སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

གངས་ལྗོངས་ས་མཐོའི་ཏང་དར་དམར་པོ། “ལོ་ལྔ་ཚན་བཅུ་བཞི་པ”ཡི་དུས་སྐབས་སུ་བདེ་ཆེན་གྱིས་སྤུས་ཚད་མཐོ་བའི་སྒོ་ནས་ཏང་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བ།

ཁྱབ་བསྒྲགས་དུས་ཚོད་:2025ལོ་12ཟླ་བ་05ཉི་མ་ 14:49:18

ལོ་ལྔའི་འཆར་གཞི་བཅུ་བཞི་པ”ནས་བཟུང་བདེ་ཆེན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་སྐོར་གྱི་དགོངས་པ་གལ་ཆེན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་ལ་བརྟེན་ནས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་ཕྱོགས་སྟོན་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་བདེ་ཆེན་གྱི་ལག་ལེན་སྐུལ་འདེད་གཏོང་བར་འགན་སྲུང་བརྟན་པོ་འདོན་སྤྲོད་བྱས་ཡོད།
微信图片_20251204203133_6012_11.png

ཆབ་སྲིད་འཛུགས་སྐྱོང་གནད་སར་དམིགས་ནས་བརྟན་བརླིང་ངང་མདུན་སྐྱོད་བྱེད་པའི་ཁ་ཕྱོགས་དམ་འཛིན་བྱས། ཐོག་མཐའ་བར་གསུམ་དུ་ཏང་གི་ཆབ་སྲིད་འཛུགས་སྐྱོང་ཨང་དང་པོར་བཞག་སྟེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཆབ་སྲིད་ལ་ལྷག་བསམ་གྱི་སློབ་གསོ་རྒྱུན་ལྡན་ཅན་དུ་སྤེལ་བ་དང་། ཁུལ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པས་““གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཤེས་རྟོགས་གཏིང་ཟབ་བྱེད་པར་ཁྲིད་སྟོན་བྱས་ཏེ“སྲུང་སྐྱོང་གཉིས་”མཐའ་གཅིག་ཏུ་སྒྲུབ་ཐུབ་པ་རེད། “གྲོས་གཞི་དང་པོ”ཡི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ། སྲིད་བཀའ་བགྲོད་མེད་དང་ལག་བསྟར་ནུས་ལྡན་ཡོང་བའི་འགན་ལེན་བྱ་དགོས། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་འགན་སྲུང་དྲག་ཏུ་བཏང་ཡོད། གྲོས་གཞི་ཐབས་ཇུས་དང་མཐུན་སྦྱོར་བཀོད་གཏོང་གི་ལམ་སྲོལ་ཟུངས་ནུས་བྱ་ཐབས་འཐུས་ཚང་དུ་བཏང་ནས་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས་མཐའ་མཚམས་བརྟན་ལྷིང་བཅས་དོན་ཆེན་བཞི་གཅིག་གྱུར་གྱིས་སྐུལ་འདེད་བཏང་ཡོད། ཆབ་སྲིད་ཀྱི་སྣང་ཚུལ་བཟང་པོ་བསྐྲུན་ནས་ཡུན་རིང་ཇེ་བརྟན་དུ་བཏང་ཡོད། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་སྒྲིག་སྲོལ་ནན་པོ་བྱས་ཏེ། ཆབ་སྲིད་ཀྱི་ཚད་གཞི་བརྒྱུད་བརྟོལ་ལས་བྱེད་པའི་ལས་ཀའི་བརྒྱུད་རིམ་ཧྲིལ་པོ་བྱས་ཏེ། ཞིང་ཨུའི་ཆབ་སྲིད་ཀྱི་སྣང་ཚུལ་དུ་བཅའ་སྡོད་བརྟག་དཔྱད་ལྡོག་སྐྱེལ་གནད་དོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལྟ་ཞིབ་ཨུ་ལྷན་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཀྱི་གྲོས་འཆར་བཅོས་སྒྲིག་དམ་འཛིན་བྱ་རྒྱུ་གོ་སྐབས་སུ་བྱས་ཏེ། རྒྱུན་མཐུད་ནས་ཆབ་སྲིད་ཀྱི་སྣང་ཚུལ་གཙང་འགྱུར་དང་། སྤྱོད་བཟང་གཞུང་དྲང་དང་ལས་སྒྲུབ་ལས་གཏོད་ཀྱི་རྣམ་པ་བཟང་པོ་སྲ་བརྟན་དུ་བཏང་ཡོད།

