མངོན་མིན་རིག་གནས་ཐོན་ལས། ཡུལ་མིའི་འབབ་འཕར་ཐབས་མཆོག

འདི་ནི་ལས་མིས་སྤོས་བཟོ་བཞིན་པ།

འདི་ནི་ལས་མིས་སྤོས་བཟོ་བཞིན་པ།

འདི་ནི་སྤོས་བཟོ་མཁན་གྱི་ལས་མི་ཡིན་པ།

འདི་ནི་སྤོས་བཟོ་གྲྭའི་འགན་འཁུར་བས་སྤོས་ལ་ཞིབ་བཤེར་བྱེད་བཞིན་པ།
སྤོས་ཀྱི་འབྱུང་གནས་སུ་གྲགས་པའི་སྙེ་མོ་རྫོང་ཐོན་པ་གྲོང་རྡལ་ཐོན་མདའ་གྲོང་ཚོར་བྱང་ཤར་ནས་འོང་བའི་རྒྱ་རིགས་ཀྱི་བུ་མོ་ཝང་ཤིན་ཡུས་ཀྱིས་བཙུགས་པའི“ཆུ་རྒྱུན་རིང་མོ”ཞེས་པའི་སྤོས་བཟོ་གྲྭ་ཞིག་ཡོད་པ་དེས་ཐོན་ལས་ཅན་གྱི་འཕེལ་རྒྱས་ཐབས་ལམ་ལ་བརྟེན་ནས། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་སྙེ་མོའི་ལག་ཤེས་སྤོས་བཟོ་རྩལ་རྒྱུན་འཛིན་དང་གསར་གཏོད་བྱས་པས། ས་གནས་དེ་གའི་མང་ཚོགས་ཁྱིམ་གྱི་སྒོ་རྩར་ལས་ཞུགས་དང་འབབ་འཕར་ཡོང་བར་སྣེ་ཁྲིད་ནུས་ལྡན་ཐུབ་ནས་མངོན་མིན་རིག་གནས་ཤུལ་བཞག་གིས་གྲོང་གསེབ་དར་རྒྱས་ལ་རོགས་རམ་བྱེད་པའི་ལམ་བུ་གསར་པར་བསྐྱོད་དང་སྐྱོད་མུས་ལགས།
འབྲས་ལྡན་དུས་ཀྱི་ཞོགས་པ་ཞིག་ཏུ་སྙེ་མོ་རྫོང་ཐོན་མདའ་གྲོང་ཚོའི་ཡུལ་མི་རྣམས་གཅིག་རྗེས་གཉིས་མཐུད་ངང“ཆུ་རྒྱུན་རིང་མོའི”སྤོས་བཟོ་གྲྭར་འོང་ནས་ཉིན་རེའི་སྤོས་བཟོ་བའི་ལས་ལ་བྲེལ་འགོ་ཚུགས། ཁོང་ཚོའི་བྱང་ཆ་དོད་པོའི་ལག་ཤེས་ཀྱིས་རང་བྱུང་སྤོས་རྒྱུ་དང་སྨན་རྫས་སྣ་ཁ་མང་པོ་མཉམ་བསྲེས་བྱས་ནས་ཆེད་མངགས་བཟོས་པའི་རྭ་ཅོའི་ནང་བླུགས་ཏེ། ཤུགས་སྙོམས་པོས་མནན་མ་ཐག་སྦོམ་ཕྲ་སྙོམས་ཤིང་མདའ་ལྟར་འདྲོང་བའི་སྤོས་རིམ་པས་འགྲུབ་འོང་། དེ་ནས་ཉི་སྐམ་དང་ཐུམ་སྒྲིལ་ཞིབ་ཚགས་བྱས་པ་བརྒྱུད། ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ལག་རྩལ་ལས་འཁྲུངས་པའི་སྤོས་འདི་དག་ཁྲོམ་རར་འདོན་འགོ་ཚུགས་ཤིང་། ཡུལ་མིའི་ཡོང་འབབ་ཀྱི་གསོག་ཁུངས་གལ་ཆེན་དུ་གྱུར་ཡོད།
ཝང་ཤིན་ཡུས་ཀྱིས“སྙེ་མོའི་སྤོས་བཟོའི་ལག་ཤེས་ལ་ལོ་ངོ་སྟོང་གི་ལོ་རྒྱུས་དང་ཐུན་མོང་མ་ཡིན་པའི་རིན་ཐང་ལྡན་མོད། འོན་ཀྱང་ཆ་འཕྲིན་གསང་པོ་མེད་པའི་རྐྱེན་གྱིས་ཡངས་ཤིང་རྒྱ་ཆེ་བའི་ཁྲོམ་རར་བསྐྱོད་མི་ཐུབ་པའི་དཀའ་ངལ་ཡོད་ཚུལ་ཤེས་རྟོགས་བྱུང”ཞེས་བཤད་པ་དང་། ཁོང་གིས“ཆུ་རྒྱུན་རིང་མོའི”བཟོ་གྲྭ་བཙུགས་དོན་ཡང་དེང་སྐབས་ཀྱི་མིས་རྒྱུས་མངའ་དང་དགའ་པོ་བྱེད་པའི་བྱ་ཐབས་སྤྱད་དེ་ལག་ཤེས་འདི་སྲུང་སྐྱོང་དང་ཁྱབ་སྤེལ་གཏོང་གི་ཡིན”ཞེས་བཤད།
“ཆུ་རྒྱུན་རིང་མོའི”སྤོས་བཟོ་གྲྭ་བཙུགས་པ་དེས་ས་གནས་དེ་གའི་ཡུལ་མིར་ལས་ཞུགས་ཀྱི་གོ་སྐབས་འབོར་ཆེན་རག་ཡོད། ཡུལ་མི་བསོད་ནམས་ཉི་མས“སྔོན་ཆད་ཚང་མ་ཕྱི་ལ་གླ་པ་རྒྱུག་པར་འགྲོ་དགོས་པའི་ཁར་ཉིན་རེར་ཡོང་འབབ་སྒོར་170ལྷག་ཙམ་ལས་མེད། ད་ཆ་ཁྱིམ་གྱི་སྒོ་རྩར་ལས་ཞུགས་ཐུབ་ནས་ཉིན་རེར་ཡོང་འབབ་སྒོར་350ནས་400བར་རག་གི་འདུག”ཅེས་བཤད། ད་དུང་ཁོང་གིས་དྲ་ཐོག་ཐད་འཚོང་སོགས་ཕྱིར་འཚོང་བྱེད་སྟངས་གསར་པར་བརྟེན་ནས་སྤོས་བཟོ་གྲྭའི་ལོའི་ཚོང་གཉེར་ཡོང་འབབ་སྒོར་ཁྲི་1000ལས་བརྒལ་ནས་ཡུལ་མིར་འབབ་འཕར་སྣེ་ཁྲིད་ནུས་ལྡན་ཐུབ་ཡོད།
