ལུའོ་ཁྲའོ་ཧྥེང་གིས་རུ་སྣེ་ཁྲིད་དེ་སི་ཁྲོན་དང་ཁྲུང་ཆིང་དུ་ཚོང་འགུག་རྟོག་ཞིབ་གནང་པར་ཕེབས་པ།

ཟླ5པའི་ཚེས18ཉིན། ཚོང་འགུག་ཚོ་ཆུང་དང་བཅས་པས་སི་ཁྲོན་ཞིང་ཆེན་མེ་ཧྲན་གྲོང་ཁྱེར་ཀྲུང་ཐིའེ་རིག་གནས་ཡུལ་སྐོར་ཁམས་གསོ་ཧེ་ལུང་ཐན་རྣམ་གྲངས་རྟེན་གཞི་རུ་དམའ་དབྱིངས་འཕུར་སྐྱོད་ལས་རྣམ་ལ་རྟོག་ཞིབ་གནང་བཞིན་པ།
སི་ཁྲོན་ཞིང་ཆེན་མེ་ཧྲན་གྲོང་ཁྱེར་ཀྲུང་ཐིའེ་རིག་གནས་ཡུལ་སྐོར་ཁམས་གསོ་ཧེ་ལུང་ཐན་རྣམ་གྲངས་རྟེན་གཞི་རུ།ལུའོ་ཁྲའོ་ཧྥེང་དང་བཅས་པས་ཁེ་ལས་རིག་གནས་སྤེལ་རེས་ལྟེ་གནས་དང་།མགྲོན་ཁང་།བརྗོད་བྱ་གཙོ་བོའི་སྤྲོ་ཁང་།དམའ་དབྱིངས་འཕུར་སྐྱོད་སོགས་ཀྱི་ལས་རྣམ་ལ་རྟོག་ཞིབ་གནང་ནས།ཀྲུང་ཐིའེ་རིག་གནས་ཡུལ་སྐོར་གྱིས“ཡུལ་སྐོར་+རིག་གནས+ལུས་གསོ+སློབ་གསོ”བཅས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་དམིགས་ས་སྐྲུན་པ་དང་ཐཱན་ཉུང་སྐྱེ་ཁམས་བྱེད་སྟངས་ལག་ལེན་བསྟར་བ་སོགས་ཐད་ཀྱི་ཉམས་མྱོང་སློབ་སྦྱོང་བྱས་ཏེ། བདེ་ཆེན་གྱི་རིག་གནས་ཡུལ་སྐོར་ཐོན་ཁུངས་དང་།འཛམ་གླིང་གི་རྐང་ཐང་གནས་མཆོག་གཏོད་པ།དེ་བཞིན་ཧ་པ་གངས་རིའི་མཛེས་ལྗོངས་ཁུལ་འཛུགས་སྐྲུན་དང་གཉེར་སྐྱོང་སོགས་ཀྱི་མཉམ་ལས་ལས་དོན་ངོ་འཕྲད་གྲོས་མོལ་བྱས་པ་རེད།ལུའོ་ཁྲའོ་ཧྥེང་གིས་སྐྱེ་ཁམས་ནི་བདེ་ཆེན་གྱི་ཆེས་མཛེས་སྡུག་ལྡན་པའི་གཞི་ཚོས་ཡིན། མིག་སྔར་བདེ་ཆེན་གྱིས་ཕྱི་རོལ་གྱི་རྐང་ཐང་མར་སྐྱོད་པའི་ཐོན་ལས་དང་རིག་གནས་ཡུལ་སྐོར་སྦྲེལ་མཐུད་གཏིང་ཟབ་བྱས་ཏེ།གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་དམངས་ཕྱུག་ཐོན་ལས་ཤིག་ཏུ་གཏོད་བཞིན་ཡོད།ཀྲུང་ཐིའེ་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་འདུ་ཤེས་དང་བདེ་ཆེན་འཕེལ་རྒྱས་ཀྱི་ངེས་གནས་གཉིས་མཐུན་སྦྱོར་ཆེན་པོ་བྱུང་ཡོད།ལྷག་བསམ་ཟོལ་མེད་ངང་ཀྲུང་ཐིའེ་རིག་གནས་ཡུལ་སྐོར་བདེ་ཆེན་དུ་གདན་དྲངས་ནས་ཡུལ་དངོས་སུ་རྟོག་ཞིབ་བྱེད་པ་དང་མཉམ་ལས་བྱེད་ཐབས་འཚོལ་རྒྱུ་གདན་ཞུས་པ་ཡིན་ཞེས་བསྟན།ཀྲུང་ཐིའེ་རིག་གནས་ཡུལ་སྐོར་ཐོན་ལས་ཚོགས་པའི་སྤྱི་ཁྱབ་ཅིང་ལི་ཀྲའོ་ཀྲའོ་ཡིས་ཉེ་བའི་ལོ་ཤས་རིང་ཀུང་སིས་རྒྱལ་ཡོངས་སུ་ཕྱི་རོལ་ལུས་རྩལ་ཐོན་ལས་བཀོད་པ་དང་།བདེ་ཆེན་གྱི་རྐང་ཐང་མར་བསྐྱོད་པའི་ཐོན་ཁུངས་ལ་ལེགས་ཆ་ལྡན་པས་བདེ་ཆེན་དུ་རྟོག་ཞིབ་སྤེལ་རེས་བྱེད་པར་བསྐྱོད་དེ་མཉམ་ལས་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བསྟན།

ཟླ5པའི་ཚེས18ཉིན།ལང་ཅིང་(འཇོལ)ཨ་རག་ལས་རིགས་ཚད་ཡོད་ཀུང་སིས་འཇོལ་རྫོང་སྲིད་གཞུང་དང་རྣམ་གྲངས་ཀྱི་མ་འཇོག་གྲོས་མཐུན་བཞག་བཞིན་པ།
ཁྲེང་ཏུའུ་རུ། ལུའོ་ཁྲའོ་ཧྥེང་གིས་ལང་ཅིང་མ་འཇོག་ཚོགས་པའི་མངའ་འོག་གི་ཝེ་ཧྲི་ཅི་རླངས་འགྱུར་ཚན་རྩལ(ཁྲེང་ཏུའུ)ཚད་ཡོད་ཀུང་སིའི་ཐོན་སྐྱེད་གཉེར་སྐྱོང་གནས་ཚུལ་ལ་རྟོག་ཞིབ་དང་ཤེས་རྟོགས་གནང་བ་མ་ཟད། ཚོགས་པའི་མངའ་འོག་གི་ལང་ཅིང(འཇོལ)ཨ་རག་ལས་རིགས་ཚད་ཡོད་ཀུང་སི་དང་འཇོལ་རྫོང་སྲིད་གཞུང་དབར་རྣམ་གྲངས་མ་འཇོག་གི་གྲོས་མཐུན་བཞག་པ་རེད།ལུའོ་ཁྲའོ་ཧྥེང་གིས་འཇོལ་ནི་འཛམ་གླིང་སྟེང་ཀུན་གྱིས་ཁས་ལེན་པའི་ས་བབ་མཐོ་བའི་སྤུས་ལེགས་ཨ་རག་སྙོལ་བའི་རྒུན་འབྲུམ་ཐོན་ཁུལ་ཞིག་ཡིན་པ་དང་།རྒུན་ཆང་གི་ཐོན་ལས་འཕེལ་རྒྱས་གཏོང་བའི་ཆ་རྐྱེན་ལེགས་པས་ཁེ་ལས་ཀྱིས་སྤུས་རྟགས་གཏོད་རྒྱུའི་ལེགས་ཆ་འདོན་སྤེལ་བྱས་ཏེ་འཇོལ་གྱི“ཆང་སྙལ་ཁང”དེ“ཆང་གཞིས”སུ་འགྱུར་ནས།ཞིང་པའི་རིག་གནས་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ཐུབ་ཅིང་།ཞིང་པར་འབབ་འཕར་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུའི་རེ་བ་ཡོད་ཅེས་བསྟན་པ་རེད།ལང་ཅིང་མ་འཇོག་ཚོགས་པའི་ཏུང་ཧྲི་སྤྱི་ཁྱབ་ཅིང་ལི་ལི་ཅ་ཡིས་ས་གནས་དང་འབྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་རྣམ་གྲངས་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་ནས་མང་ཚོགས་ཀྱི་ལས་ཞུགས་འབབ་འཕར་ལ་སྐུལ་ཁྲིད་བྱེད་རྒྱུ།འཇོལ་གྱི་སྨན་རིའི་རྒུན་ཆང་ཐོན་ཁུལ་གྱི་སྤུས་ལེགས་ཐོན་ཁུངས་ལ་བརྟེན་ནས་ནུས་ཤུགས་ཡོད་རྒུས་ཐོན་ཡུལ་དུ་ཚད་གཞི་མཐོ་བའི་སྤུས་ལེགས་རྒུན་འབྲུམ་གླིང་རྩེ་གྲ་གཏོད་རྒྱུ་ཡིན་ཞེས་བསྟན།

