中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

དགུན་དུས་རྩྭ་ཐང་གི་མེ་འགོག་རྒྱུན་ཤེས། 

ཁྱབ་བསྒྲགས་དུས་ཚོད་:2026-01-06 14:43:06

རྒྱུན་ཤེས།༽དགུན་གྱི་དུས་སུ་རྩྭ་ཐང་གི་ཁ་དབུགས་ལ་རླན་ཉུང་བ་དང་། རྩྭ་དང་རྩི་ཤིང་ནགས་ཚལ་སོགས་སྐམ་སྲད་དུ་གྱུར་ཡོད་པའི་སྟབས་ཀྱིས་མེ་སྐྱོན་འབྱུང་བའི་ཉེན་ཁ་ཧ་ཅང་ཆེ། དེའི་ཁར་དགུན་དུས་སུ་རླུང་ཤུགས་ཧ་ཅང་ཆེ་བས། གལ་ཏེ་མེ་སྐྱོན་བྱུང་ཚེ་རྩྭ་ཐང་ཧྲིལ་བོར་དེ་འཕྲལ་མེ་མཆེད་པར་གྱུར་ནས། མི་དང་ཕྱུགས་ཟོག རི་སྐྱེས་སྲོག་ཆགས། སྐྱེ་ཁམས་ཁོར་ཡུག་བཅས་ལ་གནོད་སྐྱོན་ཚབས་ཆེན་ཐེབས་སྲིད་པར་མ་ཟད། ས་གནས་མང་ཚོགས་ལ་དཔལ་འབྱོར་གྱི་གྱོང་གུད་ཆེན་པོ་བཟོ་སྲིད་པས། མེ་འགོག་འདུ་ཤེས་དུས་ཚིགས་བཞི་བོར་ཡིད་ལ་འཇགས་པར་བྱ་རྒྱུ་གལ་ཆེ་བར་མ་ཟད།དགུན་དུས་སུ་དེ་བས་ཀྱང་མེ་སྐྱོན་ལ་དོགས་ཟོན་ནན་མོ་བྱ་དགོས་སྟབས། གཤམ་དུ་དགུན་གྱི་དུས་སུ་རྩྭ་ཐང་ནས་མེ་སྐྱོན་ཇི་ལྟར་སྔོན་འགོག་བྱེད་པའི་ཐད་ཀྱི་རྒྱུན་ཤེས་འགའ་དགོད་པར་བྱའོ།།གཅིག ཕྱི་ལོགས་ནས་མེ་སྤྱོད་པ་གཏན་འགོག་བྱེད་དགོས། དགུན་དུས་སུ་རྩྭ་ཐང་ནས་མེ་སྤྱོད་པ་ལ་ཤིན་ཏུ་གཟབ་གཟབ་བྱ་དགོས་ཤིང་། ལྷག་པར་དུ་ཕྱི་ལོགས་ནས་མེ་སྤྱོད་པ་བཀག་སྡོམ་ནན་མོ་བྱ་དགོས་པ་སྟེ།རྩྭ་ཐང་དུ་ཐ་མག་འཐེན་པ་དང་། དུ་སྣེ་གང་བྱུང་དུ་གཡུག་པ། བསང་གཏོང་བ། མེ་འབུད་པ། གད་སྙིགས་མེར་སྲེག་པ་སོགས་ཀྱི་བྱ་སྤྱོད་གཏན་འགོག་བྱེད་དགོས། གཉིས། མེ་ཟོན་གྱི་འདུ་ཤེས་མཐོར་འདེགས་གཏང་དགོས། རྩྭ་ཐང་དུ་ཡོང་བའི་རླངས་འཁོར་དང་མི་སྣ་ལ་གསལ་འདེབས་དང་དྲན་སྐུལ་ནན་མོ་བཏང་སྟེ། རྩྭ་ཐང་དུ་མེ་སྤྱོད་པའི་བྱ་སྤྱོད་གཏན་འགོག་བྱ་དགོས་པར་མ་ཟད། རྩྭ་ཐང་