ལུའོ་ཁྲའོ་ཧྥེང་གིས་རུ་སྣེ་ཁྲིད་ནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་བརྟག་ཞིབ་གནང་།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་3པའི་ཚེས་29ཉིན་གྱི་སྔ་དྲོར། ཁུལ་ཨུ་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་རུ་སྣེ་ཁྲིད་ནས་ཉི་ཤར་ཤང་ཐང་སྨད་གྲོང་ཚོར་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་བར་ཆེད་དོན་བརྟག་ཞིབ་གནང་བ། ཞན་ཆ་དང་མི་འདང་སར་དམིགས་ནས་དུས་རིམ་རྗེས་མའི་ལས་དོན་བཀོད་སྒྲིག་བྱས།

བརྟག་ཞིབ་གནང་རིང་། ལུའོ་ཁྲའོ་ཧྥེང་གིས་སྔ་རྗེས་སུ་རྨང་བཟང་གྲོང་བོད་པའི་དམངས་སྲོལ་སྡོད་ཁང་དང་ཐའོ་ཡོན་གྲོང་མིའི་དམངས་སྲོལ་སྡོད་ཁང་། ཅི་ནོ་ཐའོ་སྡེ་ཁུལ། དེ་བཞིན་བོད་པའི་ཁང་རྙིང་གི་ཀོག་ཧྥེ་སོགས་སུ་ཕེབས་ནས། དམངས་སྲོལ་སྡོད་ཁང་གི་གཉེར་སྐྱོང་དང་མངོན་མིན་རིག་གནས་ཤུལ་བཞག་གི་ཉམས་ལེན། ཡུལ་སྐོར་བའི་སྣེ་ལེན་སོགས་ཀྱི་གནས་ཚུལ་ལ་རྒྱུན་ལོན་ཞིབ་ཕྲ་བྱས་པ་མ་ཟད། བཞུགས་མོལ་ཚོགས་འདུ་འཚོགས་ནས་ཉི་ཤར་ཤང་གི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་སྙན་ཞུ་གསན་པ་རེད།

ལུའོ་ཁྲའོ་ཧྥེང་གིས་ཉི་ཤར་ཤང་གིས་རྫ་ནག་བསྲེགས་བཟོའི་ལག་རྩལ་དང་སྲོལ་རྒྱུན་གྲོང་ཚོ། ཁྱད་ལྡན་དམངས་སྲོལ་སོགས་དམིགས་བསལ་ཐོན་ཁུངས་ལ་བརྟེན་ནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་བར་ལྷན་སྐྱེས་ཀྱི་ལེགས་ཆ་ལྡན་ཡོད། འཕེལ་རྒྱས་ཀྱི་བསམ་ཕྱོགས་གང་མགྱོགས་གསལ་པོ་བཟོས་ནས་འཕེལ་རྒྱས་ཀྱི་གནས་ངེས་ཡང་དག་འཚོལ་བ། འཕེལ་རྒྱས་ཀྱི་འཇུར་མིག་སེལ་བ། ཐོན་ཁུངས་ཀྱི་དགེ་མཚན་དེ་འཕེལ་རྒྱས་ཀྱི་དགེ་མཚན་དུ་འགྱུར་བ་ཏན་ཏིག་བཅས་བྱེད་དགོས། དམངས་སྲོལ་ཐོན་ལས་ཀྱི་ལྟེ་བའི་ནང་དོན་ཁོང་དུ་ཆུད་པ་དང་འགྲུལ་ཁུངས་ཁྲོམ་ར་དང་ཡུལ་སྐོར་བའི་དགོས་མཁོར་གནད་ལ་འཁེལ་བའི་སྒོ་ནས་ཞིབ་འཇུག་བྱས་ཏེ། ཡུལ་སྐོར་བ་ཡོང་དོན་གང་ཡིན་པ་དང་ས་གནས་དེ་གའི་ཡུལ་སྐོར་བཅའ་སྡོད་བྱས་པའི་ཡིད་དབང་འཕྲོག་ཤུགས་གང་དུ་ཡོད་པ། རིག་གནས་ཡུལ་སྐོར་ཐོན་རྫས་ཀྱི་ནང་དོན་ནང་ཡིན་པ། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། རྫ་ནག་དེ་རྫ་ནག་ཙམ་མིན་པར་གཞི་ཚུགས་ནས། རིག་གནས་ཀྱི་རྨང་གཞི་སྔོག་འདོན་གཏིང་ཟབ་བྱས་པར་ཁྱད་ཆོས་དང་ཡིད་དབང་འཕྲོག་ཤུགས་གཉིས་ཀྱིས་ཡུལ་སྐོར་ཐོན་རྫས་གཏོད་དགོས་ཞེས་བསྟན་པ།
