དོན་གྲུབ་ཕུན་ཚོགས་ཀྱིས་པི་ཝང་སྒྱུ་རྩལ་སྲུང་སྐྱོང་བྱས་ནས་མི་རིགས་ཀྱི་རིག་གནས་རྒྱུན་འཛིན་བྱེད།

དོན་གྲུབ་ཕུན་ཚོགས་ནི་བདེ་ཆེན་ཁུལ་འབའ་ལུང་རྫོང་མཐའ་ཆུ་གྲོང་རྡལ་ནས་འཚར་ལོངས་བྱུང་ཞིང་། ཆུང་དུས་ནས་པི་ཝང་འཐེན་པར་སྤྲོ་བ་ཆེན་པོ་ཡོད་པ་རེད། ཁོང་ལ་ཆུང་དུས་ནས་བཟུང་གར་སྟེགས་ཆེན་པོ་དང་ལྟད་མོ་བ་མང་བོའི་མདུན་ནས་པི་ཝང་བཟུང་ནས་འཁྲབ་སྟོན་བྱེད་ལ། པི་ཝང་གི་དབྱངས་རྟ་སྙན་མོ་དེ་རྒྱ་ཆེའི་ལྟད་མོ་བ་དང་མྱོང་རོལ་བྱེད་པའི་འདུན་པ་དང་སེམས་ཤུགས་དྲག་པོ་ཡོད་པ་རེད།
ཆུང་དུས་ནས་སྒྱུ་རྩལ་གྱི་ས་བོན་སེམས་ཁོང་དུ་སྦས།

དོན་གྲུབ་ཕུན་ཚོགས་ཀྱི་ཐོག་མའི་ཆེད་ལས་ནི་མགུལ་སྦྲེང་ཆེ་བ་ཡིན་མོད། ཆུང་དུས་ནས་པི་ཝང་འཐེན་ཞོར་གཞས་འཁྲབ་པའི་གླུ་གར་འཁྲན་སྟོན་དེ་ལ་མིག་འདྲིས་རྣར་འཇགས་ཡོད་པས་པི་ཝང་ལ་ཤིན་ཏུ་དགའ་པོ་བྱུང་ཡོད་པས། 2007ལོར་འཇོལ་གྱི་པི་ཝང་རྒྱུན་འཛིན་པ་ཞིག་བཙལ་ནས་དངོས་སུ་སློབ་སྦྱོང་བྱས་ཏེ་ཟླ་བ་གཅིག་ལས་མ་སོང་བར་རང་སྦྱོང་བྱས། 2014ལོར་ཁོང་གི་པི་ཝང་འཐེན་པའི་འཁྲབ་སྟོན་གར་སྟེགས་ཐོག་ཐེངས་དང་པོ་བསྐྱོད་ཡོད།

དོན་གྲུབ་ཕུན་ཚོགས་ཀྱིས་དཀའ་སྤྱད་སྦྱོང་བརྡར་ལ་བརྟེན་ནས་རྨང་གཞི་བརྟན་དུ་གཏོང་བ་དང་གསར་གཏོད་ཀྱི་འཇོན་ཐང་ལ་བརྟེན་ནས་རྒྱུན་འཛིན་བྱས་ཏེ་བདེ་ཆེན་པི་ཝང་རང་ཡུལ་ནས་གཞན་ཡུལ་གྱི་གར་སྟེགས་ཆེན་པོར་འཁྲབ་ཐུབ་པར་བྱས། 2025ལོར། ཁོང་གིས་རྩོམ་སྒྲིག་བྱེད་པའི་《ཕ་རིའི་སྤང་གི་སྟེང་ལ་》ཞེས་པ་དེ་ཨ་མདོ་བརྙན་འཕྲིན་ཁང་གི་2025ལོའི་བོད་ཀྱི་ཤིང་སྦྲུལ་ལོ་གསར་གྱི་རིག་རྩལ་དགོང་ཚོགས་ཐོག་ཞུགས་པས། རང་ཡུལ་གྱི་མངོན་མིན་རིག་གནས་ཤུལ་བཞག་རྩེ་ཆེ་དེར་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་ཡོད།

སློབ་ཁྲིད་དང་། འཁྲབ་སྟོན་སོགས་ཀྱི་བྱེད་ཐབས་བརྒྱུད་སྲོལ་རྒྱུན་གྱི་པི་ཝང་སྲུང་སྐྱོང་བྱེད་པ་དང་ཆབས་ཅིག ཐུན་མོང་མ་ཡིན་པའི་པི་ཝང་འཐེན་རྩལ་ལ་བློ་རྩེ་གཅིག་སྒྲིམ་ངང་ཞིབ་འཇུག་བྱ་རྒྱུ་དང་། པི་ཝང་འཐེན་རྩལ་དེ་དབྱངས་རྟགས་ལ་བརྟེན་ན་སློབ་མས་སྦྱོང་བདེ་བ་དང་གོ་བདེ་བས། པི་ཝང་གི་སྒྲ་དབྱངས་དེ་དབྱངས་རྟགས་སུ་ཕབ་པར་བརྩོན་ལེན་བྱས་ནས་གོམ་གང་མདུན་སྤོས་ཀྱིས་པི་ཝང་སྒྱུ་རྩལ་འདི་སྲུང་འཛིན་བྱེད་རྒྱུའི་འཆར་གཞི་བཅངས་ཡོད་ཅེས་དོན་གྲུབ་ཕུན་ཚོགས་ཀྱིས་བཤད།

འགན་འཁུར་རྩོམ་སྒྲིག་པ།:万玛措
- བདེ་ཆེན་གསར་འགྱུར།
ལུའོ་ཁྲའོ་ཧྥེང་གིས་རུ་ཁག་ཁྲིད་དེ་ཡུན་ནན་སློབ་ཆེན་དུ་ཕེབས་ནས་སློབ་གྲྭ་དང་ས་གནས་བར་གྱི་མཉམ་ལས་དོན་དག་ལ་འབྲེལ་མཐུད་བྱས།
ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ།
ཁུན་མིང་དང་བདེ་ཆེན་གྱིས་མཛའ་མཐུན་མཉམ་ལས་ཀྱི་ཚོགས་འདུ་འཚོགས།
བདེ་ཆེན་ཁུལ་གྱི་ཏང་སྲིད་འཐུས་མི་ཚོགས་པ་ཆུས་ཅིང་གྲོང་ཁྱེར་དུ་ཕེབས་ནས་ཁ་གཏད་རོགས་སྐྱོར་ལས་དོན་ཐད་ཚུར་ལན་བཅར་འདྲི་བྱས།
བདེ་ཆེན་སེམས་ཀྱི་ཉི་ཟླའི་ལྔ་བའི་རྟ་རྒྱུག་འགྲན་བསྡུར་ཚོགས་ལ་ཉེ།
བདེ་ཆེན་གྱི་རྒྱུགས་སྤྲོད་སློབ་མ་1883ད་ལོའི་མཐོ་རྒྱུགས་ལ་ཞུགས།
ལུའོ་ཁྲའོ་ཧྥེང་གིས་མཐོ་རྒྱུགས་ཀྱི་གྲ་སྒྲིག་ལས་དོན་ལ་ཞིབ་བཤེར་དང་མཛུབ་ཁྲིད་གནང་སྐབས་ནན་པོ་དང་ཞིབ་ཚགས། ཆད་བཤེར་ཆད་གསབ་བཅས་བྱས་ཏེ་མཐོ་རྒྱུགས་བརྟན་ལ་བདེ་འཇགས་དང་གོ་རིམ་ལྡན་པ་ཡོང་བའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
ཁུལ་ཨུའི་རྒྱུན་ཨུ་སྐབས་དགུ་པས་གྲོས་ཚོགས་ཐེངས་158པ་འཚོགས།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108