中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

སྐབས་དགུ་བའི་ཁུལ་ཨུའི་རྒྱུན་ཨུས་ཚོགས་འདུ་ཐེངས་152པ་འཚོགས་པ།

ཁྱབ་བསྒྲགས་དུས་ཚོད་:2026-03-30 15:34:29 འབྱུང་ཁུངས་:སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ3པའི་ཚེས27ཉིན། སྐབས་དགུ་བའི་ཁུལ་ཨུའི་རྒྱུན་ཨུས་ཚོགས་འདུ་ཐེངས་152པ་འཚོགས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་ལམ་གྱི་གསུང་བཤད་དང་རྩོམ་ཡིག་གལ་ཆེན་གྱི་དགོངས་དོན་དང་།ཀྲུང་དབྱང་དང་ཞིང་ཨུས་བཏོན་པའི་ལས་ཀའི་བླང་བྱ་གསར་བ་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཏེ།རང་ཁུལ་གྱི་དོན་འཁྱོལ་ལས་ཀར་ཞིབ་འཇུག་བྱས་པ་རེད།

    ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་ཚོགས་འདུར་གཙོ་སྐྱོང་གནང་བ།

    ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དངུལ་རྩའི་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བྱས་ཏེ།ཚན་རྩལ་དངུལ་རྩ་དང་།ལྗང་མདོག་དངུལ་རྩ།ཀུན་ཕན་དངུལ་རྩ།རྒན་གསོའི་དངུལ་རྩ།གྲངས་འཛིན་དངུལ་རྩ་བཅས་ཀྱི་ལས་དོན་དངོས་སུ་སྒྲུབ་ནས།བདེ་ཆེན་གྱི་དགོས་མཁོ་དང་དངུལ་རྩའི་ནུས་པ་ཟུང་འབྲེལ་གང་ལེགས་བྱས་ཏེ་རང་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་དངུལ་རྩའི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱས་ཏེ་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་དང་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ལ་ཞབས་འདེགས་ཡག་པོ་ཞུ་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞུང་ཨན་ཁུལ་གསར་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་ཏེ།སྤུས་ཚད་མཐོ་བའི་འཛུགས་སྐྲུན་དང་།ཆུ་ཚད་མཐོ་བའི་དོ་དམ།སྤུས་ཚད་མཐོ་བའི་འཕེལ་རྒྱས་བཅས་ཀྱི་སྲོག་ཤིང་གི་བླང་བྱ་ཁོང་དུ་ཆུད་པ་བྱེད་པ་དང་།འཆར་འགོད་ཀྱིས་སྣེ་ཁྲིད་དང་།“ས་ཆ་བསྒྱུར་བཀོད་བྱེད་སྐབས་ངེས་པར་དུ་འཆར་འགོད་ཡོད་དགོས་པ་དང་།ས་ཆ་བསྒྱུར་བཀོད་བྱེད་སྐབས་ངེས་པར་དུ་ཞིབ་མཆན་འགོད་དགོས་པ་”མཐའ་འཁྱོངས་བྱས་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་འཆར་འགོད་དང་།འཛུགས་སྐྲུན།དོ་དམ་བཅས་ལ་ཤུགས་སྣོན་རྒྱག་དགོས།
    ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་འཚོག་རིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ཙུང་ལི་ལི་ཆང་ཡུན་ནན་འཐུས་མི་ཚོགས་པའི་ནང་ཞུགས་སྐབས་ཀྱི་མཛུབ་སྟོན་བླང་བྱ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་བསམ་བློ་དང་བྱ་སྤྱོད་ཚོགས་འདུ་གཉིས་ཀྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་བྱེད་ནས། བདེ་ཆེན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཐོན་ལས་རིགས་བསྒྱུར་རིམ་སྤོར་དང་།བདེ་ཐང་གི་བདེ་ཆེན་འཛུགས་སྐྲུན།ཡང་དག་པའི་སྲིད་སྐྱོང་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོ།ཕྱོགས་ཡོངས་ནས་ཏང་ནན་སྐྱོང་སོགས་ཀྱི་ལས་དོན་དམ་འཛིན་ཡག་པོ་བྱས་ཏེ་ཚོགས་འདུ་གཉིས་ཀྱི་དགོངས་དོན་དེ་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འདེགས་སྐྱོར་དང་སྒུལ་ཤུགས་གལ་ཆེན་དུ་འགྱུར་བ་བྱས་ནས“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་པ་དང་གོམ་པ་ཡག་པོ་སྤོ་རྒྱུ་འགན་ལེན་བྱེད་དགོས།
    ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན།གཙོ་གནད་དཔལ་འབྱོར་གྱི་དམིགས་ཚད་ལ་དམིགས་ཏེ་བཀོད་གཏོང་དབྱེ་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་།འགག་རྩའི་ཚོད་འཛིན་གྱི་གནད་དོན་དང་ཞན་ཆར་དམིགས་ཏེ་དམིགས་སའི་རང་བཞིན་ལྡན་པའི་བྱེད་ཐབས་སྤྱད་དེ་འཕར་སྣོན་ཡོང་བའི་སྦས་ཤུགས་སྔོག་འདོན་གཏིང་ཟབ་བྱེད་པ།རྣམ་གྲངས་ལ་མ་དངུལ་འཇོག་པ་དང་།ཚོང་འགུགས་མ་འདྲེན།འཛད་སྤྱོད་རྒྱ་སྐྱེད་བཅས་ཀྱི་ལས་དོན་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་པ།དུས་ཚིགས་དང་པོའི་དཔལ་འབྱོར་“སྒོ་འབྱེད་བརྟན་པོ”ཡོང་བ་བཅས་བྱེད་དགོས།ཁྲིམས་སྐྱོང་ལས་དོན་གྱི་འཇུག་གཞི་དང་ཤུགས་རྒྱག་ས་གནད་ལ་འཁེལ་བར་བཙལ་ནས་ཁྲིམས་སྐྱོང་གི་བསམ་བློ་དང་ཁྲིམས་སྐྱོང་གི་བྱེད་ཐབས་དེ་བརྟན་ལྷིང་དང་།འཕེལ་རྒྱས།སྣོད་བཅུད།མཐའ་མཚམས་བརྟན་ལྷིང་བཅས་དོན་ཆེན་བཞི་དང་ཕྱོགས་གང་ཅིའི་ཐད་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱས་ཏེ་ཕྱོགས་ཡོངས་ནས་ཁྲིམས་ལྟར་ཁུལ་བཅོས་སྐྱོང་བྱེད་པའི་ལས་དོན་དམ་འཛིན་ཡག་པོ་བྱ་དགོས།ད་ལོའི་གཙོ་གནད་བསྒྱུར་བཅོས་ཀྱི་ལས་འགན་ཇུས་འགོད་ཡག་པོ་དང་།ཁྱོན་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་གྱི་ལས་དོན་དམ་འཛིན་ལེགས་པོ་བྱ་དགོས།སྐྱེད་སྲིང་དང་བཀོལ་སྤྱོད་མཉམ་སྤེལ་དང་བཀོལ་སྤྱོད་གཙོ་བོར་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་།སྔར་ལས་དགེ་མཚན་ལྡན་པ་དང་སྔར་ལས་སྒོ་འབྱེད་པ།སྔར་ལས་ཕན་ནུས་ལྡན་པའི་ཤེས་ལྡན་མི་སྣའི་སྲིད་ཇུས་ལག་བསྟར་བྱས་ཏེ།ཁུལ་ཡོངས་ཀྱི་ཤེས་ལྡན་མི་སྣའི་བྱ་བ་ལེགས་པོར་སྒྲུབ་དགོས།ཨེ་ཤེ་ཡ་ལྷོ་མའི་དངོས་མང་སྟོན་ཚོགས་ཀྱི་འགྲེམས་ཚོང་ལས་དོན་ནང་ཞུགས་རྒྱུའི་སྒྲིག་འཛུགས་ནན་ཏན་བྱས་ཏེ་ཨེ་ཤེ་ཡ་ལྷོ་མའི་དངོས་མང་སྟོན་ཚོགས་ཀྱི་ལས་སྟེགས་གང་ལེགས་སྤྱད་དེ་ཚོང་འགུགས་འོས་སྦྱོར་སོགས་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་དགོས།དུས་རབས་གསར་པའི་ཐའེ་ཝན་ལས་དོན་ཏན་ཏིག་གིས་ལེགས་པར་བསྒྲུབས་ཏེ།བདེ་ཆེན་དུ་ཡོད་པའི་ཐའེ་ཝན་སྤུན་ཟླ་རྣམས་ལ་ཞབས་འདེགས་ཡག་པོ་ཞུ་དགོས།དྲ་ཐོག་མང་ཚོགས་ལམ་ཕྱོགས་ལག་བསྟར་ཡག་པོ་བྱེད་པ་དང་།དྲ་ཐོག་ནས་མི་སེམས་གཅིག་ཏུ་བསྡུ་བ་དང་།དྲ་ཐོག་ནས་མང་ཚོགས་ཀྱི་སེམས་ཁྲལ་སེལ་བ།དྲ་ཐོག་ནས་བདེ་འཇགས་སྲུང་སྐྱོང་བྱེད་པ་བཅས་ཀྱི་ལས་དོན་དམ་འཛིན་ཡག་པོ་བྱེད་དགོས།སྤྱི་ཚོགས་བཅོས་སྐྱོང་ལམ་སྲོལ་གང་མགྱོགས་འཐུས་ཚང་དུ་གཏོང་བ་དང་།གསར་དར་ཁྱབ་ཁོངས་ཀྱི་ཏང་འཛུགས་སྐྱོང་མུ་མཐུད་ཟབ་སྤེལ་དང་རྒྱ་སྐྱེད་གཏོང་བ།ཁུལ་ཡོངས་ཀྱི་སྤྱི་ཚོགས་ལས་དོན་དམ་འཛིན་བཅས་བྱེད་དགོས།
    ཚོགས་འདུའི་ཐོག་ཁུལ་ཡོངས་ཀྱི་2025ལོའི་ཡིག་བསྐུར་ངོ་བཅར་ལས་དོན་གྱི་གནས་ཚུལ་སྙན་སེང་གསན་པ་དང་།འབྱུང་རྩ་ནས་བཅོས་སྒྲིག་དང་ཆེད་དོན་བཅོས་སྒྲིག་ལ་ཤུགས་སྣོན་རྒྱག་པ།དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང་”མཐའ་འཁྱོངས་དང་དར་སྤེལ་གཏོང་བ།འགལ་ཟླ་དང་རྩོད་གཞི་གྲལ་བཤེར་དང་སེལ་བར་དམ་འཛིན་བཅས་བྱས་ཏེ་མང་ཚོགས་ཀྱིས་སེམས་ཁྲལ་དང་རེ་སྒུག་བྱེད་པའི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་དགོས་ཞེས་ནན་གྱིས་བསྟན།
    ཚོགས་འདུའི་ཐོག་ཁུལ་ཡོངས་ཀྱི་“རྫས་གསུམ་ཁྱད་གཅིག་”གི་བདེ་འཇགས་ལས་ཀའི་གནས་ཚུལ་གྱི་སྙན་ཞུ་ཉན་ནས།འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་འཆར་འགོད་ཡག་པོ་བྱེད་པ་དང་།ལྟ་སྐུལ་དོ་དམ་གྱི་འགན་འཁྲི་ཁྱོན་ཡོངས་ནས་སྒྲུབ་པ།གཙོ་གནད་དག་ཐེར་བཅོས་སྐྱོང་གི་འགག་སྒྲོལ་ལས་ཀ་མཐའ་གཅིག་ཏུ་སྒྲུབ་པ།དོ་དམ་མཉམ་བཅོས་ཀྱི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ།མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་ཡག་པོ་བྱེད་དགོས་ཞེས་ནན་གྱིས་བསྟན།
    ཚོགས་འདུའི་ཐོག《བདེ་ཆེན་ཁུལ་གྱི་2025ལོའི་ལོ་འཁོར་གྱི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་གྱི་ལས་འགན་སྒྲུབ་ཚུལ་གསལ་ཞུ་དཔྱད་མོལ་དཔྱད་ཞིབ་ཀྱི་ཚུར་ལན་བསམ་འཆར་དག་ཐེར་ཇུས་གཞིར》གྲོས་ཞིབ་བྱས་པ་རེད།
    ཚོགས་འདུའི་ཐོག་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།
  • བདེ་ཆེན་གསར་འགྱུར།