ལུའོ་ཁྲའོ་ཧྥེང་གིས་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྐུལ་འདེད་གཏོང་བས་ཡུན་ནན་དུ་བྱེས་སུ་སྡོད་པ་ཞེས་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐོར་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ནས། སྤུས་ཚད་མཐོ་རུ་གཏོང་བ་དང་ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་སྒྲིག་བྱས་ཏེ། ཡུལ་སྐོར་ཐོན་ལས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་དང་དམངས་སྲོལ་སྡོད་ཁང་འཛུགས་སྐྲུན་བྱེད་སྐབས་ས་ཁོངས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བ་བྱ་དགོས། སྲོལ་རྒྱུན་གྲོང་ཚོའི་གདོད་མའི་ཉམས་འགྱུར་སོར་འཇོག་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་བོད་པའི་ཁང་རྙིང་སྒྱུར་བཀོད་རིམ་སྤོར་བྱས་ནས་བཤིག་སྐྲུན་ཆེན་པོ་གཏན་འགོག་མཐའ་གཅིག་ཏུ་བྱེད་དགོས། སེམས་ཤུགས་གཅིག་སྡུད་དང་ནོར་ཤུགས་བསྡུ་སྒྲིལ་བྱས་ནས། གཙོ་གནད་ས་ཁོངས་ལ་དམིགས་ཏེ་གནད་ལ་འཁེལ་བའི་ངང་ཤུགས་སྣོན་རྒྱག་དགོས། མཁྲེགས་ཆས་ཀྱི་འདེགས་སྐྱོར་འཐུས་ཚང་དུ་བཏང་ནས། འགྲོ་ལམ་དང་ཆུ་གློག་སོགས་རྨང་གཞིའི་སྒྲིག་བཀོད་སྒྱུར་བཀོད་རིམ་སྤོར་ལ་སྐུལ་འདེད་མགྱོགས་སུ་བཏང་སྟེ་གྲོང་གསེབ་ཡུལ་སྐོར་ཞབས་ཞུའི་སྒྲིག་བཀོད་མཛེས་ལྗོངས་ཁུལ་དུ་འགྱུར་བར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་། མང་ཚོགས་ཆུང་གྲས་དང་རྩེར་སོན་འཕེལ་རྒྱས་ཀྱི་འགྲན་བསྡུར་ལམ་བུར་དམ་པོར་ཟུང་འབྲེལ་བྱས་ཏེ། གནད་ལ་འཁེལ་བའི་སྒོ་ནས་འབྲིང་རིམ་དང་རྩེར་སོན་གྱི་འཛད་སྤྱོད་ཚོགས་སྤྱིར་འབྲེལ་མཐུད་ཞབས་ཞུ་བྱེད་པ་དང་སྤུས་རྟགས་གཙོ་བོ་རྣམ་གྲངས་གཏོད་པ། དྲིལ་བསྒྲགས་ཁྱབ་གདལ། རྒྱུན་གཏན་གཉེར་སྐྱོང་བཅས་ནང་ཞུགས་རྒྱུར་ཧུར་ཐག་ངང་ནང་འདྲེན་བྱས། སྤུས་རྟགས་གྲོང་གསེབ་ཀྱི་བེད་མེད་རྒྱུ་ནོར་འཁྲུག་པོར་གཏོང་བ་དང་ཁྱད་ལྡན་ཐོན་ཁུངས་བསྡུ་སྒྲིལ་གཏིང་ཟབ་བྱེད་པ། སྣ་མང་གི་ལས་རིགས་རྣམ་པ་གསར་གཏོད་པ། གཉེར་སྐྱོང་བྱེད་སྟངས་རྐྱང་པ་དོར་བ། རིག་གནས་ཉམས་ལེན་དང་ཡུལ་སྐོར་འཛད་སྤྱོད་ཟུང་འབྲེལ་གཏིང་ཟབ་བྱེད་པ་བཅས་བྱས་ནས་ཡུལ་སྐོར་བ་བདེ་ཆེན་དུ་བཅའ་སྡོད་བྱས་པའི་འདོད་བློ་ཆེ་རུ་བཏང་སྟེ། ཡུལ་སྐོར་བ་རྣམས་གྲོང་མི་བྱ་གཞག་གསར་གཏོད་པ་འགྱུར་བར་ཧུར་ཐག་བྱེད་དགོས་ཞེས་ནན་གསུང་གནང་།