图片

རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་གཏིང་ཟབ་ཏུ་བཏང་བ་དང་། འབད་བརྩོན་གྱི་སྟོབས་ཤུགས་གཅིག་སྒྲིལ་བྱས། “སེམས་དྲོན་པོ”ཡི་ལས་གྲྭ་གཞི་རྟེན་དུ་བྱས་ཏེ། རིམ་པ་མང་བ་དང་ཁྱོན་ཡོངས་ཁྱབ་པའི་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་མ་ལག་འཛུགས་དགོས། “ལོ་ལྔ་ཚན་བཅུ་བཞི་པ”ནས་བཟུང་རིམ་རྩིས་ཀྱིས་གཙོ་གཟུགས་འཛིན་གྲྭ་དང་། ཆེད་དོན་བགྲོ་གླེང་འཛིན་གྲྭ་ཐེངས་བརྒྱ་ལྷག་གཉེར་བ་དང་ཏང་ཡོན་ལས་བྱེད་པ་མི་ཐེངས་ཁྲི་ཕྲག་ཁ་ཤས་གསོ་སྦྱོང་བྱས་ཏེ། ཏང་གི་གསར་གཏོད་སྐོར་གྱི་རིགས་པའི་གཞུང་ལུགས་ཀླད་པའི་སེམས་སུ་ཞུགས་རྒྱུར་སྐུལ་འདེད་བཏང་ཡོད། ས་མཐོའི་དོན་དངོས་དངོས་ཡོད་དང་ཟུང་འབྲེལ་བྱས་ཏེ“ལྟེ་བར་བརྩི་བཀུར་དང་། སེམས་པ་པེ་ཅིང་ལ་ཕྱོགས་པ”ཡི་སློབ་གསོའི་ལག་ལེན་བྱེད་སྒོ་རྒྱ་སྐྱེད་གཏིང་ཟབ་ཏུ་བཏང་བ་དང་། “ས་མཐོའི་འབྲོག་ཁུལ་གྱི་སྐོར་སྐྱོད་ཏང་གི་སློབ་གྲྭ་” “དམར་དམག་རྟ་ཤོག་”ཞབས་ཞུའི་རུ་ཁག་སོགས་ཁྱད་ཆོས་ལྡན་པའི་དྲིལ་བསྒྲགས་སྤུས་རྟགས་བཏོད་པ། “ས་མཐོའི་འབྲོག་ཁུལ་གྱི་སྐོར་སྐྱོད་མཚན་མོའི་དྲིལ་བསྒྲགས་”བཏོན་པ་དང་། གངས་རི་དང་ཕྱུགས་ར། དབྱར་རྩ་དགུན་འབུ་རི་ཁུལ་དུ་སྐད་གཉིས་དྲིལ་བསྒྲགས་ཐེངས་1911སྤེལ་བ་དང་། མང་ཚོགས་མི་ཐེངས་ཁྲི་15.42ཁྱབ་ཡོད། དུས་མཉམ་དུ“ཁྱིམ་བདག་མཚན་མོའི་སློབ་གྲྭ”ཡི་རྣམ་པའི་ཐོག་ནས་ཁྱིམ་སྲོལ་དང་སློབ་གསོ་རིགས་ཀྱི་དུས་རབས་གསར་པའི་དཔལ་ཡོན་ལག་ལེན་བྱེད་སྒོ་ཡོངས་ཁྱབ་ཏུ་ཁྱབ་པ་དང་། ཏང་གི་སྐད་སྒྲ་དང་། དམངས་ཕྱུག་གཏོང་སྲིད་ཇུས། མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་ལྟ་བ་བསམ་གཞི་བཅས་“སྤྱི་ལེ་མཐའ་མ་གཅིག”དུ་སྐྱེལ་ཡོད། གཞན་ཡང་རང་ཁུལ་གྱི“བཀའ་དྲིན་ཞུ་བ”ཡི་ཉམས་མྱོང་ཕྱོགས་ཡོངས་ནས་རྒྱ་ཆེར་སྤེལ་བ་བྱས་ཏེ་མང་ཚོགས་རང་བཞིན་གྱི་བཀའ་དྲིན་ཞུ་བའི་དང་བླངས་ཞབས་ཞུ་རུ་ཁག་བཙུགས་ནས་ཉེ་འཁོར་གྱི་དོན་དག་དང་མི་སེར་གྱི་སྐད་ཆ་ལ་བརྟེན་ནས་སྲིད་ཇུས་སྒྲོག་སྤེལ་དང་འགྱུར་ལྡོག་འཕེལ་རྒྱས་ཞིབ་ཕྲ་བཏང་བས། མི་རིགས་ཁག་གི་མང་ཚོགས་ཀྱིས་ཏང་གི་སྐད་ཆ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ་དང་ཕྱུག་པོ་ཆགས་ལུགས་དྲན་པ། ཏང་གི་རྗེས་སུ་བསྐྱོད་པར་སྣེ་ཁྲིད་ཡོད། ཏང་ནང་ཁུལ་གྱི་གཅིག་བསྡུས་སློབ་གསོ་ཏན་ཏིག་སྤེལ་བ་དང་། རྒྱུན་མཐུད་ཀྱིས“ལོ་རྒྱུས་བཞིའི་སློབ་གསོ་སློབ་སྦྱོང་དང་། དད་མོས་ཀྱི་རྨང་གཞི་བརྟན་དུ་བཏང་ནས་རླབས་ཆེན་གྱི་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་ཚད་མཐོའི་ཁས་ལེན་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད།

