སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

རང་ཁུལ་གྱིས་“12·4”རྒྱལ་ཁབ་རྩ་ཁྲིམས་ཉིན་མོའི་བྱེད་སྒོ་སྤེལ།

ཁྱབ་བསྒྲགས་དུས་ཚོད་:2025ལོ་12ཟླ་བ་05ཉི་མ་ 16:12:40
图片

ཚེས་4ཉིན་ལུའོ་ཁྲའོ་ཧྥེང་དང་ཀྲང་ཝེ་ཏུང་སོགས་འགོ་ཁྲིད་ཀྱིས་ཁུལ་ཁྲིམས་སྐྱོང་རིག་གནས་དྲིལ་བསྒྲགས་སློབ་གསོའི་རྟེན་གཞིར་ལྟ་སྐོར་བྱས་པ།

ཟླ་12པའི་ཚེས་4ཉིན། རང་ཁུལ་གྱིས་2025ལོའི་“12·4”རྒྱལ་ཁབ་རྩ་ཁྲིམས་ཉིན་མོའི་བྱེད་སྒོ་ཁུལ་ཁྲིམས་འཛིན་ཅུས་སུ་སྤེལ་སྟེ་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩ་ཁྲིམས་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་དྲིལ་བསྒྲགས། ལག་ལེན་མཐའ་ཕྱིན་བྱས་ནས། རྩ་ཁྲིམས་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་སྟེ་རྩ་ཁྲིམས་མི་སེམས་སུ་ཟུག་པར་སྐུལ་འདེད་གཏོང་།

ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཀྲང་ཝེ་ཏུང་། ཁུལ་ཨུ་ཧྲུའུ་ཅི་གཞོན་པ་ཕེང་ཧྲན། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ལི་ཡན་ལན། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་མིའོ་ཡིའུ་ཧྥ་བཅས་བྱེད་སྒོ་ནང་ཞུགས།

图片

ལུའོ་ཁྲའོ་ཧྥེང་དང་ཀྲང་ཝེ་ཏུང་སོགས་འགོ་ཁྲིད་ཀྱིས་ཁུལ་ཁྲིམས་སྐྱོང་རིག་གནས་དྲིལ་བསྒྲགས་སློབ་གསོའི་རྟེན་གཞིར་ལྟ་སྐོར་བྱས།

ལུའོ་ཁྲའོ་ཧྥེང་དང་བཅས་པ་བདེ་ཆེན་ཁུལ་ཁྲིམས་སྐྱོང་རིག་གནས་དྲིལ་བསྒྲགས་སློབ་གསོ་གཞི་ས་རུ་བསྐྱོད་ནས།འགོ་བརྗོད་ཁང་དང་གཙོ་འཛིན་དགོངས་པ།·ཁྲིམས་མཐུན་བོད་སྐྱོང་། བདེ་ཆེན་མཐོ་སྒང་།·ཁྲིམས་སྐྱོང་མཉམ་སྐྱོད།”“ ཁྲིམས་སྐྱོང་ཀུན་ཁྱབ།·ཁྲིམས་སྐྱོང་བརྒྱུད་འཐུས།ཁྲིམས་སྐྱོང་བདེ་ཆེན།·སྔོན་ཐོན་གསར་གཏོད་ཕུལ་བྱུང་བརྩོན་ལེན།སོགས་དཔེ་དུམ་ལ་ལྟ་སྐོར་བྱས་ཏེ་འགྲེལ་བཤད་ནན་ཏན་གྱིས་ཉན་པ་དང་སྤེལ་རེས་བྱས་པ། ཁྲིམས་སྐྱོང་དྲིལ་བསྒྲགས་དང་གཞི་རིམ་གྱི་ཁྲིམས་ལུགས་ཁྱབ་གདལ་གྱི་གནས་ཚུལ་ཞིབ་ཚགས་འདྲི་ནས། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་གངས་ལྗོངས་མཐོ་སྒང་དུ་གསོན་ཉམས་ལྡན་པའི་ལག་ལེན་དང་། རང་ཁུལ་གྱིས་ཁྲིམས་སྐྱོང་བདེ་ཆེན་དང་བདེ་འཇགས་བདེ་ཆེན་འཛུགས་སྐྲུན་ཁྲོད་ཐོབ་པའི་གྲུབ་འབྲས་ཕྱོགས་ཡོངས་ནས་ཤེས་རྟོགས་བྱས། དེའི་རྗེས་གྱོད་དཔེས་ཁྲིམས་འགྲེལཞེས་པའི་ཉེན་བརྡ་གཏོང་བའི་སློབ་གསོའི་གློག་བརྙན་གཅིག་སྡུད་ངང་བལྟས།

