བདེ་ཆེན་ཁུལ་གྱིས་ “ སྤུས་ཚད་མཐོ་བའི་ངང་ ‘ ལོ་ལྔ་ཚན་བཅུ་བཞི་པའི་ ’ འཆར་འགོད་ ” འགྲུབ་པའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་རབ་དང་རིམ་པའི་ཏང་གི་འཛུགས་སྐྲུན་གྱི་ཆེད་དོན་སྤེལ།


ཟླ་12པའི་ཚེས་4ཉིན། བདེ་ཆེན་ཁུལ་གྱིས་“སྤུས་ཚད་མཐོ་བའི་ངང་‘ལོ་ལྔ་ཚན་བཅུ་བཞི་པའི་’འཆར་འགོད་”འགྲུབ་པའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་རབ་དང་རིམ་པའི་ཏང་གི་འཛུགས་སྐྲུན་གྱི་ཆེད་དོན་དེ་ཁུལ་གསར་འགྱུར་ཁྱབ་བསྒྲགས་ཐིང་དུ་སྤེལ། ཁུལ་ཨུ་རྩ་འཛུགས་པུའུ་ཡི་འབྲེལ་ཡོད་འགན་འཁུར་པས་“ལོ་ལྔ་ཚན་བཅུ་བཞི་པའི་”དུས་རིམ་ཁུལ་ཡོངས་ཀྱི་ཏང་གི་འཛུགས་སྐྲུན་ལས་དོན་ཐད་ཐོབ་པའི་གྲུབ་འབྲས་ངོ་སྤྲོད་བྱས།ཁུལ་ཨུ་གཞུང་ལས་ཁང་དང་། ཁུལ་སྒྲིག་ཁྲིམས་ཨུ། ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡི་འབྲེལ་ཡོད་འགན་འཁུར་བློ་མཐུན་ཁྱབ་བསྒྲགས་ཚོགས་འདུ་རུ་ཞུགས་པ་མ་ཚད་གསར་འགོད་པའི་དྲི་བར་ལན་འདེབས།
“ལོ་ལྔ་ཚན་བཅུ་བཞི་པའི་”དུས་རིམ། ཁུལ་ཡོངས་ཀྱི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་བྱས་ཏེ། དུས་རབས་གསར་པའི་ཏང་གི་འཛུགས་སྐྲུན་སྤྱིའི་བླང་བྱ་དང་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཐིག་ལག་ལེན་མཐའ་ཕྱིན་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་བདེ་ཆེན་གྱི་ལེའུ་གསར་པ་ལ་རྩ་འཛུགས་ཀྱི་རྨང་གཞི་བརྟན་པོ་འདིང་།

ཆབ་སྲིད་འཛུགས་སྐྲུན་གནས་གཙོ་བོ་རུ་བཞག སྲུང་སྐྱོང་གཉིས་ཞེས་པ་དེ་ཆབ་སྲིད་ཀྱི་རྩ་དོན་མཐོ་ཤོས་དང་ཆབ་སྲིད་ཀྱི་སྒྲིག་ལམ་རྩ་བ་རྩིས་པར་རྒྱུན་འཁྱོངས་བྱེད་པ་དང་། གྲོས་རིམ་དང་པོ་ཞེས་པའི་ལམ་ལུགས་གཏིང་ཟབ་ཏུ་གཏོང་། ཆབ་སྲིད་ཀྱི་དོན་ཚན་དང་པོ་ཞེས་པའི་དོན་འཁྱོལ་ནང་རྐྱེན་འཐུས་ཚང་དུ་གཏོང་། མངའ་ཁོངས་བགོས་ནས་ཆབ་སྲིད་ཀྱི་ལྷག་བསམ་སློབ་གསོ་ལ་ཤུགས་སྣོན་བརྒྱབ་སྟེ་ཁུལ་ཡོངས་ཀྱི་ལས་དོན་ཁག་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་བརྒྱུད་ནས་མདུན་དུ་སྐྱོད་པར་འགན་ལེན་བྱེད་དགོས།ཏང་གི་འགོ་ཁྲིད་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་། ལས་ཀའི་གྲོས་རིམ་མཐུན་སྦྱོར་དང་ཆེད་དོན་བཀོད་གཏོང་སོགས་ནང་རྐྱེན་འཐུས་ཚང་དུ་གཏོང་། གཞུང་ཕྱོགས་མཐར་ཐར་དང་། འཕྲེད་ཕྱོགས་མཐའ་མཚམས་སུ་སླེབས་ཞེས་པའི་རྩ་འཛུགས་མ་ལག་འཛུགས་ཏེ་ཏང་གི་འགོ་ཁྲིད་ཕྱོགས་ཁག་དང་གཞི་རིམ་དུ་དོན་འཁྱོལ་བྱེད་པར་འགན་ལེན་བྱས། ཏང་གི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་སྲོལ་ནན་པོ་བྱས་ཏེ། ཞིང་ཨུ་ཆབ་སྲིད་སྐྱེ་ཁམས་ས་གནས་སུ་བསྡད་ནས་བརྟག་དཔྱད་བྱས་པའི་ལྡོག་སྐྱེལ་གནད་དོན་(ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་ལྟ་སྐུལ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་བསམ་འཆར་)བཅོས་སྒྲིག་དམ་འཛིན་ཡག་པོ་བྱས་ནས་ཆབ་སྲིད་ཀྱི་ཁོར་ཡུག་ཡག་པོ་ཧུར་ཐག་གཏོད།
བསམ་བློ་འཛུགས་སྐྲུན་བྱས་ནས་བློ་སྒྲིལ་སེམས་སྐྱེད་བྱས། རྩ་འཛུགས་པུའུ་དང་མཉམ་འབྲེལ་བྱས་ནས་རིགས་པའི་གཞུང་ལུགས་དྲག་ཆས་སྤྲས་པར་གཏིང་ཟབ་ཏུ་བཏང་། 2021ལོ་ནས་བཟུང་འཛིན་གྲྭ་གཙོ་བོ་ཐེངས་289གཉེར་སྟེ་མི་ཐེངས་ཁྲི་3.03ལ་ཁྱབ། ཏང་ཡོན་གྱི་གཞི་རྩའི་གསོ་སྦྱོང་ཐེངས་691སྤེལ་སྟེ་མི་ཐེངས་ཁྲི་7.94ལ་ཁྱབ། སྲོག་ཤིང་ལ་བརྩི་བཀུར་བྱས་ཏེ་སེམས་པ་པེ་ཅིང་ཕྱོགས་སུ་བཅངས་ཞེས་པའི་སློབ་གསོ་ཀྱི་ལག་ལེན་བྱེད་སྒོ་རྒྱ་བསྐྱེད་པ་དང་། མཐོ་སྒང་འབྲོག་ཁུལ་གྱི་སྐོར་སྐྱོད་མཚན་མོའི་སྒྲོག་འགྲེལ་ཞེས་པ་སོགས་ཁྱད་ཆོས་ལྡན་པའི་སྒྲོག་འགྲེལ་རྣམ་པ་གསར་གཏོད་བྱེད། མཐོ་སྒང་འབྲོག་ཁུལ་གྱི་སྐོར་སྐྱོད་ཏང་གི་སློབ་གྲྭ་ཞེས་པ་སོགས་རང་ཡུལ་ཅན་གྱི་སྒྲོག་འགྲེལ་གཞི་རྟེན་ལ་བརྟེན་ནས།སློབ་གསོ་སྒོ་རྩར་སྐྱེལ་བ་དང་། སྐད་གཉིས་སློབ་ཁྲིད་བཅས་ཀྱི་ཐོག་ནས་དྲིལ་བསྒྲགས་ཐེངས་3551སྤེལ་སྟེ་མི་ཐེངས་ཁྲི་29ལྷག་ཙམ་ལ་ཁྱབ་པ་དང་། བསམ་པའི་མཉམ་ཤེས་གཅིག་སྒྲིལ་བྱས་ཡོད།
འཛུགས་སྐྲུན་རྩ་འཛུགས་བྱས་ཏེ་རྨང་གཞི་སྲ་བརྟན་དུ་གཏོང་། རྨང་གཞི་སྲ་བརྟན་དུ་གཏོང་བ་ཞེས་པའི་ལས་གྲྭ་ལག་ལེན་གཏིང་ཟབ་བྱེད། གྲོང་མིའི་ཚོགས་ཆུང་གཅིག་ལ་ཏང་ཀྲི་པུའུ་གཅིག་འཛུགས་ཞེས་པ་འཚོལ་ཞིབ་ཧུར་ཐག་བྱས་ཏེ། གྲོང་མིའི་ཚོགས་ཆུང་ཀྱི་ཏང་ཀྲི་པུའུ་ཁྱབ་ཚད་82.47%ཟིན་ཡོད། ཉེ་འགྲམ་ཁུལ་དང་གྲོང་ཁྱེར་སོ་གསུམ་གྱིས་ཞིང་ཆེན་དང་རྫོང་(གྲོང་ཁྱེར་)ལས་བརྒལ་བའི་ཏང་རྩ་འཛུགས་དང་མཉམ་འབྲེལ་བྱེད་པར་ཤུགས་སྣོན་བརྒྱབ་སྟེ་འཆམ་མཐུན་གྱི་མཐའ་མཚམས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་།ཀྲུང