ཁུལ་ཨུས“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་གྲོས་འགོའི་བཞུགས་མོལ་ཚོགས་འདུ་འཚོགས།

ཟླ་12ཚེས་4ཉིན་ཁུལ་ཨུས“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་གྲོས་འགོའི་བཞུགས་མོལ་ཚོགས་འདུ་འཚོགས་ཏེ་སྤུས་ཚད་མཐོ་བའི་སྒོ་ནས་རང་ཁུལ་གྱི་“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་བཟོ་བ་དང་། ཚན་རིག་དང་མཐུན་པའི་ངང་འབྱུང་འགྱུར་ལོ་ལྔའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་བྱས་ཏེ་རིགས་གཅིག་མཁས་ཅན་དང་། ཁེ་ལས་ཀྱི་འཐུས་མི། གཞི་རིམ་གྱི་འཐུས་མི། ཏང་ཕྱིའི་མི་སྣ་སོགས་ཀྱི་བསམ་འཆར་དང་གྲོས་འགོར་ཉན་པ་རེད།
ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཕེང་ཧྲན་དང་ཞུས་སི་སི་ཚོགས་འདུར་ཞུགས་ཡོད་པ་རེད།
ཚོགས་འདུའི་ཐོག་ཁུལ་ཨུའི་རྒྱུན་ཨུའམ་ཁུལ་ཨུའི་དྲུང་ཆེ་ཁྲེན་ཆུན་གྱིས་ཁུལ་ཡོངས་ཀྱི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཀྱི་མ་ཟིན་འབྲི་བའི་བརྒྱུད་རིམ་དང་། གཞི་རྩའི་སྒྲོམ་གཞི། ནང་དོན་གཙོ་བོ་བཅས་ངོ་སྤྲོད་གནང་བ་རེད། ཧུང་ཡུན་པོ་དང་། ཞའོ་ཡིང་།ཧོ་ཞན་ཀྲུང་། ཧུའུ་སི་ལེ། ཧོ་དབྱི་ལུང་། ཧོ་ཅི་ཧྥུ། ལི་ཅིན་ཀྲུའུ་སོགས་ལས་རིགས་ཁག་གི་འཐུས་མིས་རང་ཁུལ་གྱི་ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཀྱི་མ་ཟིན་ལ་དམིགས་ཏེ་བརྟན་ལྷིང་སྲུང་སྐྱོང་དང་། ཐོན་ལས་འཕེལ་རྒྱས། དམངས་འཚོ་ལེགས་གཏོང་། སྣོད་བཅུད་སྲུང་སྐྱོང་། ཕྱི་ཕྱོགས་ལ་སྒོ་དབྱེ།གཞི་རིམ་བཅོས་སྐྱོང་སོགས་གཙོ་གནད་ཁྱབ་ཁོངས་ལ་དམ་པོར་དམིགས་ཏེ་གཏམ་བཤད་ཧུར་ཐག་དང་གྲོས་བསྡུར་གཏིང་ཟབ་གནང་ནས་དམིགས་སའི་རང་བཞིན་དང་དགེ་མཚན་ལྡན་པའི་བསམ་འཆར་དང་གྲོས་འགོ་བཏོན་གནང་བ་རེད། ལུའོ་ཁྲའོ་ཧྥེང་གིས་གཏམ་བཤད་ནན་ཏན་ངང་གསན་ནས་ཚང་མ་དང་སྤེལ་རེས་ཡང་ཡང་གནང་བ་རེད།
ལུའོ་ཁྲའོ་ཧྥེང་གིས“ལོ་ལྔ་ཚན་བཅུ་བཞི་པའི”རིང་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཞིང་ཨུའི་འགོ་ཁྲིད་འོག་ཁུལ་ཡོངས་ཀྱི་གོང་འོག་མཐུན་སྒྲིལ་འབད་འཐབ་བྱས་པར་བརྟེན་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ནས“ལོ་ལྔ་ཚན་བཅོ་ལྔ་པའི”འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་བཏིང་ཡོད། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་འཕེལ་རྒྱས་ཇུས་འགོད་ཡག་པོ་བྱེད་པར“ལོ་ལྔ་ཚན་བཅོ་ལྔ་པའི”རིང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་འཕེལ་རིམ་ཁྲོད་ལྡན་པའི་སྔ་མཐུད་ཕྱི་གཏོད་ཀྱི་གནས་བབ་གལ་ཆེན་སྟངས་འཛིན་གཏིང་ཟབ་བྱས་ཏེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཆེན་ཨུ་ལྷན་གྱི་ལས་ཀའི་བླང་བྱ་འཆར་འགོད་སྒྲིག་ཁོངས་ཀྱི་བརྒྱུད་རིམ་ཧྲིལ་པོར་ལག་བསྟར་མཐའ་གཅིག་ཏུ་བྱེད་དགོས་ཞེས་བསྟན་པ་རེད།
ལུའོ་ཁྲའོ་ཧྥེང་གིས“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་འཕེལ་རྒྱས་ཀྱི་དུས་བབ་གལ་ཆེན་སྟངས་འཛིན་གཏིང་ཟབ་བྱས་ཏེ་ཏང་ཀྲུང་དབྱང་གིས་མི་རིགས་ས་ཁུལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་བཀོད་སྒྲིག་ཁྲོད་ནས་ངེས་ཤུགས་ཆེ་རུ་གཏོང་བ་དང་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཁྲོད་ནས་གོ་སྐབས་དམ་འཛིན་བྱས་ཏེ་ཁུལ་ཡོངས་ཀྱི་ཐོན་ཁུངས་ཀྱི་ལེགས་ཆ་དང་འཕེལ་རྒྱས་ཀྱི་རྨང་གཞིའི་ཐོག་ནས་ཡིད་ཆེས་བརྟན་དུ་གཏོང་དགོས། སྤྱི་ཁོག་ནས་ཁྲིད་སྟོན་དང་བྱེ་བྲག་ཏུ་དོན་འཁྱོལ་བྱ་རྒྱུ་ཟུང་དུ་སྦྲེལ་བ་རྒྱུན་འཁྱོངས་བྱས་ཏེ།འཆར་འགོད་ཀྱི་མ་ཟིན་གྱི་སྤྱི་ཁོག་རང་བཞིན་དང་། མཛུབ་སྟོན་རང་བཞིན། འཆར་འགོད་རྩ་གནད་བཅས་ཀྱི་བྱེ་བྲག་རང་བཞིན་དང་བཀོལ་སྤྱོད་རང་བཞིན་འབྲེལ་མཐུད་དམ་ཚགས་ཡོང་བར་ཁག་ཐེག་བྱ་དགོས།འཆར་ཟིན་འགོད་མཁན་ཚོ་ཆུང་གིས་ཕྱོགས་སོ་སོའི་བསམ་འཆར་རྒྱུད་རིམ་ལྡན་པའི་སྒོ་ནས་ལེགས་སྒྲིག་བྱེད་དགོས་པ་མ་ཟད་བསྡུ་ལེན་གང་ལེགས་ཀྱང་བྱ་དགོས་པ་དང་།བདེ་ཆེན་ཁུལ་གྱི་གནས་ཚུལ་དངོས་ལ་གཞི་ཚུགས་ཏེ། ཁུལ་ཨུའི་གྲོས་འགོའི་མ་ཟིན་བཟོ་བཅོས་ལས་ཀ་དང་སྲིད་གཞུང་གི་རྩ་གནད་བཟོ་འགོད་བྱེད་རིམ་དུ་འབྲེལ་ཡོད་ནང་དོན་དང་འདྲེས་གང་ཐུབ་བྱ་དགོས་ཞེས་ནན་བཤད་གནང་བ་རེད།
ལུའོ་ཁྲའོ་ཧྥེང་གིས་“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་མངོན་འགྱུར་བྱེད་པར་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས།ཚང་མས་ལེགས་ཆ་མུ་མཐུད་འདོན་སྤེལ་དང་། ཐབས་འདོན་ཇུས་འབུལ་ཧུར་ཐག་བྱེད་པ། དྲིལ་བསྒྲགས་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་འཆར་འགོད་བཟོ་བའི་བརྒྱུད་རིམ་དེ་ཐུན་མོང་ཐོག་བསམ་བློ་གཅིག་གྱུར་དང་།ཐུན་མོང་ངོས་འཛིན། ངར་ཤུགས་འཕེལ་བ་བཅས་ཀྱི་བརྒྱུད་རིམ་ཞིག་ཏུ་འགྱུར་བ་བྱས་ཏེ་སེམས་ཤུགས་གཅིག་སྒྲིལ་གྱིས་ཀྲུང་གོའི་རྣམ་པ་ལྡན་པའི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལེའུ་གསར་པ་རྩོམ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
དབྱང་ཞུའེ་ཝུན་དང་ཁུལ་“ལོ་ལྔ་ཚན་བཅོ་ལྔ་པའི་”འཆར་འགོད་མ་ཟིན་བཟོ་འགོད་ཚོ་ཆུང་གི་ཁོངས་མི་དང་། ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ་ཚོགས་འདུར་ཞུགས་ཡོད།
责任编辑:རྣམ་འཇོམས་ཚེ་རིང་། ཆོས་འཕེལ་ལྷ་མོ།
- ཀྲོའུ་ནང་ཁུལ་གྱི་མགོ་གཙོ་
མདོ་འཛིན་པས་དགུན་ཁ་མེ་འགོག་ལ་དོ་སྣང་བྱ་དགོས་ལུགས་སྐོར་བཤད།
རང་ཁུལ་གྱིས་“12·4”རྒྱལ་ཁབ་རྩ་ཁྲིམས་ཉིན་མོའི་བྱེད་སྒོ་སྤེལ།
གངས་ལྗོངས་ས་མཐོའི་ཏང་དར་དམར་པོ། “ལོ་ལྔ་ཚན་བཅུ་བཞི་པ”ཡི་དུས་སྐབས་སུ་བདེ་ཆེན་གྱིས་སྤུས་ཚད་མཐོ་བའི་སྒོ་ནས་ཏང་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བ།
བདེ་ཆེན་ཁུལ་གྱིས་ “ སྤུས་ཚད་མཐོ་བའི་ངང་ ‘ ལོ་ལྔ་ཚན་བཅུ་བཞི་པའི་ ’ འཆར་འགོད་ ” འགྲུབ་པའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་རབ་དང་རིམ་པའི་ཏང་གི་འཛུགས་སྐྲུན་གྱི་ཆེད་དོན་སྤེལ།
ཁུལ་ཨུས“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་གྲོས་འགོའི་བཞུགས་མོལ་ཚོགས་འདུ་འཚོགས།
ལུའོ་ཁྲའོ་ཧྥེང་གིས་རྒྱལ་ཁབ་གློག་གཏོང་ཚོགས་ཁག་ཡུན་ནན་རྒྱལ་སྤྱི་གློག་ཤུགས་གཏོང་འཇོག་ཚད་ཡོད་ཀུང་སིའི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ལས་འཛིན་པ་ཧྥུ་ཅིན་སུང་དང་བཅས་པ་ལ་ཐུག་འཕྲད་གནང་།
བདེ་ཆེན་ཁུལ་གྱིས་“སྤུས་ཚད་མཐོ་བའི་ངང་‘ལོ་ལྔ་ཚན་བཅུ་བཞི་པའི’་འཆར་འགོད་འགྲུབ་པའི་”གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་རབ་དང་རིམ་པའི་སྐྱེ་ཁམས་ཆེད་དོན་སྤེལ།
ཀྲང་ཝེ་ཏུང་གིས་རུ་ཁག་ཁྲིད་དེ་ཧྥུ་ཏེན་དངུལ་ཁང་ཡུན་ནན་ཞིང་ཆེན་གྲོང་ཁྱེར་རྐང་རྩེད་སྤོ་ལོ་མཉམ་འབྲེལ་འགྲན་བསྡུར་བདེ་ཆེན་འགྲན་རའི་གྲ་སྒྲིག་ལས་དོན་ལ་ཞིབ་འཇུག་བརྟག་དཔྱད་བྱས།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53342102000007