图片

རྩ་འཛུགས་ཀྱི་མ་ལག་དམ་ཟབ་ཀྱིས་སྦྲེལ་ནས་འཐབ་འཛིང་གི་བཙན་རྫོང་བརྟན་པོ་བསྐྲུན། “རྨང་གཞི་བརྟན་པོ”ཡི་ལས་གྲྭའི་གཞི་འཛིན་ས་བྱས་ཏེ། གཞི་རིམ་ཏང་རྩ་འཛུགས་ཁྱོན་ཡོངས་ནས་ཡར་ཐོན་ཡོང་བ་དང་ཁྱོན་ཡོངས་ནས་སྲ་བརྟན་ཡོང་བར་སྐུལ་འདེད་བཏང་ཡོད། “ཡུལ་མིའི་ཚོ་ཆུང་གཅིག་གིས་ཏང་ཀྲི་པུའུ་གཅིག་འཛུགས་རྒྱུ”ཞེས་པ་འཚོལ་ཞིབ་ཧུར་ཐག་བྱས་ནས་ཡུལ་མིའི་ཚོ་ཆུང་གི་ཏང་ཀྲི་པུའུ་ཁྱབ་ཚད་82.47%ཟིན་ཡོད། ཏང་འཛུགས་སྐྱོང་གཏིང་ཟབ་ཏུ་བཏང་ནས་གཞི་རིམ་གྱི་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པ་དང་། ཁྱིམ་མཚེས་ཁུལ་དང་གྲོང་ཁྱེར་ལ་འབྲེལ་གཏུག་དང་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་བ། ཞིང་ཆེན་དང་རྫོང་གྲོང་ཁྱེར་གི་ཁྱིམ་མཚེས་ཏང་རྩ་འཛུགས་མཉམ་འབྲེལ་འཛུགས་སྐྱོང་དང་། དམག་དཔུང་དང་ཉེན་རྟོག་དང་ས་གནས་ཐུན་མོང་འཛུགས་པར་སྐུལ་འདེད་བཏང་བ་དང་། བརྒྱུད་བགྲོད་ཀྱི་རྩོད་གཞི་སེལ་ནས་དངོས་རྫས་འགན་ལེན་དང་། འཕྲལ་སྡོམ་རོགས་སྐྱོབ་སོགས་ཀྱི་བྱེད་ཐབས་བཅས་བྱས་ཏེ་མཐའ་མཚམས་ཀྱི་འཆམ་མཐུན་བརྟན་ལྷིང་སྲུང་སྐྱོང་ནུས་ལྡན་བྱས་ཡོད། ཏང་འཛུགས་སྐྱོང་དམ་འཛིན་གཏིང་ཟབ་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་བཏང་བ་དང་། དམ་པོར་འཛིན་པ་གནད་དུ་དམིགས་པའི་ཀྲུང་ཧྭ་མི་རིགས་ཐུན་མོང་སྒྲིག་གཞིའི་འདུ་ཤེས་ཀྱི་གཙོ་ཐིགབརྟན་པོར་བཟོས་ཏེ། ཤང་དང་གྲོང་རྡལ་དུ “མི་རིགས་མཐུན་སྒྲིལ་ཡར་ཐོན་ཞབས་ཞུའི་ལྟེ་གནས”ཡོངས་སུ་ཁྱབ་པ་དང་། མི་རིགས་མཐུན་སྒྲིལ་བརྗོད་བྱའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་ཡོད། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྤེལ་ལས་དོན་གྱི་ཡིག་ཚགས་རིམ་སྤར་ལ་སྐུལ་འདེད་བཅས་བཏང་ཡོད། ཏང་འཛུགས་སྐྱོང་དམ་འཛིན་གཏིང་ཟབ་བྱས་ནས་གྲོང་གསེབ་དར་རྒྱས་ཡོང་བར་སྐུལ་འདེད་བཏང་ཡོད། “ལོ་ལྔ་ཚན་བཅུ་བཞི་པ”ཡི་རིང་མ་དངུལ་ཁྱོན་སྒོར་ཁྲི་8666དང་། གྲོང་ཚོ་98ཡི་ཐུན་མོང་དཔལ་འབྱོར་རྣམ་གྲངས་ལག་བསྟར་བྱས། ཏང་འཛུགས་སྐྱོང་དམ་འཛིན་བྱས་ཏེ་གྲོང་གསེབ་དར་རྒྱས་ཡོང་བའི“གནས་བཞི་གཞི་གཅིག”གི་རྣམ་གྲངས་4ལག་བསྟར་བྱས། གཞི་རིམ་ཏང་རྩ་འཛུགས་ཀྱིས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་དངོས་པོའི་རྨང་གཞི་སྲ་བརྟན་ནུས་ལྡན་བྱུང་ཡོད། 2022ལོ་ནས་བཟུང་ཁུལ་ཡོངས་ཀྱི་གཞི་རིམ་རྩ་འཛུགས་དང་སྲིད་དབང་འཛུགས་སྐྲུན་གྱི་འགྲོ་གྲོན་ནོར་སྲིད་སྔོན་རྩིས་ལོ་ལྟར་སྒོར་ཁྲི་4615ཟིན་ནས་གཞི་རིམ་ཏང་རྩ་འཛུགས་དེ་བརྟན་ལྷིང་སྲུང་སྐྱོང་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བཙན་རྫོང་བརྟན་པོ་ཞིག་ཏུ་གྱུར་ཡོད།

