མཐའ་ཆུ་གྲོང་རྡལ་གྱིས་ཏང་འཛུགས་སྐྱོང་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་དང་གྲོང་གསེབ་དར་རྒྱས་མཉམ་འདྲེས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་དེ། སེ་འབྲུ་མེ་ཏོག་བཞད་སར་དར་རྒྱས་ཀྱི་གླུ་དབྱངས་དཀྲོལ།
འབའ་ལུང་རྫོང་མཐའ་ཆུ་གྲོང་རྡལ་དུ་འགྲོ་སྐབས་བོད་ལུགས་ཀྱི་ཐོག་བརྩེགས་གྲལ་སྟར་སྒྲིག་ནས་ལི་སུའུ་རིགས་ཀྱི་པང་ལུ་ཁང་པའི་ནང་དུ་སྨུག་འཐེན་པ། འཇང་རིགས་ཀྱི་སྒོ་རའི་ནང་མེ་ཏོག་གི་དྲི་ཞིམ་གྱིས་མི་རྣམས་ལ་འཐེན། སྔ་མ་ནས་འདི་རུ་སྡོད་པའི་མི་རིགས་8དེ་གར་སྐྱེ་འཚར་བྱུང་། ཕྱོགས་མང་པོའི་ཡུལ་སྐོར་བ་གཅིག་རྗེས་གཉིས་མཐུད་ངང་ཡོང་ནས་མི་རིགས་མཐུན་སྒྲིལ་དང་གྲོང་གསེབ་དར་རྒྱས་མཉམ་འདྲེས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཞིག་བྲིས་ཡོད།
མཐའ་ཆུ་གྲོང་རྡལ་གྱི་གྲོང་མི་བཀྲ་ཤིས་ནུ་མོ་ཡིས་ཏང་རྩ་འཛུགས་ཀྱིས་སྣེ་ཁྲིད་དེ་ཁེ་ལས་ནང་འདྲེན་དང་སྟེགས་བུ་སྐྲུན་ནས་ང་ཚོས་གཞི་ནས་སྒོ་འགྲམ་དུ་ཡུལ་སྐོར་གྱི་ཟས་ཟ་ཐུབ་པ་ཡིན་ཞེས་པའི་སྐད་ཆ་ལས་གྲོང་རྡལ་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་སེམས་གཏམ་མཚོན་ཡོད། ཐོག་མཐའ་བར་གསུམ་དུ་རང་ཁུལ་གྱིས་ཏང་གི་འགོ་ཁྲིད་དེ་མི་རིགས་ལས་དོན་དང་གྲོང་གསེབ་དར་རྒྱས་ཀྱི་ཁྱབ་ཁོངས་ཡོངས་དང་རིམ་པ་ཁག་ཏུ་ཁྱབ་པ་རྒྱུན་འཁྱོངས་བྱས། མཐའ་ཆུ་གྲོང་རྡལ་གྱིས་ཏང་སྲིད་ཀྱི་འགོ་ཁྲིད་གཙོ་བོས་ཙུའུ་ཀྲང་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་ལས་དོན་འགོ་ཁྲིད་ཚོ་ཆུང་བཙུགས་ནས་གསར་འཛུགས་ལས་འགན་ཏང་ཨུ་དང་སྲིད་གཞུང་གི་གྲོས་རིམ་གལ་ཆེན་ནང་བཅུག་ནས་ཏང་སྲིད་ཀྱིས་མཉམ་འཛིན་དང་ཐུན་མོང་ཐོག་དོ་དམ། གོང་འོག་མཉམ་འགུལ་མཐུན་སྦྱོར། སྤྱི་ཚོགས་རྒྱ་ཁྱབ་ངང་ཞུགས་པ་ཞེས་པའི་ལས་ཀའི་རྣམ་པ་བཙུགས། ཏང་འཛུགས་སྐྱོང་དང་མཉམ་ལས་ཁང་། ཁེ་ལས། ཞིང་དུད་བཅས་ཟུང་འབྲེལ་བྱས་པའི་རྣམ་པ་བརྒྱུད་ཏང་རྩ་འཛུགས་ཀྱིས་སྣེ་ཁྲིད་དེ་ཀྲུང་གོ་ཡུལ་སྐོར་ཚོགས་པ་དང་སྲོང་བཙན་ཚོགས་པ་སོགས་སྣེ་ཁྲིད་ཁེ་ལས་ནང་འདྲེན་བྱས་ནས་འགྲུལ་ཞུགས་དམངས་སྲོལ་སྡོད་ཁང་མཉམ་ལས་ཁང་བཙུགས་ཏེ་གཅིག་གྱུར་གྱི་ཞབས་ཞུའི་ཚད་གཞི་བཟོས་ཤིང་ཆེད་ལས་རྩལ་ནུས་གསོ་སྦྱོང་རེས་སྐོར་མང་པོ་སྤེལ། དེང་སང་། སྤུས་ལེགས་མགྲོན་ཁང་29དང་ཁྱད་ཆོས་ལྡན་པའི་འགྲུལ་ཞུགས་དམངས་སྲོལ་སྡོད་ཁང་26ལས་གྲུབ་པའི་འདུས་འཛོམས་དེ་མཐའ་ཆུ་གྲོང་རྡལ་གྱི་མཛེས་སར་གྱུར་ཡོད། རིན་གོང་མི་འདྲ་བའི་ཁང་པའི་རྣམ་པ་སྣ་མང་གིས་དགོས་མཁོ་མི་འདྲ་བ་སྐོང་བ། ཡུལ་སྐོར་ཡོང་མཁན་མང་བའི་དུས་ཚིགས་སུ་སྡོད་ཚད་90%ལས་བརྒལ་བས། ཉིན་བདུན་སྔོན་ལ་མངག་ཉོ་བྱེད་པའི་དར་ཁྱབ་ཆེ་བའི་རྣམ་པ་དེ་རྒྱུན་ལྡན་གྱི་རྣམ་པ་ཞིག་ཏུ་གྱུར། ལས་གཉེར་བྱེད་མཁན་800ལྷག་ཙམ་ནང་གྲངས་ཉུང་མི་རིགས་ཀྱིས་བཟུང་བའི་བསྡུར་ཚད་96.8%ཟིན་པས། ཏང་ཡོན་གྱིས་སྣེ་ཁྲིད་ནས་ལས་གཏོད་དང་མང་ཚོགས་ཧུར་ཐག་ངང་ཞུགས་པའི་ཚ་རླབས་བླ་ཕུད་ཆུ་བོ་འགྲམ་དུ་མུ་མཐུད་ནས་འཕྱུར་བཞིན་ཡོད།
གྲོང་རྡལ་དེས་ཏང་རྩ་འཛུགས་ཀྱིས་ཐོན་ལས་སྣེ་ཁྲིད་བྱེད་པ་དང་། ཏང་ཡོན་གྱིས་སྣེ་ཁྲིད་ནས་ཕྱུག་པོར་འགྱུར་བ། མང་ཚོགས་ཐུན་མོང་ཐོག་ཡོང་འབབ་འཕར་སྣོན་ཡོང་བ་བཅས་གཞི་འཛིན་སར་བྱས་ནས་སྐྱེ་ཁམས་སྐྱེ་ལྡན་ཞིང་ལས་དང་གྲོང་གསེབ་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་། གྲོང་རྡལ་ཏང་ཨུ་དང་སྲིད་གཞུང་གིས་སྣེ་ཁྲིད་དེ་གནོད་མེད་བཟའ་བཅའི་རྟེན་གཞི་ཁག་གཅིག་སྐྲུན་པ་དང་ཏང་ཡོན་ལག་རྩལ་རྐང་འཛིན་པས་ཞིང་ནང་དུ་ཟབ་ཞུགས་བྱས་ནས་མང་ཚོགས་ལ་ཆང་བསྙལ་རྒུན་འབྲུམ་མུའུ་1670དང་སྐྱེ་ཁམས་ཀུང་འབྲས་མུའུ་2000འདེབས་འཛུགས་བྱ་བར་མཛུབ་ཁྲིད་བྱས་ཏེ་བདེ་ཆེན་གྱི་བོད་ཕག་ཁྲི་2.6ལྷག་གསོ་སྤེལ་བྱས། ཅིན་ཁེའི་སྐྱེ་དངོས་ཐོན་ཁུངས་གསར་སྤེལ་ཚད་ཡོད་ཀུང་སིའི་ཤ་སྐམ་ལ་སྐྱེ་ལྡན་བཟའ་བཅའི་བདེན་དཔང་ཐོབ་པ་དང་ཧ་ཏ་ཞིང་གྲོང་གི་རྒུན་ཆང་དང་འབའ་གྲོལ་རྒྱ་སེ་མེ་ཏོག་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་གི་བཟའ་བཅའི་རྒྱ་སེ་མེ་ཏོག་ལ་གནོད་མེད་བཟའ་བཅའི་བདེན་དཔང་ཐོབ་པ་དང་། སྔོན་གྱི་ཆུང་བ་དང་ཞིང་ཐོར་ཞན་པ་ཞེས་པའི་ཞིང་ལས་དཔལ་འབྱོར་ཆུང་ཆུང་དེ་སྐད་གྲགས་ཡོད་པ་དང་ཁྱད་པར་ལེགས་པ་ཞེས་པའི་ཞིང་ལས་དང་ཡུལ་སྐོར་མཉམ་འདྲེས་ཐོན་ལས་སུ་བདེ་བླག་ངང་རིམ་པ་འཕར། ཞིང་པའི་སྤྲོ་སྐྱིད་ཁང་དང་ཁྱད་ཆོས་ལྡན་པའི་ཟ་ཁང་180ཙམ་ནང་ཏང་ཡོན་གཉེར་སྐྱོང་དུད་ཚང་གིས་སྣེ་ཁྲིད་དེ་ཡིད་རྟོན་ངང་གཉེར་སྐྱོང་བྱས་ནས་ཡུལ་སྐོར་བ་རྣམས་ལ་སེམས་བདེ་བའི་ངང་ཟ་བཅུག མི་རིགས་ཁག་གི་མང་ཚོགས་ཀྱི་ཁུག་མ་ཡང་ཇེ་མཐུག་ཏུ་འགྲོ་བ་དང་། ཁྱིམ་ཚང་ཆ་སྙོམས་ཀྱི་ལོ་རེའི་ཡོང་འབབ་འཕར་ཚད་མུ་མཐུད་དུ་འཕར་བས་སྐྱེ་ཁམས་རང་བྱུང་གི་བྲོ་བ་ཞིམ་པོ་ཟ་བ་དེ་མཐའ་ཆུ་གྲོང་རྡལ་གྱི་གྲོང་གསེབ་ཡུལ་སྐོར་གྱི་གསེར་གྱི་རྟགས་ཅན་ཞིག་ཏུ་གྱུར་ཡོད།
མཐའ་ཆུ་གྲོང་རྡལ་གྱི་ཏང་ཨུ་དང་སྲིད་གཞུང་གིས་སྣེ་ཁྲིད་ནས་དངོས་མིན་རིག་གནས་ཤུལ་བཞག་གི་སློབ་སྦྱོང་སུའོ་དང་དམངས་སྲོལ་འགྲེམས་སྟོན་ཁང་། བླ་ཕུད་དཔེ་ཁང་སོགས་ཁྱད་ཆོས་ལྡན་པའི་རིག་གནས་སྤེལ་ཡུལ་སྐྲུན་ནས་ཁུལ་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་གི་འཐུས་མི་རང་བཞིན་གྱི་རྒྱལ་ཁབ་རིམ་པའི་རྒྱུན་འཛིན་པ་1དང་། ཞིང་ཆེན་རིམ་པའི་རྒྱུན་འཛིན་པ་2། ཁུལ་རིམ་པའི་རྒྱུན་འཛིན་པ་5བཅས་གསོ་སྐྱོང་བྱས་ཏེ། ཏང་ཡོན་དང་རྒྱུན་འཛིན་པ་ཞེས་པའི་ཟུང་འབྲེལ་རོགས་སྐྱོར་བྱེད་སྟངས་བརྒྱུད་དེ་རལ་པ་དང་བོད་ཀྱི་ཟློས་གར། ཨ་ཁྲི་མུའུ་ཀྭ་སོགས་དངོས་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་དུ་བཅུག རིམ་པ་ཁག་གི་ཏང་རྩ་འཛུགས་ཀྱིས་གཅིག་གྱུར་འཆར་འགོད་འོག ཁུའོ་ཧྲི་དུས་ཆེན་དང་ཟླ་གཉིས་པའི་ཚེས་བརྒྱད། མྱུ་གུ་འདེབས་པའི་དུས་ཆེན། རྟ་རྒྱུག་དུས་ཆེན་སོགས་མི་རིགས་ཀྱི་དུས་ཆེན་བྱེད་སྒོ་དེ་མི་རིགས་ཁག་གིས་ཐུན་མོང་ཐོག་རྟེན་འབྲེལ་ཞུ་བ་དང་མཉམ་སྤྱོད་བྱེད་པའི་འདུ་འཛོམས་ཆེན་པོ་ཞིག་ཏུ་གྱུར་ཡོད། ཏང་ཡོན་ལས་བྱེད་པས་སྣེ་ཁྲིད་དེ་ཞུགས་པ་དང་ཇུས་འགོད་ཞིབ་ཚགས་བྱས་པ། བོད་ཀྱི་གུས་ལུགས་དང་ལི་སུའུ་ཡི་གླུ་ལེན་པ། འཇང་གི་བྲོ་འཁྲབ་པ་བཅས་ཀྱི་གསོན་ཉམས་ལྡན་པའི་ཡུལ་ལྗོངས་གང་སར་མཐོང་ཐུབ། མི་རིགས་ཁག་གི་མང་ཚོགས་ཀྱིས་ཕན་ཚུན་དབྱེ་འབྱེད་མི་བྱེད་པར་སྤྲོ་སྣང་སྐྱེ་བཞིན་ཡོད། ཆི་པིའེ་གྲོང་ཚོའི་དམངས་སྲོལ་ཉམས་ལེན་ཁང་དང་ཞིང་པའི་ཉམས་ལེན་གནས་སུ་ཏང་ཡོན་དང་བླངས་པས་རང་འགུལ་ངང་རིག་གནས་འགྲེལ་བཤད་པའི་འགན་འཁུར་ནས་ཡུལ་སྐོར་བ་རྣམས་ལ་འབྲས་བཙོས་མ་རྒྱག་པ་དང་འབྲས་བག་ལེབ་བཟོ་བ། དྲི་ཞིམ་ཕྱེ་བརྡར་སོགས་ཉམས་ལེན་བྱེད་པར་ཁྲིད་སྟོན་བྱས་ཏེ། མི་རིགས་ཁག་གི་རིག་གནས་སྤེལ་རེས་ཁྲོད་བརྩེ་དུང་ཟབ་ཏུ་གཏོང་བ་དང་ཐུན་མོང་གི་ངོས་འཛིན་གཅིག་གྱུར་ཡོང་བར་བྱས། 2024ལོར། མཐའ་ཆུ་གྲོང་རྡལ་ལ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཚོགས་པ་ཞེས་པའི་མཚན་སྙན་སྤྲད་དེ་ཁུལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཚད་གཞིའི་ཞང་གྲོང་དུ་གྱུར་ཡོད།
ནགས་ཚལ་ཁེབས་ཚད་83.93%ཡོད་པའི་མཐའ་ཆུ་གྲོང་རྡལ་གྱིས་ཐོག་མཐའ་བར་གསུམ་དུ་ཏང་འཛུགས་སྐྱོང་གིས་སྐྱེ་ཁམས་སྲུང་སྐྱོང་ལ་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ཡོད། གྲོང་རྡལ་ཏང་ཨུ་དང་སྲིད་གཞུང་གིས་སྣེ་ཁྲིད་ནས་གྲོང་གསེབ་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ཀྱི་འཆར་འགོད་ཅེས་པ་སོགས་ཆེད་དོན་འཆར་འགོད་6བཟོས་པ་དང་། མི་ཆོག་པ་དྲུག་དང་བླང་བྱ་དྲུག་ཅེས་པའི་རྣམ་པ་དོ་དམ་ཚོད་འཛིན་བྱེད་ཐབས་བཏོན། ཏང་ཡོན་གྱིས་སྣེ་ཁྲིད་པའི་རི་སྐོར་ཆུ་བོ་སྲུང་སྐྱོང་བྱེད་པའི་རུ་ཁག་བཙུགས་པ། སྐྱེ་ཁམས་དོ་དམ་སྲུང་སྐྱོང་མི་སྣ་630གདམ་གསེས་བྱས་ཏེ། ཆུ་དཔོན་ལམ་ལུགས་དང་ནགས་དཔོན་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ། རི་ཀླུང་སྔོ་ལྗང་ནི་གསེར་རི་ཡིན་པའི་འདུ་ཤེས་ཞེས་པ་མི་སེམས་སུ་ཟུག་བཅུག རིམ་པ་ཁག་གི་ཏང་རྩ་འཛུགས་ཀྱིས་སྣེ་ཁྲིད་ནས་མཛེས་སྡུག་བཞི་ཞེས་པ་གསར་སྐྲུན་བྱས་ནས་གསང་སྤྱོད་གསར་བརྗེ་དང་འགྲོ་ལམ་སྲ་བཅོས། འཐུང་ཆུའི་སྦུབས་ལམ་མཐོར་འདེགས་སོགས་ཀྱི་ལས་གྲྭ་ལག་བསྟར་བྱས་ཏེ། གྲོང་གསེབ་ཀྱི་འཚོ་སྡོད་ཁོར་ཡུག་གི་འགྱུར་ལྡོག་འཕར་སྣོན་ཡོང་བར་སྐུལ་འདེད་བཏང་། ད་ལྟའི་མཐའ་ཆུ་གྲོང་རྡལ་དུ་རི་ཀླུང་སྔོ་ལྗང་དང་ཆུ་གཙང་མ་རྒྱུག་བཞིན་ཡོད། ཡུན་ནན་སྤྲེའུ་ཁྲའི་གྲངས་འབོར་དང་ཁྱུ་ཚོགས་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད། ནགས་གླ་དང་གླག་སྐེ་སེར་སོགས་རི་སྐྱེས་སྲོག་ཆགས་རིགས་250ལྷག་ཙམ་དེ་གར་འཚོ་སྡོད་བྱེད་ཡོད། བློ་ལྡན་སྲོག་ཆགས་རིགས་ཀྱིས་མིའི་རིགས་དང་འཆམ་མཐུན་མཉམ་གནས་བྱེད་ཡོད། སྐྱེ་ཁམས་བཟང་པོ་དེས་ད་དུང་གདོད་མའི་ནགས་ཚལ་དུ་རྐང་ཐང་ཡུལ་སྐོར་འགྲོ་བ་དང་ནགས་འོག་འཐུ་བ་སོགས་ཁྱད་ཆོས་ལྡན་པའི་རྣམ་གྲངས་ཐོན་ནས་མི་རིགས་ཁག་གི་མང་ཚོགས་ཀྱིས་སྐྱེ་ཁམས་སྲུང་སྐྱོང་བྱེད་པའི་ཁྲོད་འཕེལ་རྒྱས་ཀྱི་ཁེ་སྤོགས་མཉམ་སྤྱོད་བྱེད།
བཅོས་སྐྱོང་ནུས་ལྡན་ནི་མི་རིགས་མཐུན་སྒྲིལ་གྱི་འགན་ལེན་བརྟན་པོ་ཞིག་ཡིན་ལ། གྲོང་གསེབ་དར་རྒྱས་ཡོང་བའི་འདེགས་སྐྱོར་ནུས་ལྡན་ཞིག་ཀྱང་ཡིན། མཐའ་ཆུ་གྲོང་རྡལ་གྱི་ཏང་ཨུ་དང་སྲིད་གཞུང་གིས་གསར་གཏོད་རང་བཞིན་གྱིས་དུད་ཚང་ལྔ་མཉམ་འབྲེལ་རོགས་རམ་མཉམ་འབྲེལ་འགན་སྲུང་ཞེས་པའི་ལམ་སྲོལ་བཏོན་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བླང་བྱ་གྲོང་ཚོའི་སྒྲིག་སྲོལ་དམངས་ཆིངས་ནང་བཅུག་ནས་དྲ་བ་ལྔ་གཅིག་གྱུར་ཞེས་པའི་དྲ་མིག་ཅན་གྱི་བཅོས་སྐྱོང་མ་ལག་བཙུགས། ཏང་ཡོན་ལས་བྱེད་པས་སྣེ་ཁྲིད་དེ་རྒྱལ་ཁབ་ཀྱི་ཀུན་སྤྱོད་སྐད་ཡིག་ཁྱབ་གདལ་བཏང་བ་དང་སྲོག་ཤིང་ལ་བརྩི་བཀུར་བྱས་ནས་སེམས་པ་པེ་ཅིང་ཕྱོགས་སུ་བཅངས་ཞེས་པའི་སློབ་གསོ་ལག་ལེན་བྱེད་སྒོ་གཏིང་ཟབ་ཏུ་སྤེལ་ཏེ། བྲལ་ཐབས་མེད་པ་གསུམ་ཞེས་པ་དང་ལྷན་ཅིག་ཏུ་བཞི། ཁས་ལེན་ལྔ་ཞེས་པའི་འདུ་ཤེས་མི་རིགས་ཁག་གི་མང་ཚོགས་ཀྱི་སེམས་སུ་རྩ་བ་ཚུགས་སུ་བཅུག རིམ་པ་ཁག་གི་ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་འོག