གི་འབྲོག་པ་མང་ཚོགས་དང་། ལྷག་པར་རྫི་བོ་དང་བྱིས་པ་རྣམས་ལ་མེ་སྐྱོན་འགོག་པའི་ཁ་ཏ་སློབ་གསོ་ནན་མོ་བཏང་ནས་མེ་ཟོན་གྱི་འདུ་ཤེས་མཐོར་འདེགས་གཏང་དགོས། གསུམ། མེ་སྐྱོན་འབྱུང་བའི་མངོན་མེད་ཉེན་ཁ་མེད་པར་བཟོ་དགོས། རྩྭ་ཐང་གི་ཐོན་སྐྱེད་དང་འཚོ་བ་ལ་སྤྱོད་པའི་མེ་ལ་དོ་དམ་ཡག་པོ་བྱ་དགོས་པ་དང་། མེ་སྤྱད་པའི་མེ་རོ་རྩ་བ་ནས་བསད་དེ་མེ་སྐྱོན་འབྱུང་བའི་མངོན་མེད་ཉེན་ཁ་མེད་པར་བཟོ་དགོས་པར་མ་ཟད། དུས་བཅད་ལྟར་རྩྭ་ཐང་གི་གློག་འདྲེན་སྐུད་ལམ་ལ་ཞིབ་བཤེར་ནན་མོ་བྱས་ཏེ། གློག་སྐུད་རྙིང་འགྱུར་དང་གློག་སྐུད་ཆད་པ་ལས་བྱུང་བའི་མེ་སྐྱོན་སྔོན་འགོག་བྱེད་དགོས། བཞི། འཕྲལ་བསྟུན་སྙན་ཞུའི་རྒྱུ་ལམ་ཤར་གཏོང་བྱེད་དགོས། ལས་ཁུངས་དང་མི་སྒེར་གང་ཡིན་རུང་རྩྭ་ཐང་ལ་མེ་སྐྱོན་བྱུང་བའི་གནས་ཚུལ་ཤེས་ཚེ། དེ་མ་ཐག་ཏུ་ས་གནས་དེའི་མེ་སྐྱོན་ཉེན་ཞུའི་ཁ་པར་རམ་ཡང་ན་རྩྭ་ཐང་མེ་འགོག་ལས་རེས་ལ་ཁ་པར་གཏང་དགོས། མེ་སྐྱོན་སྙན་ཞུ་བྱེད་སྐབས་མེ་སྐྱོན་བྱུང་སའི་གནས་དང་། མེ་སྐྱོན་བྱུང་ཡུལ་གྱི་རྒྱ་ཁྱོན། རླུང་གི་ཁ་ཕྱོགས་དང་མེ་སྐྱོན་མཆེད་པའི་གནས་ཚུལ་སོགས་གསལ་པོར་བཤད་ནས། མེ་འགོག་མེ་གསོད་ལ་དུས་ཚོད་བརྩོན་ལེན་བྱ་དགོས། ལྔ། རང་སྐྱོབ་དང་ཕན་ཚུན་སྐྱོབ་པའི་རྒྱུན་ཤེས་ཁོང་དུ་ཆུད་དགོས། གལ་ཏེ་རྩྭ་ཐང་ནས་མེ་སྐྱོན་དང་ཕྲད་ན། དངངས་འཚབ་མི་བྱེད་པར་སེམས་ལྷོད་ལ་ཕབ་སྟེ་མྱུར་ཏུ་རླུང་གི་ཁ་ཕྱོགས་ཐག་གཅོད་དགོས་ལ། ངེས་པར་དུ་རླུང་གི་ཁ་ཕྱོགས་ཀྱི་ལྡོག་ཕྱོགས་དང་ཟུར་ཕྱོགས་སུ་བྲོས་ནས། ས་སྟོང་ཁོད་ཡངས་ས་དང་རྩྭ་དང་རྩི་ཤིང་མེད་སའི་ཐང་སྐྱ་སྐམ་པོའི་གནས་སུ་སྡོད་དགོས་པ་ལས། རླུང་གི་རྒྱུ་ཕྱོགས་སུ་གཏན་ནས་འབྲོ་མི་རུང་།