ལུའོ་ཁྲའོ་ཧྥེང་གིས་འབྲེལ་ཡོད་སྡེ་ཚན་དང་གཉེར་སྐྱོང་པའི་འཕེལ་རྒྱས་ཀྱི་ངེས་གནས་ལ་དམ་པོར་དམིགས་ནས། འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་དང་ལས་ཀའི་བྱ་ཐབས་ཞིབ་ཕྲ་བཟོ་བ། ཐོག་མཐའ་བར་གསུམ་དུ་སྣོད་བཅུད་སྲུང་སྐྱོང་མ་མཐའི་མཚམས་ཚད་བརྟན་སྲུང་བྱས་པ། ཚན་རིག་དང་མཐུན་པའི་སྤྱི་འདོམས་འཆར་འགོད་དང་ཞིང་འབྲེལ་ཞིང་ཁྲིད་དམངས་ཕྱུག་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། མང་ཚོགས་དམངས་སྡོད་གཉེར་སྐྱོང་དང་མངོན་མིན་རིག་གནས་ཤུལ་གནས་གསོན་འགྱུར། རིག་གནས་ཡུལ་སྐོར་ཞབས་ཞུ་སོགས་ལ་གཏིང་ཟབ་ཏུ་ཞུགས་རྒྱུར་ཁྲིད་སྟོན་བཅས་བྱས་ནས། ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་བས་མང་བ་མང་ཚོགས་ལ་ཕན་ཐོབ་པ་དང་སྤུས་ཚད་མཐོ་བའི་རིག་གནས་ཡུལ་སྐོར་མཉམ་འདྲེས་ལ་བརྟེན་ནས་གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་གཏོང་དགོས་ཞེས་བླང་བྱ་སྟོན།
ཧོང་ལུང་ཤིན་དང་ལིན་ཧའོ། དེ་བཞིན་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་བཅས་བརྟག་ཞིབ་ནང་ཞུགས།
- བདེ་ཆེན་གསར་འགྱུར།
སྐབས་དགུ་བའི་ཁུལ་ཨུའི་རྒྱུན་ཨུས་ཚོགས་འདུ་ཐེངས་152པ་འཚོགས་པ།
ལུའོ་ཁྲའོ་ཧྥེང་གིས་རུ་སྣེ་ཁྲིད་ནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་བརྟག་ཞིབ་གནང་།
འཛམ་གླིང་གི་“སེམས་ཀྱི་ཉི་ཟླའི”སྐབས་གསུམ་པའི་རིག་གནས་ཡུལ་སྐོར་བྱེད་སྒོ་སྤེལ་བ།
བདེ་ཆེན་ཁུལ་གྱིས་བོད་འབྲེལ་ལས་དོན་ལ་དམ་འཛིན་ཏན་ཏིག་བྱས་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།
2026ལོའི་ཀྲུང་དབྱང་ཁེ་ལས་དང་ཞིང་ཆེན་རིམ་པའི་དམིགས་འཛུགས་གྱིས་བདེ་ཆེན་ལ་རོགས་སྐྱོར་བྱེད་པའི་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་འཚོགས།
ཞིང་ཆེན་ཁོངས་གཏོགས་ཁེ་ལས་ཀྱིས་བདེ་ཆེན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་བཞུགས་མོལ་ཚོགས་འདུ་འཚོགས་པ།
2025/2026ལོའི་ཧྥུ་ཏན་དངུལ་ཁང་ཡུན་ནན་ཞིང་ཆེན་གྲོང་ཁྱེར་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་འགྲན་བསྡུར་ཁྲོད་བདེ་ཆེན་རུ་ཁག་གི་ཟླ་བ་བཞི་པའི་འགྲན་བསྡུར་དུས་ཚོད་གཏན་འཁེལ་བྱས།
ཡུན་ནན་ཞིང་ཆེན་རིམ་གྱི་ཁང་པ་ཉོ་བའི་ཁ་གསབ་རོགས་དངུལ་རིམ་བསགས་ནས་མ་དངུལ་སྒོར་དུང་ཕྱུར་གཉིས་ལས་བརྒལ།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108