གཉེར་སྐྱོང་གཙོ་གཟུགས་གསར་པ་42ཀྱིས་དམངས་ཀྱི་ཁང་པ་འགྲུལ་ཞུགས་དམངས་སྲོལ་སྡོད་ཁང་དུ་འགྱུར་བ་དང་། ཐོན་ཁུངས་རྒྱུ་ནོར་དུ་འགྱུར་བ། གྲོང་མི་མ་རྐང་འཇོག་མཁན་དུ་འགྱུར་བ་བཅས་བྱས་ཏེ། ཁེ་ལས་དང་མང་ཚོགས་གཉིས་ཀྱིས་འཕེལ་རྒྱས་ཀྱི་ཁེ་སྤོགས་མཉམ་སྤྱོད་བྱས། འགལ་བ་དང་རྩོད་གཞི་གཞི་རིམ་དུ་ནུས་ལྡན་ངང་སེལ་བ། མི་རིགས་མཐུན་སྒྲིལ་དེ་གྲོང་རྡལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བསམ་བློའི་ངོས་འཛིན་གཅིག་མཐུན་དང་བྱ་སྤྱོད་ཀྱི་རང་རྟོགས་བཅས་སུ་གྱུར།
མཐའ་ཆུ་གྲོང་རྡལ་གྱི་གསོན་ཉམས་ལྡན་པའི་ལག་ལེན་ནི་རང་ཁུལ་གྱིས་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་རྒྱུན་འཁྱོངས་དང་མི་རིགས་མཐུན་སྒྲིལ་དང་གྲོང་གསེབ་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་གསོན་ཉམས་ལྡན་པའི་བསྡུས་རིས་ཤིག་ཡིན། ཉེ་བའི་ལོ་ཤས་རིང་། རང་ཁུལ་གྱིས་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དེ་གྲོང་གསེབ་དར་རྒྱས་ཀྱི་བརྒྱུད་རིམ་ཡོངས་སུ་ཁྱབ་ཡོད། མི་རིགས་མཐུན་སྒྲིལ་དང་གྲོང་གསེབ་དར་རྒྱས་མཉམ་འདྲེས་གཏིང་ཟབ་དང་ཟློས་མཐུན་མཉམ་འདར་ལ་སྐུལ་འདེད་བཏང་སྟེ། ཏང་འཛུགས་སྐྱོང་ལ་བརྟེན་ནས་མི་རིགས་ཀྱི་བརྩེ་དུང་གསལ་སྟོན་བྱས་ཤིང་གངས་ལྗོངས་མཐོ་སྒང་དུ་ཁྲག་རྒྱུད་འབྲེལ་མཐུད་དང་དར་རྒྱས་འཕེལ་རྒྱས་ཀྱི་ཡིད་དབང་འཕྲོག་པའི་རྣམ་པ་འགྲེམས་སྟོན་བྱས་ཡོད།
དུས་རིམ་རྗེས་མར། རང་ཁུལ་གྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ནས་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ནུས་པ་མུ་མཐུད་དུ་གཏིང་ཟབ་ཏུ་བཏང་སྟེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་ལས་དོན་ལ་སྐུལ་འདེད་གཏོང་བའི་བྱེ་བྲག་གི་བྱ་སྤྱོད་དུ་བསྒྱུར་ཏེ། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་བཏང་ནས་མུ་མཐུད་དུ་རྨང་གཞི་སྲ་བརྟན་དུ་བཏང་ནས་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་གངས་ལྗོངས་མཐོ་སྒང་དུ་རྒྱུན་དུ་བཞད་ནས་གྲོང་གསེབ་དར་རྒྱས་ཀྱི་མཛེས་སྡུག་ལྡན་པའི་འཆར་གཞི་དོན་དངོས་སུ་བསྒྱུར་ནས་ཧུར་བརྩོན་གྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལེའུ་སྐྲུན་རྒྱུ།
