རྒྱལ་ཡོངས་དམངས་ཆེན་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོང་ཨུ་ལྷན་གྱི་བརྟག་ཞིབ་ཚོ་ཆུང་བདེ་ཆེན་དུ་ཆེད་དོན་བརྟག་ཞིབ་གནང་།
ཟླ་5པའི་ཚེས་27ཉིན་ནས་ཚེས་28ཉིན་གྱི་བར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོང་ཨུ་ལྷན་གྱི་ཀྲུའུ་རེན་ཨུ་ཡོན་ལུའུ་ཞིན་ཧྲེ་ཡིས་རུ་ཁག་སྣེ་ཁྲིད་དེ་བདེ་ཆེན་ཁུལ་དུ་ཕེབས་ནས་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་》ལག་བསྟར་དོན་འཁྱོལ་དང་། གངས་རི་དང་འཁྱགས་རོམ་ས་ཁེངས་སྲུང་སྐྱོང་། རྩ་ཆེན་སྟོངས་ཉེ་དང་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོང་། གནོད་སྐྱོན་སྔོན་འགོག་དང་ཕྱོགས་བསྡུས་བཅོས་སྒྲིག་སོགས་ཀྱི་ལས་དོན་ལ་ཆེད་དོན་བརྟག་ཞིབ་གནང་།
རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོང་ཨུ་ལྷན་གྱི་ཀྲུང་རེན་ཨུ་ཡོན་གཞོན་པ་པུའུ་ཞའོ་ལིན་དང་། རྒྱལ་ཡོངས་དམངས་ཆེན་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོང་ཨུ་ལྷན་གྱི་ཨུ་ཡོན་ལི་ཡུང་། ཡུན་ནན་ཞིང་ཆེན་དམངས་ཆེན་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོང་ཨུ་ལྷན་གྱི་ཀྲུའུ་རེན་ཨུ་ཡོན་ཀྲའོ་ཀང་སོགས་བརྟག་ཞིབ་ཏུ་ཞུགས། ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་དང་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ལི་ཡན་ལན་འབྲེལ་ཡོད་བྱེད་སྒོར་ཞུགས།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྟག་མཆོང་གྲོག་རོང་གྲོང་རྡལ་དུ་གནོད་སྐྱོན་སྔོན་འགོག་དང་ཕྱོགས་བསྡུས་བཅོས་སྒྲིག་གནས་ཚུལ་ལ་བརྟག་ཞིབ་བྱེད་བཞིན་པ།
ལུའུ་ཞིན་ཧྲེ་དང་བཅས་པས་སྔ་རྗེས་སུ་འཇོལ་རྫོང་དགོན་པ་སྟེང་དང་པད་མ་གངས་རི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྟག་མཆོང་གྲོག་རོང་གྲོང་རྡལ་བཅས་སུ་ཟབ་ཞུགས་བྱས། ཡུལ་དངོས་ནས་ལྟ་ཞིབ་བྱས་པ་དང་གཞི་རིམ་གྱི་ལས་བྱེད་པ་དང་སྤེལ་རེས་གཏིང་ཟབ་བྱས་ཏེ་གངས་རི་དང་འཁྱགས་རོམ་ས་ཁེངས་ལ་རྒྱུན་ལྡན་གྱི་དོ་དམ་སྲུང་སྐྱོང་དང་། རྩ་ཆེན་སྟོངས་ཉེ་དང་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོང་། ས་གཤིས་གནོད་སྐྱོན་གྱི་མངོན་མེད་རྐྱེན་ངན་ཡོད་སའི་ལྟ་ཞིབ་ཚད་ལེན་སྔོན་བརྡ་སོགས་ཀྱི་ལས་དོན་ལ་འདྲི་རྩད་ཞིབ་ཕྲ་བྱས་པ་དང་། རང་ཁུལ་གྱི་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་》ལག་བསྟར་དོན་འཁྱོལ་གནས་ཚུལ་དང་ཆུ་དྲ་འཛུགས་སྐྲུན་འཆར་འགོད། ཆུའི་ཐོན་ཁུངས་བེད་སྤྱོད་བཅས་ཀྱི་ཆེད་དོན་སྙན་སེང་ཉན།

འཇོལ་རྫོང་དགོན་པ་སྟེང་དུ་གངས་རི་དང་འཁྱགས་རོམ་ས་ཁེངས་སྲུང་སྐྱོང་གནས་ཚུལ་ལ་བརྟག་ཞིབ་བྱེད་བཞིན་པ།
ལུའུ་ཞིན་ཧྲེ་ཡིས་ནན་བཤད་གནང་དོན། བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ནི་མཚོ་བོད་མཐོ་སྒང་གི་ཤར་ལྷོའི་རྒྱུད་དང་གཙང་གསུམ་མཉམ་བཞུར་འཛམ་གླིང་རང་བྱུང་ཤུལ་བཞག་གི་ལྟེ་བའི་ཁུལ་དུ་གནས་ཡོད། འབྲི་ཆུའི་སྟོད་རྒྱུད་ཀྱི་ཆུ་རྩ་གསོ་ཁུལ་ཡིན་ལ། རང་རྒྱལ་ལྷོ་ནུབ་ཕྱོགས་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོར་གཏོང་བའི་འགན་འཁྲི་ཆེན་པོ་འཁུར་ཡོད། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་སློབ་སྦྱོང་དང་དོན་འཁྱོལ་གཏིང་ཟབ་བྱེད་དེ། སྐྱེ་ཁམས་སྲུང་སྐྱོང་ཉམས་གསོ་དང་ཉེན་ཁ་སྔོན་འགོག