ལུའོ་ཁྲའོ་ཧྥེང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གཏོད་པའི་ལས་དོན་ལ་བརྟག་ཞིབ་གནང་སྐབས་ནན་གྱིས་བསྟན་དོན། ནུས་ཤུགས་ཡོད་རྒུས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གྱི་ཚད་ཤིང་སྐྲུན་དགོས།

ཁུལ་ཡོངས་ཀྱི་སྤྱི་ཚོགས་ལས་དོན་པུའུ་ཀྲང་གི་ཚོགས་འདུ་འཚོགས་པ།

ཇ་ཞིང་ར་བར་ཇ་ལོ་འཐུ་བའི་ལས་ལ་བྲེལ།

སྐབས་དགུ་བའི་ཁུལ་ཨུའི་རྒྱུན་ཨུས་ཚོགས་འདུ་ཐེངས་152པ་འཚོགས་པ།

ལུའོ་ཁྲའོ་ཧྥེང་གིས་རུ་སྣེ་ཁྲིད་ནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་བརྟག་ཞིབ་གནང་།

འཛམ་གླིང་གི་“སེམས་ཀྱི་ཉི་ཟླའི”སྐབས་གསུམ་པའི་རིག་གནས་ཡུལ་སྐོར་བྱེད་སྒོ་སྤེལ་བ།

ཞིང་ཆེན་ཁོངས་གཏོགས་ཁེ་ལས་ཀྱིས་བདེ་ཆེན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་བཞུགས་མོལ་ཚོགས་འདུ་འཚོགས་པ།

བདེ་ཆེན་ཁུལ་གྱིས་བོད་འབྲེལ་ལས་དོན་ལ་དམ་འཛིན་ཏན་ཏིག་བྱས་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com