་ཧྭ་མི་རིགས་ཐུན་མོང་གི་ཚོགས་པའི་འདུ་ཤེས་ལས་དོན་གྱི་གཙོ་དོན་ལ་དམ་པོ་དམིགས་ནས་ཤང་(གྲོང་རྡལ་)གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཞབས་ཞུའི་ལྟེ་གནས་ཡོངས་སུ་ཁྱབ་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གསར་འཛུགས་ལས་དོན་རིམ་སྤར་ལ་སྐུལ་འདེད་གཏོང་། ཐུན་མོང་དཔལ་འབྱོར་ལ་བརྟེན་ནས་གྲོང་ཚོ་སྟོབས་ལྡན་དུ་གཏོང་བའི་ལས་གྲྭ་ལག་བསྟར་གཏིང་ཟབ་བྱས་ནས་མ་དངུལ་སྒོར་ཁྲི་8666གཏོང་སྟེ་གྲོང་ཚོའི་ཐུན་མོང་དཔལ་འབྱོར་རྣམ་གྲངས་98ལག་བསྟར་བྱས། ལྗིད་བཞི་ཞེས་པའི་མི་བེད་སྤྱོད་ཁྲིད་སྟོན་བརྟན་པོ་བཙུགས་ཏེ། ལས་བྱེད་པ་འཐབ་ཕྱོགས་དང་པོ་རུ་གསོ་སྐྱོང་བྱེད་པ་དང་། འཐབ་ཕྱོགས་དང་པོ་རུ་རྟོག་ཞིབ་དབྱེ་ཞིབ། འཐབ་ཕྱོགས་དང་པོ་རུ་བེད་སྤྱོད་བྱེད་པ་བཅས་ལ་མཐོང་ཆེན་བྱས་ཏེ། དོ་དམ་ནན་པོ་དང་བརྩེ་དུང་ཟུང་འབྲེལ་བྱེད་པར་མཐའ་འཁྱོངས་བྱས་ནས།ལས་བྱེད་པའི་རྒྱུན་གཏན་གྱི་དོ་དམ་ལྟ་སྐུལ་ཏན་ཏིག་སྒྲུབ་སྟེ། སེམས་ཁུར་དང་གཅེས་སྐྱོང་སྲིད་ཇུས་དོན་འཁྱོལ་ནན་ཏན་བྱས། དངོས་གཉེར་ཕན་ནུས་ལྡན་པའི“2+N”སྲིད་ཇུས་མ་ལག་འཛུགས་པ་དང་། ཕྱི་ཕྱོགས་ནས་འདྲེན་པ་དང་ནང་ནས་གསོ་སྐྱོང་བྱེད་པ་ལ་བརྟེན་ནས་ཤེས་ལྡན་མི་སྣའི་དཔུང་ཁག་སྟོབས་ཆེར་གཏོང་། རིམ་པ་མཐོ་པོ་དང་དགོས་མཁོ་ཆེ་བའི་ཤེས་ལྡན་མི་སྣ་ཆེད་དམིགས་འགུགས་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཁུལ་ཡོངས་ཀྱི་ཤེས་ལྡན་མི་སྣ་སྤྱི་འབོར་མི་གྲངས་ཁྲི་4.87ཟིན་ཞིང་། ལོ་ལྟར་ཤེས་ལྡན་མི་སྣའི་ཆེད་སྤྱོད་མ་དངུལ་སྒོར་ཁྲི་1000བཀོད་དེ། རྒྱུན་མཐུད་ངང་ཤེས་ལྡན་མི་སྣར་ཞབས་འདེགས་ཞུ་བའི་བྱེད་ཐབས་འཐུས་ཚང་དུ་བཏང་།
ལྟ་སྐུལ་གྱིས་སྒྲིག་ཁྲིམས་ལག་བསྟར་བྱས་ནས་འཕེལ་རྒྱས་ལ་སྲུང་སྐྱེལ་བྱས། ལྟ་སྐུལ་ཀྱིས་ལག་བསྟར་འགན་སྲུང་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་འཕེལ་རྒྱས་ཀྱི་ནུས་པ་འཐུས་ཚང་དུ་གཏོང་པར་སྐུལ་འདེད་གཏོང་།བྱེ་བྲག་ཅན་དང་། གནད་འཁེལ་ཅན། རྒྱུན་ལྡན་ཅན་བཅས་ཆབ་སྲིད་ཀྱི་ལྟ་སྐུལ་ཐོག་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་རང་ཁུལ་དུ་ལག་བསྟར་བྱས་ནས་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་། ཐོག་མཐའ་བར་གསུམ་དུ་རུལ་སུངས་ལ་ངོ་རྒོལ་བྱེད་པའི་རྣམ་པ་རྒྱུན་འཁྱོངས་བྱས་ཏེ། རྒྱུན་མཐུད་ངང་འབུར་ཐོན་གནད་དོན་སྒྲིག་བཅོས་གཏིང་ཟབ་བྱས། མང་ཚོགས་ཉེ་འཁོར་གྱི་དྲང་བདེན་མིན་པའི་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་ལ་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱས་ཏེ། རུལ་སུངས་འབྱུང་བའི་ས་རྒྱུ་དང་ཆ་རྐྱེན་ནུས་ལྡན་ངང་མེད་པར་བཟོས་ཡོད། སྤྱོད་གཙང་ཡུན་ནན་བདེ་ཆེན་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། རུལ་སུངས་ལ་ངོ་རྒོལ་དང་དམངས་ཕན་ཕན་ཚུན་སྐུལ་འདེད་དང་ཐུན་མོང་ཐོག་འཕེལ་རྒྱས་གཏོང་བའི་བདེ་ཆེན་ལག་ལེན་འཕེལ་རྒྱས་སྔར་ལས་གཏིང་ཟབ་ཏུ་གཏོང་།
责任编辑:吹批拉姆 南珠泽仁
- ཀྲོའུ་ནང་ཁུལ་གྱི་མགོ་གཙོ་
མདོ་འཛིན་པས་དགུན་ཁ་མེ་འགོག་ལ་དོ་སྣང་བྱ་དགོས་ལུགས་སྐོར་བཤད།
རང་ཁུལ་གྱིས་“12·4”རྒྱལ་ཁབ་རྩ་ཁྲིམས་ཉིན་མོའི་བྱེད་སྒོ་སྤེལ།
གངས་ལྗོངས་ས་མཐོའི་ཏང་དར་དམར་པོ། “ལོ་ལྔ་ཚན་བཅུ་བཞི་པ”ཡི་དུས་སྐབས་སུ་བདེ་ཆེན་གྱིས་སྤུས་ཚད་མཐོ་བའི་སྒོ་ནས་ཏང་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བ།
བདེ་ཆེན་ཁུལ་གྱིས་ “ སྤུས་ཚད་མཐོ་བའི་ངང་ ‘ ལོ་ལྔ་ཚན་བཅུ་བཞི་པའི་ ’ འཆར་འགོད་ ” འགྲུབ་པའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་རབ་དང་རིམ་པའི་ཏང་གི་འཛུགས་སྐྲུན་གྱི་ཆེད་དོན་སྤེལ།
ཁུལ་ཨུས“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་གྲོས་འགོའི་བཞུགས་མོལ་ཚོགས་འདུ་འཚོགས།
ལུའོ་ཁྲའོ་ཧྥེང་གིས་རྒྱལ་ཁབ་གློག་གཏོང་ཚོགས་ཁག་ཡུན་ནན་རྒྱལ་སྤྱི་གློག་ཤུགས་གཏོང་འཇོག་ཚད་ཡོད་ཀུང་སིའི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ལས་འཛིན་པ་ཧྥུ་ཅིན་སུང་དང་བཅས་པ་ལ་ཐུག་འཕྲད་གནང་།
བདེ་ཆེན་ཁུལ་གྱིས་“སྤུས་ཚད་མཐོ་བའི་ངང་‘ལོ་ལྔ་ཚན་བཅུ་བཞི་པའི’་འཆར་འགོད་འགྲུབ་པའི་”གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་རབ་དང་རིམ་པའི་སྐྱེ་ཁམས་ཆེད་དོན་སྤེལ།
ཀྲང་ཝེ་ཏུང་གིས་རུ་ཁག་ཁྲིད་དེ་ཧྥུ་ཏེན་དངུལ་ཁང་ཡུན་ནན་ཞིང་ཆེན་གྲོང་ཁྱེར་རྐང་རྩེད་སྤོ་ལོ་མཉམ་འབྲེལ་འགྲན་བསྡུར་བདེ་ཆེན་འགྲན་རའི་གྲ་སྒྲིག་ལས་དོན་ལ་ཞིབ་འཇུག་བརྟག་དཔྱད་བྱས།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53342102000007