ཝང་ཤིན་ཡུས་ཀྱིས་སླད་ཕྱིན་ཁེ་ལས་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་ཐོན་ལས་ཅན་གྱི་འགྲོ་ལམ་ལ་མུ་མཐུད་བསྐྱོད་ནས་ཡུལ་མི་དེ་བས་མང་བར་ལག་རྩལ་རྒྱུན་འཛིན་བྱེད་པར་རོགས་རམ་བྱས་ནས་ཡོང་འབབ་བརྟན་པོ་ཡོང་བ་དང་། གྲོང་གསེབ་དར་རྒྱས་དང་རིག་གནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་བཤད།
ཚོང་གཉེར་ཡོང་འབབ་སྒོར་ཁྲི་ཁ་ཤས་ནས་སྒོར་ཁྲི་སྟོང་བར་འཕར་བ་དང་། སྣེ་གཅིག་ནས་སྣ་མང་བར་འགྱུར་ལྡོག་བྱུང་སྟེ། “ཆུ་རྒྱུན་རིང་མོའི”སྤོས་བཟོ་གྲྭའི་ལེགས་གྲུབ་ལྡན་པའི་ལག་ལེན་གྱིས་གནའ་བོའི་སྤོས་བཟོ་རྩལ་ལ་སྐྱེ་སྟོབས་ཀྱི་དཔལ་འབར་བ་མ་ཟད། མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་ཐོན་ལས་ཅན་འཕེལ་རྒྱས་གཏོང་བར་རྩ་ཆེའི་ཉམས་མྱོང་མཁོ་འདོན་ཐུབ་ཡོད།
- ཀྲོའུ་ནང་ཁུལ་གྱི་མགོ་གཙོ་
བདེ་ཆེན་གྱི་རིག་གནས་ཡུལ་སྐོར་འོས་སྦྱོར་ཚོགས་འདུ་མ་ལེ་ཞི་ཡའི་ཅི་ལུང་ཕོར་འཚོགས།
ཁུལ་ཨུ་སྐབས་དགུ་པའི་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་ཐེངས་144པ་འཚོགས།
བདེ་ཆེན་ཁུལ་གྱི་ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་པ་སྤུས་ཚད་མཐོ་བའི་སྒོ་ནས་ལེགས་གྲུབ་ཡོང་བའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་མཐོ་སྒང་གི་ཁྱད་ལྡན་ཞིང་ལས་ཀྱི་ཆེད་དོན་ཚོགས་འདུ་འཚོགས།
མཐའ་ཆུ་གྲོང་རྡལ་གྱིས་ཏང་འཛུགས་སྐྱོང་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་དང་གྲོང་གསེབ་དར་རྒྱས་མཉམ་འདྲེས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་དེ། སེ་འབྲུ་མེ་ཏོག་བཞད་སར་དར་རྒྱས་ཀྱི་གླུ་དབྱངས་དཀྲོལ།
དམངས་འཚོའི་གསལ་ཐོ་ཞེས་པ་དེ་བདེ་སྐྱིད་ཀྱི་རྩིས་ཐོ་ཞེས་པར་བསྒྱུར་བཅུག
རང་ཁུལ་གྱིས་ཁུལ་ཨུའི་“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་གྲོས་འགོའི་བསམ་འཆར་བསྡུ་ལེན་བྱེད་པའི་བཞུགས་མོལ་ཚོགས་འདུ་འཚོགས་པ།
སེམས་ཀྱི་ཉི་ཟླའི་དགུན་ཁའི་གངས་འཁྱགས་གྲོས་ཆོད་ཀྱིས་ཡུན་ནན་ཞིང་ཆེན་གྲོང་ཁྱེར་རྐང་རྩེད་སྤོ་ལོ་མཉམ་འབྲེལ་འགྲན་བསྡུར་ལ་རོགས་རམ་བྱས་ཏེ། སྤོ་ལོ་བལྟས་སྐབས་ཁ་བ་རྩེད་ནས་ཁྱོད་ལ་ཐེངས་གཅིག་ནང་སྤྲོ་སྣང་ངང་རྩེད་དུ་བཅུག
ཡུན་ནན་ཞིང་ཆེན་གྱི་ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་པ་སྤུས་ཚད་མཐོ་བའི་སྒོ་ནས་ལེགས་གྲུབ་ཡོང་བའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་བདེ་ཆེན་གྱི་ཆེད་དོན་ཚོགས་འདུ་ཁུན་མིང་དུ་འཚོགས།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108