ཐོན་ལས་ཀྱི་གྲུབ་ཆ་ལེགས་གཏོང་སོགས་ཀྱི་ཁྲིམས་བཀོད་ལས་འགན་ནན་པོ་དོན་འཁྱོལ་བྱེད་པ་དང་། སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོར་བཏང་ནས་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་》དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་ཏན་ཏིག་གཏོང་དགོས། སྔོན་འགོག་གཙོ་བོ་བྱེད་པ་དང་སྔོན་འགོག་དང་བཅོས་སྒྲིག་ཟུང་འབྲེལ་རྒྱུན་འཁྱོངས་བྱེད་དེ་ཆུ་ལོག་དང་འདམ་རུད་སྔོན་བརྡ་དང་། མཉམ་ཇུས་མཉམ་འགོག་མ་ལག་འཐུས་ཚང་དུ་བཏང་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་ལེན་ཏན་ཏིག་བྱེད་དགོས། རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ལས་ལྷག་ཅེས་པའི་འདུ་ཤེས་བརྟན་པོར་བཙུགས་ཏེ་སྲུང་སྐྱོང་དང་འཕེལ་རྒྱས་ཀྱི་འབྲེལ་བར་གཅིག་གྱུར་འཆར་འགོད་ཡག་པོ་བྱེད་པ་དང་། རིམ་པ་ཁག་གི་སྐྱེ་ཁམས་ཁ་གསབ་སྲིད་ཇུས་བེད་སྤྱོད་ཡག་པོ་བྱེད་པ། སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས་རི་སྔོ་ཆུ་དྭངས་སྲུང་བའི་མང་ཚོགས་ལ་སྐྱེ་ཁམས་ཀྱི་ཁེ་ཕན་རག་བཅུག་དགོས། ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་དེ་ཚན་རིག་དང་མཐུན་པ་དང་ལུགས་མཐུན་སྒོས་བདེ་ཆེན་གྱི་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་བྱེད་པ་དང་། སྐྱེ་ཁམས་རིན་ཐང་གི་ཕྱོགས་སྒྱུར་ལམ་བུ་རྒྱུན་མི་ཆད་པར་རྒྱ་སྐྱེད་པ། སྤུས་ལེགས་ཀྱི་ཡུལ་ལྗོངས་ཐོན་ཁུངས་ལ་བརྟེན་ནས་སྐྱེ་ཁམས་ཡུལ་སྐོར་དང་ནགས་འོག་དཔལ་འབྱོར། ཐཱན་བསྡུས་ཉོ་ཚོང་སོགས་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་ཡག་པོ་འགྲོ་ནས་སྐྱེ་ཁམས་ཀྱིས་དམངས་ལ་ཕན་པ་དང་སྐྱེ་ཁམས་ཀྱིས་དམངས་ཀྱི་ཆེད་དུ་ཞེས་པ་མངོན་འགྱུར་བྱེད་དགོས།
ཁུལ་གྱི་འགོ་ཁྲིད་ཞུས་ཀོང་ཏེ་དང་ཧོང་ལུང་ཞིན། ལི་ཐའོ་བཅས་འབྲེལ་ཡོད་བྱེད་སྒོར་ཞུགས།
འགན་འཁུར་རྩོམ་སྒྲིག་པ།:七林卓玛
- བདེ་ཆེན་གསར་འགྱུར།
ལུའོ་ཁྲའོ་ཧྥེང་གིས་རུ་ཁག་ཁྲིད་དེ་ཡུན་ནན་སློབ་ཆེན་དུ་ཕེབས་ནས་སློབ་གྲྭ་དང་ས་གནས་བར་གྱི་མཉམ་ལས་དོན་དག་ལ་འབྲེལ་མཐུད་བྱས།
ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ།
ཁུན་མིང་དང་བདེ་ཆེན་གྱིས་མཛའ་མཐུན་མཉམ་ལས་ཀྱི་ཚོགས་འདུ་འཚོགས།
བདེ་ཆེན་ཁུལ་གྱི་ཏང་སྲིད་འཐུས་མི་ཚོགས་པ་ཆུས་ཅིང་གྲོང་ཁྱེར་དུ་ཕེབས་ནས་ཁ་གཏད་རོགས་སྐྱོར་ལས་དོན་ཐད་ཚུར་ལན་བཅར་འདྲི་བྱས།
བདེ་ཆེན་སེམས་ཀྱི་ཉི་ཟླའི་ལྔ་བའི་རྟ་རྒྱུག་འགྲན་བསྡུར་ཚོགས་ལ་ཉེ།
བདེ་ཆེན་གྱི་རྒྱུགས་སྤྲོད་སློབ་མ་1883ད་ལོའི་མཐོ་རྒྱུགས་ལ་ཞུགས།
ལུའོ་ཁྲའོ་ཧྥེང་གིས་མཐོ་རྒྱུགས་ཀྱི་གྲ་སྒྲིག་ལས་དོན་ལ་ཞིབ་བཤེར་དང་མཛུབ་ཁྲིད་གནང་སྐབས་ནན་པོ་དང་ཞིབ་ཚགས། ཆད་བཤེར་ཆད་གསབ་བཅས་བྱས་ཏེ་མཐོ་རྒྱུགས་བརྟན་ལ་བདེ་འཇགས་དང་གོ་རིམ་ལྡན་པ་ཡོང་བའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
ཁུལ་ཨུའི་རྒྱུན་ཨུ་སྐབས་དགུ་པས་གྲོས་ཚོགས་ཐེངས་158པ་འཚོགས།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108