ལུའོ་ཁྲའོ་ཧྥེང་གིས་ཁྲིམས་བཟང་བོ་ནི་བཅོས་སྐྱོང་ཡག་པོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་ཡིན་པ་དང་། རྩ་ཁྲིམས་དང་བཅའ་ཁྲིམས་ནི་མི་སེར་གྱི་དུས་རྒྱུན་གྱི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད། ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་མཐའ་འཁྱོངས་དང་། རང་སྐྱོང་ཁུལ་གྱི་ཁྲིམས་འཛུགས་དབང་ཆ་བེད་སྤྱོད་ཡག་པོ་བྱས་ཏེ་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་ས་ཁོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཁྲིད་སྟོན་རང་བཞིན་གྱི་ཁྲིམས་སྲོལ་བཟོ་དགོས།ཚད་ལྡན་དང་གཞུང་དྲང་། ཡ་རབས་ཁྲིམས་འཛིན་བྱེད་པར་རྒྱུན་འཁྱོངས་བྱས་ཏེ་དམངས་དོན་གྱི་ཆེད་དུ་ཁྲིམས་འཛིན་གྱི་སྣང་བརྙན་ཡག་པོ་འཛུགས་པ་དང་ཏང་དང་སྲིད་གཞུང་གི་ཀུན་གྱིས་ཡིད་ཆེས་བྱེད་ཚད་མཐོ་རུ་གཏོང་དགོས། ཁྲིམས་འཛིན་གཞུང་དྲང་རྒྱུན་འཁྱོངས་བྱས་ཏེ་མཐའ་མའི་འགོག་སྲུང་ཐིག་བརྟན་སྲུང་བྱས་ཏེ། མི་དམངས་མང་ཚོགས་ལ་ཁྲིམས་འཛིན་གྱོད་གཞི་ཁྲོད་དྲང་གཞག་དང་དྲང་བདེན་ཚོར་བར་འབད་བརྩོན་བྱེད་དགོས།བཅའ་ཁྲིམས་ཞབས་ཞུ་ལེགས་སུ་གཏོང་བ་དང་། གཉེར་སྐྱོང་གཙོ་གཟུགས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་ཏན་ཏིག་བྱེད་དེ།ནུས་ཤུགས་ཡོད་རྒུས་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་གཏོད་དགོས། ཁྲིམས་སྐྱོང་གི་རིག་གནས་དྲིལ་བསྒྲགས་སློབ་གསོ་རྟེན་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་།མཉམ་འགུལ་གྱི་རྣམ་པ་གསར་གཏོད་དང་། དྲིལ་བསྒྲགས་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ་བཅས་བྱས་ཏེ་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་ཁྲིམས་བཀུར་ཁྲིམས་སྦྱོང་ཁྲིམས་སྲུང་ཁྲིམས་སྤྱོད་བཅས་ལ་སྐུལ་འདེད་གཏོང་བ་དང་། རྒྱ་ཆེའི་མང་ཚོགས་ཀྱིས་ལས་དོན་སྒྲུབ་དུས་ཁྲིམས་གཞིར་བཟུང་བ་དང་། དོན་དག་ལ་འཕྲད་ན་བཅའ་ཁྲིམས་འཚོལ་བ། གནད་དོན་ཐག་གཅོད་བྱེད་དུས་ཁྲིམས་སྤྱོད་པ། འགལ་བ་ཐག་གཅོད་བྱེད་དུས་བཅའ་ཁྲིམས་ལ་བརྟེན་པ་བཅས་བྱས་ཏེ་དམངས་ཡོངས་ཀྱི་ཁྲིམས་སྲུང་གི་རྣམ་པ་བཟང་པོ་ཆགས་སུ་འཇུག་དགོས་ཞེས་ནན་བཤད་བྱས།

图片

ལུའོ་ཁྲའོ་ཧྥེང་དང་ཀྲང་ཝེ་ཏུང་སོགས་འགོ་ཁྲིད་ཀྱིས་འབྲེལ་ཡོད་འགན་འཁུར་པས་ཁྲིམས་སྐྱོང་བདེ་ཆེན་དང་བདེ་འཇགས་བདེ་ཆེན་འཛུགས་སྐྲུན་གྱི་གྲུབ་འབྲས་སྙན་ཞུར་ཉན།