ཟླ5པའི་ཚེས19ཉིན། ཁྲུང་ཆིང་ཧུང་ཧྥང་ཁེ་ལས་ཚད་ཡོད་ཀུང་སིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྲིད་གཞུང་དང་རྣམ་གྲངས་ཀྱི་མ་འཇོག་གྲོས་མཐུན་བཞག་བཞིན་པ།
ཁྲུང་ཆིང་དུ་ལུའོ་ཁྲའོ་ཧྥེང་གིས་ཁྲུང་ཆིང་ཧུང་ཧྥང་ཁེ་ལས་ཚད་ཡོད་ཀུང་སིའི་རྣམ་གྲངས་དཔེ་དངོས—ཁྲུན་ཆིང་ཡུས་དཀྱིལ་ཁུལ་སྐས་རིམ་བཅོ་བརྒྱད་གྱི་རིག་གནས་ཡུལ་སྐོར་རྣམ་གྲངས་སུ་བརྟག་ཞིབ་གནང་བ་མ་ཟད།ཀུང་སི་དང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྲིད་གཞུང་དང་རྣམ་གྲངས་མ་འཇོག་གན་རྒྱ་བཞག་པ་རེད།ཁོང་གིས་རིག་གནས་ཡུལ་སྐོར་ཐོན་ལས་ནི་བདེ་ཆེན་གྱི་ཀ་རྟེན་ལྟ་བུའི་ཐོན་ལས་ཨང་དང་པོ་དེ་ཡིན་པ་དང་།མིག་སྔར་བདེ་ཆེན་གྱིས“3331”ལས་ཀའི་བསམ་ཕྱོགས་གཞིར་བཟུང་རིག་གནས་དང་ཡུལ་སྐོར་ཐོན་ལས་ཀྱི་རྒྱ་སྟོབས་ཆེ་རུ་བཏང་ནས་འཛམ་གླིང་གི“སེམས་ཀྱི་ཉི་ཟླ”ཡི་མིང་བྱང་ཆེན་པོ་གསལ་པོ་བཟོ་བཞིན་ཡོད།ཁེ་ལས་ཀྱིས་ཚན་རིག་དང་མཐུན་པའི་སྒོ་ནས་རྡོ་མཁར་རྫོང་རིག་གནས་ཡུལ་སྐོར་ཕྱོགས་བསྡུས་རྣམ་གྲངས་འཆར་འགོད་ཇུས་གཞི་ནན་དུ་གཏོང་བ་དང་།རིག་གནས་ཀྱི་ནང་དོན་སྔོག་འདོན་གཏིང་ཟབ་བྱེད་པ།ཡུལ་སྐོར་བའི་ཉམས་ལེན་ཕུན་སུམ་ཚོགས་སུ་གཏོང་བ་བཅས་བྱས་ཏེ“ཇ་རྟའི་གནའ་ལམ”འཛམ་གླིང་རིམ་པའི་མིང་བྱང་ལ་གསོན་ཤུགས་རྒྱས་སུ་འཇུག་རྒྱུའི་རེ་བ་ཞུས།བདེ་ཆེན་གྱི་རིམ་ཁག་སྡེ་ཚན་ཁག་གིས་ཁྲིམས་ལྟར་ཞབས་ཞུ་མཐུན་སྦྱོར་ལས་དོན་ཡག་པོ་བསྒྲུབས་ནས་རྒྱུ་རྐྱེན་གཙོ་བོའི་འགན་ལེན་ལ་ཤུགས་སྣོན་བརྒྱབ་སྟེ་རྣམ་གྲངས་འཛུགས་སྐྲུན་ལ་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས་ཞེས་བསྟན།ཁྲུང་ཆིང་ཧུང་ཧྥང་ཁེ་ལས་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ལི་ཀོང་མིང་གིས་བདེ་ཆེན་ཁུལ་གྱི་རིམ་ཁག་སྡེ་ཚན་གྱིས“སྦྲེལ་ཐག་ཧྲིལ་པོའི་ཚོང་འགུགས་ཞབས་ཞུའི”འདུ་ཤེས་བཟུང་ནས་རྣམ་གྲངས་ལ་སྐུལ་འདེད་གཏོང་རྒྱུར་རྨང་གཞི་བརྟན་པོ་བཏིང་བ་དང་ཀུང་སིས་བདེ་ཆེན་གྱི་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་སྤྱི་ཡོངས་ནང་ཧུར་ཐག་ཞུགས་ནས་ས་གནས་དེ་གའི་ལོ་རྒྱུས་རིག་གནས་ལ་བརྩི་འཇོག་དང་།“ཟླ་འོད་གྲོང་ཁྱེར”གྱི་ཁྱད་ལྡན་རིག་གནས་ཡུལ་སྐོར་སྤུས་རྟགས་གཏོད་དེ་མཉམ་ལས་གཉིས་ཁེ་ཡོང་བ་བྱ་རྒྱུ་ཡིན་ཞེས་བསྟན་པ་རེད།
- བདེ་ཆེན་གསར་འགྱུར།
ལུའོ་ཁྲའོ་ཧྥེང་གིས་འཇོལ་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོའི་ལས་དོན་ལ་བརྟག་ཞིབ་གནང་བ་དང་འབྲེལ་ཆེད་དོན་ཚོགས་འདུ་ཐེངས་17པར་གཙོ་སྐྱོང་གནང་བ།
ཞི་ཅིན་ཕིང་དང་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང“ཀྲུང་ཨུའི་སློབ་གསོའི་ལོའི”འགོ་ཚུགས་མཛད་སྒོར་ལྷན་དུ་ཞུགས་ནས་ཤིས་ཚིག་གསུངས་པ།
ལུའོ་ཁྲའོ་ཧྥེང་གིས་འབྲི་ཆུའི་ཀོང་རྩེད་ར་རྒྱུད་དུ་ཆུ་བོ་སྐོར་ཞིབ་རྒྱག་པའི་ལས་དོན་སྤེལ་སྐབས་ཆུ་དཔོན་ལམ་ལུགས་ཀྱི་ལས་དོན་རྒྱུན་གཏན་དང་ཕུགས་ཕན་ལ་སྐུལ་འདེད་བཏང་ནས་འབྲི་ཆུའི་ཆུ་སྟོད་ཀྱི་(བདེ་ཆེན་རྒྱུད་)སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་དུ་གཏོང་དགོས་ཞེས་ནན་གྱིས་བསྟན།
མངོན་མིན་རིག་གནས་ཤུལ་བཞག་གི་དངུལ་བཟོ་ལ་བརྟེན་ནས་ལས་གཏོད་ཕུགས་འདུན་མངོན་འགྱུར་བྱུང་བ།
ལུའོ་ཁྲའོ་ཧྥེང་གིས་རུ་སྣེ་ཁྲིད་དེ་སི་ཁྲོན་དང་ཁྲུང་ཆིང་དུ་ཚོང་འགུག་རྟོག་ཞིབ་གནང་པར་ཕེབས་པ།
བདེ་ཆེན་ཁུལ་གྱི་ཞོག་ཁོག་སྣ་ཁ་གསར་པ་“སེམས་ཀྱི་ཉི་ཟླ་ཞོག་ཁོག་3301”ལ་རྒྱལ་ཁབ་ཀྱི་ཐོ་འགོད་ཐོབ་པ།
བདེ་ཆེན་རུ་ཁག་གིས་2:0གི་སྐར་གྲངས་ཐོག་ལིན་ཚང་རུ་ཁག་ལས་རྒྱལ་བ།
ཁུལ་མི་དམངས་སྲིད་གཞུང་དང་ཡུན་ནན་མི་རིགས་སློབ་ཆེན་དབར་བཞུགས་མོལ་ཚོགས་འདུ་འཚོགས།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108