཀྱི་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། ཉེན་ཁ་དང་མི་མངོན་པའི་རྐྱེན་ངན་སྣ་ཚོགས་གྲལ་བཤེར་དང་སེལ་རྒྱུར་ཤུགས་སྣོན་བརྒྱབ་ནས་བརྟན་ལྷིང་ལ་བརྟེན་ནས་འཕེལ་རྒྱས་འགན་ལེན་བྱེད་པ་དང་། ཡུལ་བབ་དང་བསྟུན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཇུས་འགོད་དང་སྐུལ་འདེད་གཏོང་བ། ཁུལ་ཡོངས་ཀྱི་ཐོན་ལས་བཀོད་སྒྲིག་ལ་རྩེ་གཅིག་ཏུ་དམིགས་པ། འབའ་ལུང་ཐོན་ཁུངས་ཀྱི་ལྷན་སྐྱེས་ནུས་པར་རྐང་འཛུགས་པ། ཀྲུང་ལུགས་སྨན་རྒྱུ་ཐོན་ལས་དང་། ནགས་འོག་དཔལ་འབྱོར། ཞིང་ལས་རིག་གནས་ཡུལ་སྐོར་བཅས་མཉམ་འདྲེས་འཕེལ་རྒྱས་གཏོང་བའི་ཐད་རྒྱུན་མཐུད་ཤུགས་འདོན་པ། དགེ་མཚན་ལྡན་པའི་ཐོན་ལས་དམིགས་བསལ་དང་སྤུས་ལེགས་སྒྲུབ་པ་བཅས་བྱེད་པ་དང་དུས་མཚུངས་སུ་འཆར་འགོད་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ས་ཞིང་དང་གཏེར་རྫས་སོགས་ཀྱི་ཐོན་ཁུངས་ཚན་རིག་ལྟར་ལུགས་མཐུན་གྱིས་བེད་སྤྱད་ནས་ཐོན་ཁུངས་བཀོད་སྒྲིག་ལེགས་འགྱུར་དང་ཕན་འབྲས་ཆེས་ཆེ་ཐོབ་དགོས། གཞི་རིམ་གྱི་རྨང་གཞི་བརྟན་དུ་གཏོང་རྒྱུར་ཤུགས་རྒྱག་པ་དང་གཞི་རིམ་ཏང་རྩ་འཛུགས་སྟོབས་ཆེར་བཏང་སྟེ་ཏང་ཡོན་གྱི་སློབ་གསོ་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་མང་ཚོགས་ཀྱི་ནང་སྐྱེས་སྒུལ་ཤུགས་འཕེལ་བ་དང་མཉམ་སྐྲུན་མཉམ་སྤྱོད་ཀྱི་བློ་གྲོས་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས།དམངས་ཆེན་འཐུས་མི་དང་སྲིད་གྲོས་ཨུ་ཡོན་གྱི་ཟམ་པ་དང་སྒྲོག་ཐག་ལྟ་བུའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པར་དོ་སྣང་བྱས་ཏེ་སྤྱི་ཚོགས་ཀྱི་གནས་ཚུལ་དང་མི་དམངས་ཀྱི་བསམ་འདུན་གོང་ཞུ་བྱེད་པའི་ལམ་བུ་ཤར་བགྲོད་བྱེད་དགོས། ཏང་ལ་དོ་དམ་དང་ཏང་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་ལག་བསྟར་བྱེད་པར་སྣེ་ཁྲིད་ནས་སྤྱོད་གཙང་རང་འདོམས་དང་སྒྲིག་ཁྲིམས་ཀྱི་མཐའ་ཚད་བརྟན་སྲུང་བྱས་ཏེ་ལས་གནས་གཅིག་ལ་འགན་འཁྲི་གཉིས་དོན་འཁྱོལ་ནན་པོ་བྱས་ཏེ་ཚན་ཁག་ལ་དོ་དམ་ཡག་པོ་དང་དཔུང་ཁག་སྣེ་ཁྲིད་ཡག་པོ་བྱེད་དགོས། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་རྒྱུན་མཐུད་བཅོས་སྒྲིག་བྱས་ཏེ་གྲོང་གསེབ་མཉམ་སྡེབ་ཀྱི་མ་དངུལ་གསུམ་གྱི་དོ་དམ་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་སྐྱེ་ཁམས་གཏོད་དགོས་ཞེས་ནན་བཤད་གནང་ཡོད།
ལི་དབྱང་དང་ཁྲེན་ཆོན་གོ་བཞུགས་མོལ་ནང་ཞུགས་ཡོད།
- ཀྲོའུ་ནང་ཁུལ་གྱི་མགོ་གཙོ་
ལུའོ་ཁྲའོ་ཧྥེང་གིས་འབའ་ལུང་རྫོང་དུ་བརྟག་ཞིབ་དང་བཞུགས་མོལ་གནང་སྐབས་ཡིད་ཆེས་དང་འགན་འཁྲི་འཁུར་སེམས་ཆེ་རུ་བཏང་ནས་སྣང་བརྙན་གསར་པ་དང་རྣམ་པ་གསར་པར་བརྟེན་ནས “ལོ་ལྔ་ཚན་བཅོ་ལྔ་པ”འགོ་ཡག་པོ་འཛུགས་པར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ།
བདེ་ཆེན་ཁུལ་གྱིས་“སྤུས་ཚད་མཐོ་བའི་སྒོ་ནས་‘ལོ་ལྔ་ཚན་བཅུ་བཞི་པའི’འཆར་འགོད་ལེགས་གྲུབ་ཡོང་བའི”རིམ་སྤེལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་འབའ་ལུང་རྫོང་གི་ཆེད་དོན་ཚོགས་འདུ་འཚོགས་པ།
ཁུལ་ཡོངས་ཀྱི་རྣམ་གྲངས་ལས་དོན་གྱི་ཆེད་དོན་ཚོགས་འདུ་འཚོགས་པ།
ཁུལ་ཨུའི་བརྟན་ལྷིང་སྲུང་སྐྱོང་ལས་ཀའི་ཆེད་དོན་གྲོས་ཚོགས་འཚོགས།
བདེ་ཆེན་རུ་ཁག་5:6གི་སྐར་འབྲས་ཀྱིས་ཁུན་མིང་རུ་ཁག་ལས་ཕམ་པ།
ཀྲུའུ་ཞི་ཞི་ཅིན་ཕིང་གིས་གནང་བའི་ཉིས་སྟོང་བརྒྱ་མེད་ཉི་ཤུ་རྩ་དྲུག་ལོའི་ལོ་གསར་གྱི་ཤེས་ཚིག་ལ་བདེ་ཆེན་གྱི་ལས་བྱེད་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།
བདེ་ཆེན་སེམས་ཀྱི་ཉི་ཟླའི2026ལོའི་དམངས་ཡོངས་ལུས་སྦྱོང་དང་གྲོང་ཁྱེར་དུ་རྒྱུག་ཤར་གློད་པའི་བྱེད་སྒོ་སྐབས་44པ་སྤེལ།
བདེ་ཆེན་ཁུལ་གྱིས་“སྤུས་ཚད་མཐོ་བའི་སྒོ་ནས་‘ལོ་ལྔ་ཚན་བཅུ་བཞི་པའི’འཆར་འགོད་ལེགས་གྲུབ་ཡོང་བའི”རིམ་སྤེལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་འབའ་ལུང་རྫོང་གི་ཆེད་དོན་ཚོགས་འདུ་འཚོགས་པ།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108
