ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་༢༠༢༦ལོའི་གཅིག་སྡུད་སློབ་སྦྱོང་ཐེངས་དང་པོ་བྱས་པ།

ཟླ༡པོའི་ཚེས༡༤ཉིན། ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་༢༠༢༦ལོའི་གཅིག་སྡུད་སློབ་སྦྱོང་ཐེངས་དང་པོ་བྱས་པ། ཚོགས་འདུའི་ཐོག་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་དམངས་གཙོའི་འཚོ་བའི་ཚོགས་འདུའི་ཐོག་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས། སྤྱོད་ཚུལ་ལེགས་སྐྱོང་རྒྱུན་ལྡན་ཅན་དང་ཡུན་ཕན་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་བསམ་བློའི་ངོས་འཛིན་གཅིག་མཐུན་སྔར་བས་གཅིག་བསྡུས་བྱས་ཏེ། སྤྱོད་ཚུལ་བཟང་པོར་བརྟེན་ནས་སེམས་ཤུགས་གཅིག་སྒྲིལ་དང་། དམ་པ་དོན་གཉེར་བྱས་ཏེ། ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པ་འགོ་ཡག་པོ་ཞིག་འཛུགས་གང་ཐུབ་བྱ་དགོས་ཞེས་ནན་གྱིས་བསྟན།
ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་གསུང་བཤད་གནང་།
ཀྲང་ཝེ་ཏུང་དང་ལི་ཡན་ལན། མིའོ་ཡིའུ་ཧྥ་བཅས་སློབ་སྦྱོང་དུ་ཞུགས།
ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། ཕྱོགས་ཡོངས་དང་རྒྱུད་རིམ་ལྡན་པའི་སྒོ་ནས་སློབ་སྦྱོང་དང་། དུས་ཐོག་ཏུ་རྗེས་འདེད། བསམ་བློ་གཏིང་ཟབ་བཏང་ནས་སློབ་སྦྱོང་། དོན་དངོས་དང་ཟུང་འབྲེལ་བྱས་ནས་སློབ་སྦྱོང་བཅས་བྱས་ཏེ། སྤྱོད་ཚུལ་འཛུགས་སྐྱོང་གི་ཆབ་སྲིད་རང་རྟོགས་དང་། བསམ་བློ་རང་རྟོགས། བྱ་སྤྱོད་རང་རྟོགས་བཅས་སྔར་བས་ཇེ་དྲག་ཏུ་གཏོང་ནས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དེ་དངོས་གནས་སེམས་ནང་ཟུག་པ་དང་བྱ་སྤྱོད་ཐོག་འཁྱོལ་བ་བྱས་ཏེ་སྤྱོད་ཚུལ་འཛུགས་སྐྱོང་གི་གྲུབ་འབྲས་གསར་པར་བརྟེན་ནས་བདེ་ཆེན་གྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལེའུ་གསར་པ་ཧུར་ཐག་རྩོམ་ཆེད་སྲ་ཞིང་བརྟན་པའི་སྤྱོད་ཚུལ་གྱི་འགན་ལེན་བྱེད་དགོས།
ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། རིམ་ཁག་ཏང་ཨུ་དང་ཏང་ཙུའུ་ཡིས་བྱེད་པོའི་འགན་འཁྲི་དོན་འཁྱོལ་ནན་པོ་བྱས་ཏེ་སྤྱོད་ཚུལ་འཛུགས་སྐྱོང་དེ་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་ལས་བྱེད་ལས་བཟོར་སློབ་གསོ་དང་། དོ་དམ། ལྟ་སྐུལ་བཅས་བྱ་རྒྱུར་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་ལྟ་སྐུལ་དེ་ཆུ་ཚོད་བརྒྱད་ཡན་སྣུར་སྲིང་བྱེད་དགོས། སྤྱོད་ཚུལ་ལེགས་སྐྱོང་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་དུ་འགྱུར་བའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། རྒྱུན་རྣམ་ཅན་དུ་འགྱུར་བའི་སྒོ་ནས་སྤྱོད་ཚུལ་སློབ་གསོ་སྤེལ་བ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སློབ་སྦྱོང་དང་སློབ་གསོའི་གྲུབ་འབྲས་ཟམ་མི་ཆད་པར་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་བ་དང་ལག་བསྟར་གཏིང་ཟབ་བྱེད་པ། སྤྱོད་ཚུལ་གསར་བརྗེ་དང་ཕན་ནུས་གསར་བརྗེའི་བྱ་སྤྱོད་གཏིང་ཟབ་ཏུ་སྤེལ་བ། ཕྱི་ཚུལ་རིང་ལུགས་བཅོས་སྐྱོང་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་དགོས། འགོ་ཁྲིད་ལས་བྱེད་པས་གོང་གིས་འོག་ལ་སྣེ་ཁྲིད་དང་། སྤྱོད་ཚུལ་བཟང་པོས་ཁུལ་ཡོངས་ཀྱི་རིམ་པ་ཁག་གི་ཏང་ཡོན་གྱི་སྤྱོད་ཚུལ་བསྒྱུར་བར་སྐུལ་ཁྲིད་བྱས་ཏེ། སྣེ་ཁྲིད་དེ་བློ་གཅིག་སེམས་གཅིག་དང་། སྣེ་ཁྲིད་དེ་དངོས་དོན་གཉེར་བ། སྣེ་ཁྲིད་དེ་འགན་འཁུར་བ། སྣེ་ཁྲིད་དེ་རང་གཅུན་ཐུབ་པ་བཅས་བྱ་དགོས།
ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། རིགས་པའི་གཞུང་ལུགས་སློབ་སྦྱོང་དང་། བསམ་འཆར་བསྡུ་ལེན། སྙིང་གཏམ་ཤོད་རེས་དང་གླེང་མོལ། ཞིབ་བསྡུར་སྐྱོན་བཤེར་ཡིག་རིགས་འབྲི་བ་སོགས་ཀྱི་གྲ་སྒྲིག་ལས་ཀ་ཁག་གཅིག་གྱུར་འཆར་འགོད་ཡག་པོ་བྱས་ཏེ། ཁུལ་ཨུའི་རྒྱུན་ཨུ་ཚན་ཁག་གི་༢༠༢༥ལོའི་ལོ་འཁོར་གྱི་དམངས་གཙོའི་འཚོ་བའི་ཚོགས་འདུ་སྤུས་ཚད་མཐོ་བའི་སྒོ་ནས་ཡག་པོ་འཚོགས་ཏེ་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་པའི་བརྒྱུད་རིམ་དེ་བསམ་བློ་གཅིག་གྱུར་དང་། ཚན་ཁག་གི་མཐུན་སྒྲིལ་ཟབ་གཏོང་། ལས་སྒྲུབ་ལས་གཏོད་ཀྱི་སྙིང་སྟོབས་ཆེ་རུ་གཏོང་བ་བཅས་ཀྱི་བརྒྱུད་རིམ་ཞིག་ཏུ་འགྱུར་བ་བྱས་ཏེ་ཚན་ཁག་གི་གོང་བུ་འགྲིལ་ཤུགས་དང་འཐབ་འཛིང་ནུས་པ་ཟམ་མི་ཆད་པར་ཆེ་རུ་བཏང་ནས་ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པ་འགོ་ཡག་པོ་འཛུགས་རྒྱུར་སྐུལ་འདེད་ཡག་པོ་གཏོང་དགོས།
ཚོགས་འདུའི་ཐོག་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་ཁོངས་མི་ཁག་གཅིག་གིས་སྤེལ་རེས་གཏམ་བཤད་བྱས།
ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཀྱི་ཁོངས་མི་དང་། འབྲེལ་ཡོད་ཁུལ་གྱི་འགོ་ཁྲིད་དང་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གཙོ་བོ་ཞུགས།
责任编辑:仁欠才让 拉茸初姆
- ཀྲོའུ་ནང་ཁུལ་གྱི་མགོ་གཙོ་
ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་༢༠༢༦ལོའི་གཅིག་སྡུད་སློབ་སྦྱོང་ཐེངས་དང་པོ་བྱས་པ།
ཁུལ་ཨུའི་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་147(རྒྱ་སྐྱེད་པ། )འཚོགས་པ།
གོ་རྒྱུ་ཆེ། ནང་དོན་ཟབ། ལྟ་རིན་ཡོད།
ནགས་ཕག་མཚོ་རུ་དགུན་སྐྱེལ་འོང་བའི་ཁྲུང་ཁྲུང་སྐེ་ནག་ལྔ་བརྒྱ་དོན་གསུམ་ཟིན།
ལུའོ་ཁྲའོ་ཧྥེང་སུམ་རྩེན་གླིང་གི་ཆབ་སྲིད་རིགས་པའི་གཞུང་ལུགས་སློབ་སྦྱོང་ཚོགས་ཆུང་གི་གཅིག་བསྡུས་སློབ་སྦྱོང་ནང་ཞུགས།
ཀྲང་ཝེ་ཏུང་གིས་གྲོང་གསེབ་དར་སྤེལ་གྱི་ལས་དོན་ལ་བརྟག་ཞིབ་གནང་།
ལུའོ་ཁྲའོ་ཧྥེང་གིས་རུ་ཁག་ཁྲིད་ནས་ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་ལས་ཁུངས་སུ་ཕེབས་ནས་སྦྲེལ་མཐུད་ལས་དོན་སྙན་སེང་ཞུ།
མི་དམངས་ཉེན་རྟོགས་པ་རྣམས་ལ་དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་ཞུ།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108
