ཁུལ་ཨུ་སྐབས་དགུ་པའི་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་ཐེངས་144པ་འཚོགས།

སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་བ་12ཚེས་19ཉིན། ཁུལ་ཨུ་སྐབས་དགུ་པའི་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་ཐེངས་144པ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་མཆན་འགོད་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། ཉེ་དུས་ཞིང་ཨུའི་འབྲེལ་ཡོད་ལས་ཀའི་བླང་བྱ་བརྒྱུད་བསྒྲགས་བྱས་ཏེ། རང་ཁུལ་གྱི་ལག་བསྟར་བྱེད་སྟངས་ཞིབ་འཇུག་བྱས་པ་མ་ཟད། ཉེ་དུས་ཁུལ་ཨུ་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་འཚོག་རྒྱུ་གཏན་འབེབས་བྱས།
ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་ཚོགས་འདུ་གཙོ་སྐྱོང་གནང་།
ཚོགས་འདུའི་ཐོག་ནན་བཤད་གནང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ས་གནས་ཀྱི་གནས་ཚུལ་དང་བསྟུན་ནས་སྤུས་ཚད་གསར་པ་འཕེལ་རྒྱས་གཏོང་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་བདེ་ཆེན་གྱི་དོན་དངོས་དང་བསྟུན་ནས་གཙོ་ཁྲིད་ཐོན་ལས་ཆེན་པོ་བཞི་ལེགས་སུ་གཏོང་བ་དང་། ཚན་རྩལ་གྱི་ནུས་པ་ཆེ་རུ་གཏོང་བ། ཐོན་ལས་ཀྱི་འབྲེལ་ཐག་ཁ་གསབ་དང་འབྲེལ་ཐག་སྟོབས་ཆེར་གཏོང་བར་སྐུལ་འདེད་གཏོང་བ། ཀྲུང་ལུགས་དང་བོད་ལུགས་སྨན་རྫས་དང་དེང་རབས་ཟོག་འགྲེམས་སོགས་གསར་དར་ཐོན་ལས་དང་འབྱུང་འགྱུར་ཐོན་ལས་འཚོལ་ཞིབ་འཕེལ་རྒྱས་གཏོང་སྟེ། ཐོན་ལས་རིགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ནང་མཁོ་རྒྱ་བསྐྱེད་གཏོང་བ་ནི་འཐབ་ཇུས་ཀྱི་བྱེད་ཐབས་ཤིག་ཡིན་གསུང་པའི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། མཚན་མོའི་དཔལ་འབྱོར་དང་ཉམས་ལེན་དཔལ་འབྱོར། སེམས་ཁམས་དཔལ་འབྱོར། སྟེགས་བུའི་དཔལ་འབྱོར་སོགས་ལས་རྣམ་གསར་པ་དང་རྣམ་པ་གསར་པ་འཕེལ་རྒྱས་ཧུར་ཐག་བཏང་ནས་མང་ཚོགས་ཀྱི་འབབ་འཕར་དང་དམངས་འཚོ་ལེགས་སུ་གཏོང་བའི་ལས་དོན་གཉིས་མུ་མཐུད་ཡག་པོ་སྒྲུབ་སྟེ། མང་ཚོགས་ཀྱིས་འཛད་སྤྱོད་བྱེད་ཐུབ་པ་དང་འཛད་སྤྱོད་བྱེད་ཕོད་པ། འཛད་སྤྱོད་བྱེད་འདོད་པ་བཅས་བྱེད་དུ་འཇུག་དགོས། རྣམ་གྲངས་འཛུགས་སྐྲུན་དེ་འཛད་སྤྱོད་རྒྱ་ཆེར་གཏོང་བའི་དམ་འཛིན་བྱེད་ས་གལ་ཆེན་དུ་རྩིས་ནས་ཐབས་བརྒྱ་ཇུས་སྟོང་གིས་མ་འཇོག་དང་འཛད་སྤྱོད་རྒྱ་ཆེར་གཏོང་དགོས། ནོར་སྲིད་མ་དངུལ་སྤྱོད་པར་ལྟ་སྐུལ་དོ་དམ་བྱས་ནས་མ་དངུལ་སྤྱོད་པའི་ཕན་འབྲས་ཆེ་རུ་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ནར་མ་སོན་པའི་མིའི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ།ཀུན་སྤྱོད་ཀྱིས་མི་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དོན་འཁྱོལ་བྱས་ནས། སློབ་གྲྭ་དང་ཁྱིམ་ཚང་། སྤྱི་ཚོགས་བཅས་ཀྱི་མཉམ་དུ་མི་གསོ་སྐྱོང་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་སྟེ། དྲ་ཁང་དང་རོལ་རྩེད་བྱ་ཡུལ། ཆང་ཁང་སོགས་གནས་ཡུལ་གཙོ་བོར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས། སློབ་གྲྭའི་མཐའ་འཁོར་གྱི་ཁོར་ཡུག་མུ་མཐུད་དུ་གཙང་མ་བཟོ་སྟེ་ནར་མ་སོན་པའི་བྱིས་པ་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་ཁོར་ཡུག་བཟང་པོ་བསྐྲུན་དགོས།
ཚོགས་འདུའི་ཐོག་ནན་བཤད་གནང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་རང་ཉིད་གསར་བརྗེའི་སྐོར་གྱི་དགོངས་པ་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་འགན་འཁྲི་གཙོ་བོའི་འགན་འཁྲི་དང་ལྟ་སྐུལ་གྱི་ལས་འགན་ཡག་པོ་ཁུར་ནས་མང་ཚོགས་ཉེ་འཁོར་གྱི་དྲང་བདེན་མིན་པའི་སྤྱོད་ཚུལ་དང་རུལ་སུངས་གནད་དོན་མུ་མཐུད་དུ་བཅོས་སྐྱོང་གཏིང་ཟབ་བྱས་ནས། སྤྱོད་གཙང་གི་ཡུན་ནན་བདེ་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས། རང་ཉིད་ཀྱིས་འཚོལ་ཞིབ་བྱས་པའི་གནད་དོན་དང་དཔྱད་ཞིབ་ཚོགས་ཆུང་གིས་ཚུར་ལན་སྤྲད་པའི་གནད་དོན་དང་བསྡུར་ནས་གནས་པའི་གནད་དོན་དང་མི་འདང་སར་དབྱེ་ཞིབ་གཏིང་ཟབ་བྱས་ཏེ། དམིགས་སའི་རང་བཞིན་ལྡན་པའི་བྱེད་ཐབས་བཟོས་ནས་གནད་དོན་བཅོས་སྒྲིག་བྱེད་པར་སྐུལ་འདེད་བཏང་ནས། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དེ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་མུ་མཐུད་སྐུལ་འདེད་གཏོང་དགོས།
ཚོགས་འདུའི་ཐོག་ཞིང་ཆེན་སྒྲིག་ཨུ་དང་ལྟ་སྐུལ་ཨུ་ལྷན་གྱི་འབྲེལ་ཡོད་སྒྲིག་འགལ་ཁྲིམས་འགལ་གྱོད་གཞི་དང་དེའི་བསླབ་བྱ་དང་ཉེན་བརྡ་གཏོང་བའི་བརྡ་ཁྱབ་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཞིང་།གྱོད་གཞི་དེ་དཔྱད་གཞིར་བྱེད་པ་དང་། ཉེན་བརྡའི་དྲིལ་བུ་རྒྱུན་དུ་གྲགས་པ། བསླབ་བྱ་བསྡུ་ལེན་གཏིང་ཟབ་དང་སྒྲིག་ཁྲིམས་ཀྱི་མ་མཐའ་བརྟན་དུ་སྲུང་སྟེ། རུལ་སུངས་འགོག་པའི་བསམ་བློའི་འགོག་སྲུང་དང་ལམ་ལུགས་ཀྱི་འགོག་སྲུང་བརྟན་པོ་འཛུགས་དགོས་ཞེས་ནན་གྱིས་བསྟན།