ཤེས་རྟོགས་བྱུང་གསལ། ད་ལོའི་ཟླ་12པའི་ཚེས་4ཉིན་ནི་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོ་ཨང་བཅུ་གཉིས་པ་རེད།རང་ཁུལ་གྱིས་ཉིན་མོ་འདི་གོ་སྐབས་སུ་བཟུང་སྟེ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་དྲིལ་བསྒྲགས།ལག་ལེན་མཐའ་ཕྱིན་བྱས་ཏེ་རྩ་ཁྲིམས་མི་སེམས་སུ་ཟུག་ཏུ་བཅུག་ཅེས་པའི་བརྗོད་དོན་གཙོ་བོར་འཁོར་ནས།སུས་ཁྲིམས་འཛིན་བྱས་ན་སུས་ཁྲིམས་ལུགས་ཁྱབ་གདལ་གཏོང་དགོས་ཞེས་པའི་ཁྲིམས་ལུགས་ཁྱབ་གདལ་གྱི་འགན་འཁྲིའི་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས། འགོ་ཁྲིད་ལས་བྱེད་པ་དང་གཞོན་ནུ་ལོ་ཆུང་སོགས་ལ་དམིགས་ནས་ཁྲིམས་ལུགས་ཁྱབ་གདལ་གཏོང་མཁན་དགེ་རྒན་ཚོགས་པ་དང་། དང་བླངས་པ། བཅའ་ཁྲིམས་ཤེས་མཁན་བཅས་སྒྲིག་འཛུགས་བྱས་ཏེ། མང་ཚོགས་མཐོང་དགའ་ཐོས་སྤྲོ་བའི་བྱ་ཐབས་སྤྱད་དེ་རྩ་ཁྲིམས་གྲོང་གསེབ་དང་། སྡེ་ཁུལ་ལས་ཁུངས། སློབ་གྲྭ ཁེ་ལས། དམག་སྒར། དྲ་རྒྱ་སོགས་སུ་ཁྱབ་པའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་རྩ་ཁྲིམས་དྲིལ་བསྒྲགས་ཀྱི་ཡིད་དབང་འཕྲོག་ཤུགས་དང་འགུག་ཤུགས་ཆེ་རུ་ཏན་ཏིག་བཏང་སྟེ།རྩ་ཁྲིམས་སློབ་སྦྱོང་དང་དྲིལ་བསྒྲགས་རྒྱུན་ལྡན་ཅན་དང་ལམ་ལུགས་ཅན་དུ་འགྱུར་བར་སྐུལ་འདེད་གཏང་རྒྱུ།

ཁུལ་གྱི་འབྲེལ་ཡོད་འགོ་ཁྲིད་བྱེད་སྒོར་ཞུགས་ཡོད།

责任编辑:吹批拉姆 南珠泽仁

  • ཀྲོའུ་ནང་ཁུལ་གྱི་མགོ་གཙོ་

མདོ་འཛིན་པས་དགུན་ཁ་མེ་འགོག་ལ་དོ་སྣང་བྱ་དགོས་ལུགས་སྐོར་བཤད།

རང་ཁུལ་གྱིས་“12·4”རྒྱལ་ཁབ་རྩ་ཁྲིམས་ཉིན་མོའི་བྱེད་སྒོ་སྤེལ།

གངས་ལྗོངས་ས་མཐོའི་ཏང་དར་དམར་པོ། “ལོ་ལྔ་ཚན་བཅུ་བཞི་པ”ཡི་དུས་སྐབས་སུ་བདེ་ཆེན་གྱིས་སྤུས་ཚད་མཐོ་བའི་སྒོ་ནས་ཏང་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བ།

བདེ་ཆེན་ཁུལ་གྱིས་ “ སྤུས་ཚད་མཐོ་བའི་ངང་ ‘ ལོ་ལྔ་ཚན་བཅུ་བཞི་པའི་ ’ འཆར་འགོད་ ” འགྲུབ་པའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་རབ་དང་རིམ་པའི་ཏང་གི་འཛུགས་སྐྲུན་གྱི་ཆེད་དོན་སྤེལ།

ཁུལ་ཨུས“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་གྲོས་འགོའི་བཞུགས་མོལ་ཚོགས་འདུ་འཚོགས།

ལུའོ་ཁྲའོ་ཧྥེང་གིས་རྒྱལ་ཁབ་གློག་གཏོང་ཚོགས་ཁག་ཡུན་ནན་རྒྱལ་སྤྱི་གློག་ཤུགས་གཏོང་འཇོག་ཚད་ཡོད་ཀུང་སིའི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ལས་འཛིན་པ་ཧྥུ་ཅིན་སུང་དང་བཅས་པ་ལ་ཐུག་འཕྲད་གནང་།

བདེ་ཆེན་ཁུལ་གྱིས་“སྤུས་ཚད་མཐོ་བའི་ངང་‘ལོ་ལྔ་ཚན་བཅུ་བཞི་པའི’་འཆར་འགོད་འགྲུབ་པའི་”གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་རབ་དང་རིམ་པའི་སྐྱེ་ཁམས་ཆེད་དོན་སྤེལ།

ཀྲང་ཝེ་ཏུང་གིས་རུ་ཁག་ཁྲིད་དེ་ཧྥུ་ཏེན་དངུལ་ཁང་ཡུན་ནན་ཞིང་ཆེན་གྲོང་ཁྱེར་རྐང་རྩེད་སྤོ་ལོ་མཉམ་འབྲེལ་འགྲན་བསྡུར་བདེ་ཆེན་འགྲན་རའི་གྲ་སྒྲིག་ལས་དོན་ལ་ཞིབ་འཇུག་བརྟག་དཔྱད་བྱས།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53342102000007

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com