སེམས་ཀྱི་ཉི་ཟླའི་དགུན་ཁའི་གངས་འཁྱགས་གྲོས་ཆོད་ཀྱིས་ཡུན་ནན་ཞིང་ཆེན་གྲོང་ཁྱེར་རྐང་རྩེད་སྤོ་ལོ་མཉམ་འབྲེལ་འགྲན་བསྡུར་ལ་རོགས་རམ་བྱས་ཏེ། སྤོ་ལོ་བལྟས་སྐབས་ཁ་བ་རྩེད་ནས་ཁྱོད་ལ་ཐེངས་གཅིག་ནང་སྤྲོ་སྣང་ངང་རྩེད་དུ་བཅུག


པོ་ཏ་མཚོ་རུ་གངས་འཁྱགས་གྲོས་ཆོད་བྱས་ནས་དགུན་དུས་ཀྱི་དྲོ་སྐྱིད་ལོངས་སུ་སྤྱོད།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་12པའི་ཚེས་10ཉིན་གྱི་སྔ་དྲོ་ཆུ་ཚོད་10དང་སྐར་མ་36ཐོག པོ་ཏ་མཚོ་མཛེས་ལྗོངས་ཁུལ་གྱི་ཁ་རྩེད་ར་བའི་གར་སྟེགས་གཙོ་བོར་དགུན་དུས་ཀྱི་སྤྲོ་སེམས་སྔོན་ལ་ཕྱེ། སྤྲོ་སེམས་འཁོལ་བའི་རོལ་དབྱངས་ཚོགས་པའི་དཀྲོལ་གཏོང་བྱས་པ་དང་མདོ་འཛིན་པའི་སྐད་ཆ་བཤད་རྗེས། མི་རིགས་ཀྱི་གྱོན་ཆས་གྱོན་པའི་འཁྲབ་སྟོན་པས་གངས་ལྗོངས་ཀྱི་སྐུ་མགྲོན་བསུ་བའི་ཞབས་བྲོ་ཞེས་པ་ཞིག་ཕུལ་ནས་སྐད་ཅིག་ཉིད་དུ་ཚོགས་ཆེན་ཡོངས་ཀྱི་རྣམ་པ་མཐོ་རླབས་སུ་སླེབས་ཡོད། ཆུ་ཚོད་11པར། གངས་འཁྱགས་སྤྲོ་སྣང་དངོས་སུ་འགོ་ཚུགས་པ་སྟེ། གངས་ཁྲོད་སྦག་སྦག་གི་སྒུལ་བྱེད་འཕྲུལ་འཁོར་གྱིས་ལྷིང་འཇགས་གཏོར་བས། ཚོན་མདོག་ལྡན་པའི་གངས་ཤུད་བྱེད་ས་ནི་འཇའ་ཚོན་ལྟར་གངས་ལམ་ནས་འཕུར་བ། བྱིས་པ་ཆུང་ཆུང་ཚོས་ཚེ་སྲོག་སྡོང་བུ་ཞེས་པ་སྐོར་བའི་འཁོར་སྐྱོད་ཤིང་རྟ་སྐྱ་ནས་དགའ་འབོད་དགའ་མཆོང་དང་རྐང་འཁྲབ་ལག་འཁྲབ་བྱས། དགོད་སྒྲ་དང་འུར་སྒྲ་རི་ཁུང་བར་དུ་མཉམ་འདྲེས་གྲགས་བས། ཁ་རྩེད་ར་བ་ཡོངས་སུ་སྤྲོ་སྣང་གི་རྒྱ་མཚོ་ཞིག་ཏུ་གྱུར།
ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་གངས་འཁྱགས་ཀྱི་གྲོས་ཆོད་ཅེས་པ་ནི་གངས་འཁྱགས་བྱེད་སྒོ་དང་ཞིབ་འཇུག་སློབ་སྦྱོང་སྤུས་རྟགས་ཞེས་པ་གཉིས་ཀྱི་སྐུལ་འདེད་ལ་དམིགས་ནས། ནུས་པ་མང་བའི་སྐྱེ་ཁམས་ཤིང་ཁང་དང་ལོ་ན་ཡོངས་ཀྱི་གངས་རྩེད་ཁུལ། དེ་མིན་ཤིང་རྩེ་དཀྱིལ་ལམ་ཞེས་པ་དང་ཚེ་སྲོག་སྡོང་བུ་ཞེས་པ་སོགས་ཉམས་ལེན་བྱེད་ས་ཞིབ་ཚགས་ངང་སྐྲུན་པ་མ་ཟད། ཕ་མ་དང་བྱིས་པ་གཉིས་ཀྱིས་སྐྱེ་ཁམས་ཞིབ་འཇུག་སློབ་ཚན་སྦྲེལ་མཐུད་བྱས་ཡོད། གངས་འཁྱགས་ཉམས་ལེན་དང་རིག་གནས་གསར་གཏོད་ཀྱི་ལག་རྟགས་སོགས་སྤེལ་རེས་ཀྱི་རིམ་པ་བརྒྱུད་ཁྱིམ་ཚང་གི་རྩེད་མོ་རྩེ་བའི་སྤྲོ་སྣང་སྐུལ་སྤེལ་དང་དགུན་དུས་ཀྱི་སྤྲོ་སེམས་འབར་བ། དེ་དང་དུས་མཚུངས་སུ། བྱེད་སྒོ་དེས་ད་དུང་གངས་འཁྱགས་བཞུགས་མོལ་གྲོས་མོལ་དང་རིགས་གཅིག་མཁས་ཅན་གྱི་གན་འཛིན། གསེར་གྱི་རྟགས་མ་འགྲེལ་བཤད་ལས་དོན་ཁང་གི་སྒོ་བྱང་བཀལ་པ་སོགས་ལ་བརྟེན་ནས་གངས་འཁྱགས་དང་སློབ་གསོ། ཐོན་ལས་བཅས་ཟུང་འབྲེལ་བྱས་པའི་སྐྱེ་ཁམས་རིན་ཐང་འབྲེལ་ཐག་ཧུར་ཐག་སྐྲུན་ནས་བདེ་ཆེན་རིག་གནས་ཡུལ་སྐོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་རྒྱུན་མཐུད་ཀྱི་བློ་རིག་སྒུལ་ཤུགས་སྣོན་རྒྱུ།
སིང་ཀ་ཕོར་ནས་ཡོང་བའི་ཡུལ་སྐོར་བ་ཧྲེན་ལི་ཐིན་ཚང་གི་མི་བདུན་ནི་ཏག་ཏག་གངས་རྩེད་སྤྲོ་སྐྱིད་གླིང་སྒོ་ཕྱེ་བར་འཕྲད་ཡོད། ཁོ་ཚོས་དེ་ནི་ཁ་བའི་ཡུལ་ལྗོངས་མཐོང་ཐེངས་དང་པོ་ཡིན་པས་ཧ་ཅང་ཁྱད་པར་ཅན་གྱི་ཚོར་བ་ཞིག་ཡིན་པ་མ་ཟད། གངས་གྲུ་སོགས་གངས་ཐོག་གི་རྣམ་གྲངས་ལ་ཉམས་ལེན་བྱས་པས་ཧ་ཅང་ངར་འགུལ་ཆེན་པོ་ཐེབས་པ་དང་སེམས་ཀྱི་ཉི་ཟླ་རུ་སྡོད་པའི་དུས་ཚོད་ལོངས་སྤྱོད་ཧ་ཅང་ཆེན་པོ་བྱེད་ཡོད་ཅེས་བཤད། ཀོང་ཏུང་གི་ཡུལ་སྐོར་བ་ལི་ཀྲི་ཡུས་ཀྱིས་པོ་ཏ་མཚོའི་གངས་རྩེད་སྤྲོ་སྐྱིད་གླིང་དུ་མྱོང་ཚོར་ཧ་ཅང་སྐྱིད་པོ་བྱས་ནས་སེམས་ཀྱི་ཉི་ཟླར་ཁ་བ་འབབ་པའི་མཛེས་ལྗོངས་ལ་ཡང་རེ་སྒུག་ཆེན་པོ་བྱེད་ཡོད་པས་དེ་བས་མཛེས་སྡུག་ལྡན་ངེས་ཡིན་པར་ཡིད་ཆེས་ཡོད་ཅེས་བཤད།
པོ་ཏ་མཚོ་མཛེས་ལྗོངས་ཁུལ་གྱི་འགན་འཁུར་བས་མ་འོངས་པར་མཛེས་ལྗོངས་ཁུལ་གྱིས་གངས་འཁྱགས་དཔལ་འབྱོར་རོགས་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་ནས་རྨང་གཞིའི་སྒྲིག་བཀོད་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་། ཐོན་རྫས་མཁོ་སྤྲོད་ཕུན་སུམ་ཚོགས་སུ་གཏོང་ཞིང་ཞབས་ཞུའི་སྤུས་ཚད་ལེགས་སུ་གཏོང་བ་བཅས་བྱ་རྒྱུ་ཡིན། མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བརྒྱུད། ཐུན་མོང་ཐོག་སེམས་ཀྱི་ཉི་ཟླའི་གངས་འཁྱགས་གྲོས་ཆོད་དེ་ཞིང་ཆེན་ཡོངས་དང་ཐ་ན་རྒྱལ་ཡོངས་ཀྱི་སྤུས་རྟགས་གྲགས་ཅན་ཞིག་ཏུ་བསྐྲུན་ནས་བདེ་ཆེན་གྱི་གངས་འཁྱགས་ཐོན་ཁུངས་དེ་དམངས་ཕྱུག་ཁུལ་དར་བའི་གསེར་རི་དངུལ་རི་ཞེས་པར་འགྱུར་བ་དང་། དགུན་ཁ་བདེ་ཆེན་དུ་ཡུལ་སྐོར་བྱེད་ཅེས་པ་དེ་ཡུན་ནན་གྱི་འཚོ་བ་ཟེར་བ་ཞེས་པའི་གསོན་ཉམས་དོད་པའི་མཆན་འགྲེལ་ཞིག་ཏུ་འགྱུར་བར་བྱ་དགོས་བཅས་བཤད།
责任编辑:曲批、七林
- ཁུལ་ནང་ཁུལ་གྱི་མགོ་གཙོ།
སེམས་ཀྱི་ཉི་ཟླར་བཀྲ་ཤིས་པའི་ཁ་བ་བབས་བྱུང་།
ཞོགས་པ་བདེ་ལེགས། འཛམ་གླིང་གི་སེམས་ཀྱི་ཉི་ཟླ། དཔྱིད་ཀྱི་མཛེས་ཉམས།
གཏེར་མ་རོང་ཤང་གིས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་གཏོང་།
ཁུལ་སྲིད་གཞུང་གིས་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་གཅིག་བསྡུས་བཅོས་སྒྲིག་ལས་དོན་མུ་མཐུད་ཟབ་སྤེལ་བྱེད་པའི་སྐུལ་འདེད་ཚོགས་འདུ་འཚོགས།
ཁུལ་སྲིད་གཞུང་ཏང་ཙུའུ་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་་་་
ཁྲིམས་ལྟར་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་གཉེར་སྐྱོང་ཚད་ལྡན་ཡོང་བར་སྐུལ་འདེད་བཏང་ནས་མང་ཚོགས་ཀྱི་ལས་ཞུགས་འབབ་འཕར་ལ་སྐུལ་ཁྲིད་བྱེད་དགོས་པའི་ནན་བཤད་གནང་བ།
ལུའོ་ཁྲའོ་ཧྥེང་གིས་“མི་བྱེད་པ་བཞི་དང་ཐད་སྐྱོད་གཉིས་”ཀྱི་བྱེད་ཐབས་ལ་བརྟེན་ནས་བརྟན་བརླིང་སྲུང་སྐྱོང་གི་ཆེད་དོན་ལས་ཀར་བརྟག་ཞིབ་གནང་བ་མ་ཟད་བཀོད་གཏོང་ཚོགས་འདུ་འཚོགས།
ཞོགས་པ་བདེ་ལེགས། འཛམ་གླིང་གི་སེམས་ཀྱི་ཉི་ཟླ། ཤྭ་ཁ་རི་བོ།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108