图片

ལས་བྱེད་པ་དང་ཤེས་ལྡན་མི་སྣའི་དཔུང་ཁག་སྟོབས་ཆེར་བཏང་བ། ལས་འགན་འཁུར་རྒྱུར་སྐུལ་ལྕག་བྱེད། དུས་རབས་གསར་པའི་ལས་བྱེད་པ་བཟང་པོ་ལག་བསྟར་བྱེད་པའི་ཚད་གཞིར་བརྩི་བ་མི་སྣ་བེད་སྤྱོད་ཀྱི་ཁྲིད་སྟོན་དུ་བཟུང་ནས“ལྕི་བ་བཞི”བརྟན་པོ་བཙུགས་ཡོད། ལས་བྱེད་པའི“འདེམས་གསོ་ཕན་ནུས་ལྡན་པ”ཡི་ལས་དོན་རྒྱུན་མཐུད་ལེགས་སུ་བཏང་བ་དང་འཐུས་ཚང་དུ་བཏང་ཡོད། “འཐབ་ཕྱོགས་ལ་མཐོང་ཆེན་བྱེད་པ”ཡི་མི་སྣ་བེད་སྤྱོད་ཁྲིད་སྟོན་མངོན་གསལ་དོད་པོས་བཙུགས་ཏེ། ལས་བྱེད་པ་འཐབ་ཕྱོགས་དང་པོ་ནས་གསོ་སྐྱོང་དང་། འཐབ་ཕྱོགས་སུ་རྟོག་ཞིབ་དང་དབྱེ་ཞིབ། འཐབ་ཕྱོགས་སུ་གོ་གནས་འཕར་བ་དང་བཀོལ་སྤྱོད་བཅས་ལ་མཐོང་ཆེན་བྱས་ཏེ། ལས་བྱེད་པའི་ཆབ་སྲིད་ནུས་པ་དང་བྱང་ཚད་མཐོ་རུ་གཏོང་བའི་ལས་གྲྭ་ལག་བསྟར་བྱས་ཏེ། ན་གཞོན་ཕུལ་བྱུང་ལས་བྱེད་པ་ཕྱོགས་གཉིས་ཀྱིས་སྤེལ་རེས་བྱས་ཏེ། ཕུལ་བྱུང་ན་གཞོན་ལས་བྱེད་པ་ཕྱི་ལ་ལས་འགན་འཁུར་བར་བདམས་མངག་བྱས་ཡོད། ལས་བྱེད་པའི་ཆབ་སྲིད་ཀྱི་བྱང་ཚད་རྟོག་ཞིབ་དང་། རྒྱུན་གཏན་གྱི་བརྟག་ཞིབ། ཆེད་དམིགས་བརྟག་ཞིབ་སོགས་ཀྱི་ལས་དོན་དང་ཟུང་འབྲེལ་བྱས་ཏེ་ཕྱོགས་ཡོངས་ནས་ལས་བྱེད་པ་གནད་ལ་འཁེལ་བའི་ངོས་འཛིན་བྱས་ཏེ་ལོ་ལྟར་འགུལ་རྣམ་དུ་ཕུལ་བྱུང་ལས་བྱེད་པ་200ལྷག་ཙམ་གྲབས་གསོག་བྱས་ཡོད། 2021ལོ་ནས་བཟུང་འཐབ་ཕྱོགས་དང་པོའི་ལས་བྱེད་པ་གོ་གནས་སྤར་བའི་བེད་སྤྱོད་བྱས་པའི་བསྡུར་ཚད་38.6%ཟིན་ཡོད། “ཤེས་ལྡན་མི་སྣས་ཁུལ་སྟོབས་ཆེར་གཏོང་བའི”འཐབ་ཇུས་གཏིང་ཟབ་ཏུ་སྤེལ་ཏེ། “2+N”སྲིད་ཇུས་མ་ལག་འཛུགས་པ་དང་། དོ་གནད་ཀྱི་གཙོ་གནད་མངའ་ཁོངས་ནང་འདྲེན་དང་འཕྲལ་དུ་དཀོན་པའི་ཤེས་ལྡན་མི་སྣའི་གསོ་སྐྱོང་བྱེད་པ་དང་། རིགས་གཅིག་མཁས་ཅན་གྱི་ལས་དོན་ས་ཚིགས་ཁག་གཅིག་བསྐྲུན་པ། གཙོ་གནད་ཤེས་ལྡན་མི་སྣའི་རྣམ་གྲངས་ལག་བསྟར་བཅས་བྱས་ཏེ་ཁུལ་ཡོངས་ཀྱི་ཤེས་ལྡན་མི་སྣ་ཐོན་ཁུངས་ཁྲི་4.87ཟིན་ཡོད། ཞབས་ཞུའི་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་བ་དང་། ཤེས་ལྡན་མི་སྣའི་ཆེད་སྤྱོད་མ་དངུལ་འཛུགས་པ་བྱས་ཏེ་ཐག་ཉེ་དང་རྒྱང་རིང་གི་ཁོར་ཡུག་བཟང་པོ་བཏོད་ཡོད།

微信图片_20251204231931_6257_11.jpg

གཟབ་ནན་གྱིས་དུས་སྲོལ་གཙང་སེལ་བྱེད་པ་ནས་སྤྱོད་གཙང་དར་སྤེལ་གཏོང་། ཐོག་མཐའ་བར་གསུམ་དུ་ཆབ་སྲིད་དང་ལྟ་སྐུལ་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་པ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ལ་རྟོག་ཞིབ་གནང་སྐབས་ཀྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་གནད་སར་དམིགས་ནས་བརྟན་ལྷིང་དམ་འཛིན་དང་། གྲོང་གསེབ་དར་རྒྱས། སྐྱེ་ཁམས་སྲུང་སྐྱོང་སོགས་གཙོ་གནད་ལས་འགན་ལ་དོ་སྣང་ཆེན་པོ་བྱས་ནས་ལྟ་སྐུལ་ཞིབ་བཤེར་སྤེལ་བ་དང་གནད་དོན་592བཅོས་སྒྲིག་བྱེད་པར་སྐུལ་འདེད་བཏང་ཡོད། ཏང་རྩ་འཛུགས་506ལ་ཆབ་སྲིད་ཀྱི་སྐོར་དཔྱོད་སྤེལ་བ་དང་གནད་དོན་10396བཅོས་སྒྲིག་བྱས་པ་རེད། རུལ་སུངས་ལ་ངོ་རྒོལ་བྱེད་པའི་མཐོ་གནོན་རྣམ་པ་རྒྱུན་སྲུང་བྱས་ཏེ། ལོ་ལྔའི་རིང་ཁུལ་ཡོངས་ཀྱི་གྱོད་དོན་ཐོ་འགོད་1206དང་ཞིབ་བཤེར་ཐག་གཅོད་ཀྱི་ཏང་ཡོན་ལས་བྱེད་པ་1082ཡོད། དེ་དང་ཆབས་ཅིག་ཀྲུང་དབྱང་གི་གཏན་འབེབས་ཁག་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་སྙིང་སྟོབས་ཧུར་ཐག་དོན་འཁྱོལ་བྱས་ཏེ། “ཞིབ་བཤེར་ཐག་གཅོད་བཞིའི”གནད་དོན་91རྩད་ཆོད་པ་དང་། སྤྱོད་གཙང་ཡུན་ནན་བདེ་ཆེན་འཛུགས་སྐྲུན་གཙོ་གནད་མངའ་ཁོངས་ནང་བཅུག་པ། འབྲུ་རིགས་ཉོ་འཚོང་དང་གཞུང་ཁོངས་ཁེ་ལས་སོགས་མངའ་ཁོངས་ཀྱི་ལས་རིགས་ཀྱི“གནོད་འབུ”41མེད་པར་བཟོས་ཡོད། དམངས་འཚོ་མངའ་ཁོངས་ཀྱི་“རུལ་སུངས་ཆུང་བ”ལ་དམིགས་ནས་ཞིབ་བཤེར་ཐག་གཅོད་ཀྱི་འབྲེལ་ཡོད་གནད་དོན་179རྩད་ཆོད་པ་དང་གནད་དོན་1981དག་སྒྲིག་བེད་པར་སྐུལ་འདེད་བཏང་ཡོད། འཕེལ་རྒྱས་དང་། རུལ་སུངས་ལ་རྒོལ་བ། དམངས་ཕན་བཅས་ཀྱི་དོན་དངོས་ཀྱི་ཕན་འབྲས་ལ་བརྟེན་ནས་མང་ཚོགས་ཀྱི་རེ་སྒུག་ལ་ལན་བཏབ་ཡོད།

ལོ་ལྔའི་རིང་བདེ་ཆེན་གྱིས་ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་བརྟེན་ནས་ཁྱོན་ཡོངས་ལ་ཕྱོགས་སྟོན་བྱས་ཏེ། ལྷག་བསམ་རྣམ་དག་གིས་““གཏན་འཁེལ་གཉིས”ལ་སྲུང་སྐྱོང་དང་། “སྲུང་སྐྱོང་གཉིས་”མཐའ་གཅིག་ཏུ་སྒྲུབ་ཡོད། འགོ་ཚུགས་ས་གསར་པར་ལངས་ནས་ཁུལ་ཡོངས་ཀྱིས་རྒྱུན་མཐུད་ངང“སེམས་དྲོན་པོ”ཡི་“རྨང་གཞི་བརྟན་པོ”ཡི་ལས་གྲྭ་གཏིང་ཟབ་ཏུ་བཏང་སྟེ། སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་ཏེ་གངས་ལྗོངས་ས་མཐོའི་ཏང་གི་དར་ཆ་མཐོན་པོར་གཡུག་ཏུ་བཅུག་ཡོད་ཅིང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བདེ་ཆེན་གསར་པ་འཛུགས་སྐྲུན་བྱ་ཆེད་འབད་བརྩོན་ཧུར་ཐག་བྱས་ཡོད།

责任编辑:南珠泽仁 吹批拉姆

  • ཀྲོའུ་ནང་ཁུལ་གྱི་མགོ་གཙོ་

མདོ་འཛིན་པས་དགུན་ཁ་མེ་འགོག་ལ་དོ་སྣང་བྱ་དགོས་ལུགས་སྐོར་བཤད།

རང་ཁུལ་གྱིས་“12·4”རྒྱལ་ཁབ་རྩ་ཁྲིམས་ཉིན་མོའི་བྱེད་སྒོ་སྤེལ།

གངས་ལྗོངས་ས་མཐོའི་ཏང་དར་དམར་པོ། “ལོ་ལྔ་ཚན་བཅུ་བཞི་པ”ཡི་དུས་སྐབས་སུ་བདེ་ཆེན་གྱིས་སྤུས་ཚད་མཐོ་བའི་སྒོ་ནས་ཏང་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བ།

བདེ་ཆེན་ཁུལ་གྱིས་ “ སྤུས་ཚད་མཐོ་བའི་ངང་ ‘ ལོ་ལྔ་ཚན་བཅུ་བཞི་པའི་ ’ འཆར་འགོད་ ” འགྲུབ་པའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་རབ་དང་རིམ་པའི་ཏང་གི་འཛུགས་སྐྲུན་གྱི་ཆེད་དོན་སྤེལ།

ཁུལ་ཨུས“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་གྲོས་འགོའི་བཞུགས་མོལ་ཚོགས་འདུ་འཚོགས།

ལུའོ་ཁྲའོ་ཧྥེང་གིས་རྒྱལ་ཁབ་གློག་གཏོང་ཚོགས་ཁག་ཡུན་ནན་རྒྱལ་སྤྱི་གློག་ཤུགས་གཏོང་འཇོག་ཚད་ཡོད་ཀུང་སིའི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ལས་འཛིན་པ་ཧྥུ་ཅིན་སུང་དང་བཅས་པ་ལ་ཐུག་འཕྲད་གནང་།

བདེ་ཆེན་ཁུལ་གྱིས་“སྤུས་ཚད་མཐོ་བའི་ངང་‘ལོ་ལྔ་ཚན་བཅུ་བཞི་པའི’་འཆར་འགོད་འགྲུབ་པའི་”གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་རབ་དང་རིམ་པའི་སྐྱེ་ཁམས་ཆེད་དོན་སྤེལ།

ཀྲང་ཝེ་ཏུང་གིས་རུ་ཁག་ཁྲིད་དེ་ཧྥུ་ཏེན་དངུལ་ཁང་ཡུན་ནན་ཞིང་ཆེན་གྲོང་ཁྱེར་རྐང་རྩེད་སྤོ་ལོ་མཉམ་འབྲེལ་འགྲན་བསྡུར་བདེ་ཆེན་འགྲན་རའི་གྲ་སྒྲིག་ལས་དོན་ལ་ཞིབ་འཇུག་བརྟག་དཔྱད་བྱས།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53342102000007

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com