责任编辑:曲批、七林
- ཀྲོའུ་ནང་ཁུལ་གྱི་མགོ་གཙོ་
མཐའ་ཆུ་གྲོང་རྡལ་གྱིས་ཏང་འཛུགས་སྐྱོང་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་དང་གྲོང་གསེབ་དར་རྒྱས་མཉམ་འདྲེས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་དེ། སེ་འབྲུ་མེ་ཏོག་བཞད་སར་དར་རྒྱས་ཀྱི་གླུ་དབྱངས་དཀྲོལ།
དམངས་འཚོའི་གསལ་ཐོ་ཞེས་པ་དེ་བདེ་སྐྱིད་ཀྱི་རྩིས་ཐོ་ཞེས་པར་བསྒྱུར་བཅུག
རང་ཁུལ་གྱིས་ཁུལ་ཨུའི་“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་གྲོས་འགོའི་བསམ་འཆར་བསྡུ་ལེན་བྱེད་པའི་བཞུགས་མོལ་ཚོགས་འདུ་འཚོགས་པ།
སེམས་ཀྱི་ཉི་ཟླའི་དགུན་ཁའི་གངས་འཁྱགས་གྲོས་ཆོད་ཀྱིས་ཡུན་ནན་ཞིང་ཆེན་གྲོང་ཁྱེར་རྐང་རྩེད་སྤོ་ལོ་མཉམ་འབྲེལ་འགྲན་བསྡུར་ལ་རོགས་རམ་བྱས་ཏེ། སྤོ་ལོ་བལྟས་སྐབས་ཁ་བ་རྩེད་ནས་ཁྱོད་ལ་ཐེངས་གཅིག་ནང་སྤྲོ་སྣང་ངང་རྩེད་དུ་བཅུག
ཡུན་ནན་ཞིང་ཆེན་གྱི་ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་པ་སྤུས་ཚད་མཐོ་བའི་སྒོ་ནས་ལེགས་གྲུབ་ཡོང་བའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་བདེ་ཆེན་གྱི་ཆེད་དོན་ཚོགས་འདུ་ཁུན་མིང་དུ་འཚོགས།
ལུའོ་ཁྲའོ་ཧྥེང་གིས་ཁུལ་སྨྱན་སྦྱོར་མཉམ་འདྲེས་ལྟེ་གནས་སུ་རྟོག་ཞིབ་གནང་།
2025/2026ཧྥུ་ཏན་དངུལ་ཁང་ཡུན་ནན་ཞིང་ཆེན་གྲོང་ཁྱེར་རྐང་རྩེད་སྤོ་ལོའི་མཉམ་འགྲན་བདེ་ཆེན་འགྲན་ཁུལ་གྱི་འགྲན་བསྡུར་ཛ་དྲག་ཆེ་ཞིང་བཙུགས་སྤོར་འབེན་འཕེན་བྱས་པ་བརྒྱུད་ཆུས་ཅིང་ལས་ཕམ།
2025/2026ཧྥུ་ཏན་དངུལ་ཁང་ཡུན་ནན་ཞིང་ཆེན་གྲོང་ཁྱེར་རྐང་རྩེད་སྤོ་ལོའི་མཉམ་འགྲན་བདེ་ཆེན་འགྲན་ཁུལ་གྱི་འགྲན་བསྡུར་འགོ་ཚུགས་པ།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53342102000007