དྲུག དམངས་ཡོངས་མཉམ་ཞུགས་ཀྱིས་མེ་སྐྱོན་སྔོན་འགོག་བྱེད་དགོས།རྩྭ་ཐང་གི་མེ་སྐྱོན་སྔོན་འགོག་བྱེད་པར་མི་ཚང་མར་འགན་འཁྲི་ཡོད། ས་གནས་མང་ཚོགས་དང་། ཁེ་ལས་ལས་ཁུངས། དེ་མིན་རྩྭ་ཐང་ནས་འགྲོ་འོང་བྱེད་མཁན་བཅས་ཚང་མས་རང་འགུལ་གྱིས་མེ་འགོག་སྒྲིག་སྲོལ་བརྩི་སྲུང་ནན་ཏན་དང་། ཧུར་ཐག་གིས་མེ་འགོག་དྲིལ་སྒྲོག་ལྟ་སྐུལ་ཁྲོད་ཞུགས་ཏེ། ཐུན་མོང་གིས་རྩྭ་ཐང་གི་སྐྱེ་ཁམས་ཁོར་ཡུག་བདེ་འཇགས་སྲུང་སྐྱོབ་བྱས་ཏེ་མེ་སྐྱོན་འབྱུང་བ་སྔོན་འགོག་བྱེད་དགོས།

  • ཀྲོའུ་ནང་ཁུལ་གྱི་མགོ་གཙོ་

ཀྲང་ཝེ་ཏུང་གིས་ལས་བྲལ་ལས་འཁྱུར་ལས་བྱེད་པ་དང་རྒྱལ་ཡོངས་ཀྱི་སྔོན་ཐོན་ལས་དོན་པར་འཚམས་འདྲི་གནང་། 

ལུའོ་ཁྲའོ་ཧྥེང་གིས་འབའ་ལུང་རྫོང་དུ་བརྟག་ཞིབ་དང་བཞུགས་མོལ་གནང་སྐབས་ཡིད་ཆེས་དང་འགན་འཁྲི་འཁུར་སེམས་ཆེ་རུ་བཏང་ནས་སྣང་བརྙན་གསར་པ་དང་རྣམ་པ་གསར་པར་བརྟེན་ནས “ལོ་ལྔ་ཚན་བཅོ་ལྔ་པ”འགོ་ཡག་པོ་འཛུགས་པར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ།   

བདེ་ཆེན་ཁུལ་གྱིས་“སྤུས་ཚད་མཐོ་བའི་སྒོ་ནས་‘ལོ་ལྔ་ཚན་བཅུ་བཞི་པའི’འཆར་འགོད་ལེགས་གྲུབ་ཡོང་བའི”རིམ་སྤེལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་འབའ་ལུང་རྫོང་གི་ཆེད་དོན་ཚོགས་འདུ་འཚོགས་པ།

ཁུལ་ཡོངས་ཀྱི་རྣམ་གྲངས་ལས་དོན་གྱི་ཆེད་དོན་ཚོགས་འདུ་འཚོགས་པ།

ཁུལ་ཨུའི་བརྟན་ལྷིང་སྲུང་སྐྱོང་ལས་ཀའི་ཆེད་དོན་གྲོས་ཚོགས་འཚོགས།

བདེ་ཆེན་རུ་ཁག་5:6གི་སྐར་འབྲས་ཀྱིས་ཁུན་མིང་རུ་ཁག་ལས་ཕམ་པ།

ཀྲུའུ་ཞི་ཞི་ཅིན་ཕིང་གིས་གནང་བའི་ཉིས་སྟོང་བརྒྱ་མེད་ཉི་ཤུ་རྩ་དྲུག་ལོའི་ལོ་གསར་གྱི་ཤེས་ཚིག་ལ་བདེ་ཆེན་གྱི་ལས་བྱེད་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།

བདེ་ཆེན་སེམས་ཀྱི་ཉི་ཟླའི2026ལོའི་དམངས་ཡོངས་ལུས་སྦྱོང་དང་གྲོང་ཁྱེར་དུ་རྒྱུག་ཤར་གློད་པའི་བྱེད་སྒོ་སྐབས་44པ་སྤེལ།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com