ཚོགས་འདུའི་ཐོག་བདེ་ཆེན་ཁུལ་གྱི་རྒྱལ་ཡོངས་རིག་དངོས་ཡོངས་ཁྱབ་ཞིབ་བཤེར་ལས་དོན་ཐེངས་བཞི་པར་སྐུལ་འདེད་བཏང་ཚུལ་སྐོར་གྱི་སྙན་ཞུ་ཉན་སྐབས། མུ་མཐུད་ནས་སྤུས་ཚད་མཐོ་བའི་སྒོ་ནས་ཡོངས་ཁྱབ་ཞིབ་བཤེར་ལས་འགན་ལེགས་འགྲུབ་དང་། རིག་དངོས་ཐོན་ཁུངས་སྲུང་སྐྱོང་ལས་དོན་ཡག་པོ་སྒྲུབ་ཅིང་། རིག་དངོས་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱ་བར་ཤུགས་སྣོན་རྒྱག་སྟེ། བདེ་ཆེན་གྱི་རིག་དངོས་གཏམ་རྒྱུད་ཡག་པོ་བཤད་དགོས་ཞེས་ནན་གྱིས་བསྟན།
ཚོགས་འདུའི་ཐོག བདེ་ཆེན་ཁུལ་གྱི་གློ་བུར་དོན་རྐྱེན་གྱི་སྤྱིའི་འཕྲལ་སྡོམ་ཇུས་གཞི་ཞེས་པ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཞིང་། འཕྲལ་སྡོམ་ཇུས་གཞིར་སློབ་སྦྱོང་དང་ཞིབ་འཇུག་བྱ་བར་ཤུགས་སྣོན་རྒྱག་པ་དང་། སྔོན་ཇུས་མ་ལག་འཛུགས་སྐྱོང་བྱ་བར་སྐུལ་འདེད་ཧུར་ཐག་གཏོང་བ། རྒྱུན་ལྡན་ཅན་དུ་སྦྱོང་བརྡར་དང་ནང་སྦྱོང་བྱས་ཏེ་སྔོན་ཇུས་ཕན་ནུས་ལྡན་པ་འགན་ལེན་བྱས་ནས་སྡེ་ཚན་ཁག་གི་འཕྲལ་སྡོམ་ཐག་གཅོད་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་ཞེས་ནན་གྱིས་བསྟན།
ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ཞིབ་འཇུག་བྱས།
责任编辑:七林、曲批
- བདེ་ཆེན་གསར་འགྱུར།
སྐབས་དགུ་བའི་ཁུལ་ཨུའི་རྒྱུན་ཨུས་ཚོགས་འདུ་ཐེངས་152པ་འཚོགས་པ།
ལུའོ་ཁྲའོ་ཧྥེང་གིས་རུ་སྣེ་ཁྲིད་ནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་བརྟག་ཞིབ་གནང་།
འཛམ་གླིང་གི་“སེམས་ཀྱི་ཉི་ཟླའི”སྐབས་གསུམ་པའི་རིག་གནས་ཡུལ་སྐོར་བྱེད་སྒོ་སྤེལ་བ།
བདེ་ཆེན་ཁུལ་གྱིས་བོད་འབྲེལ་ལས་དོན་ལ་དམ་འཛིན་ཏན་ཏིག་བྱས་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།
2026ལོའི་ཀྲུང་དབྱང་ཁེ་ལས་དང་ཞིང་ཆེན་རིམ་པའི་དམིགས་འཛུགས་གྱིས་བདེ་ཆེན་ལ་རོགས་སྐྱོར་བྱེད་པའི་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་འཚོགས།
ཞིང་ཆེན་ཁོངས་གཏོགས་ཁེ་ལས་ཀྱིས་བདེ་ཆེན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་བཞུགས་མོལ་ཚོགས་འདུ་འཚོགས་པ།
2025/2026ལོའི་ཧྥུ་ཏན་དངུལ་ཁང་ཡུན་ནན་ཞིང་ཆེན་གྲོང་ཁྱེར་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་འགྲན་བསྡུར་ཁྲོད་བདེ་ཆེན་རུ་ཁག་གི་ཟླ་བ་བཞི་པའི་འགྲན་བསྡུར་དུས་ཚོད་གཏན་འཁེལ་བྱས།
ཡུན་ནན་ཞིང་ཆེན་རིམ་གྱི་ཁང་པ་ཉོ་བའི་ཁ་གསབ་རོགས་དངུལ་རིམ་བསགས་ནས་མ་དངུལ་སྒོར་དུང་ཕྱུར་གཉིས་ལས་བརྒལ།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108