中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ཁུལ་ཡོངས་ཀྱི་སློབ་གསོ་འཕེལ་རྒྱས་ཀྱི་ཚོགས་ཆེན་འཚོགས་པ།

རྩོམ་པ་པོ་:黄晓丽 何雨桐 ཁྱབ་བསྒྲགས་དུས་ཚོད་:2026-01-15 17:07:34

   ཟླ་1ཚེས་14ཉིན་ཁུལ་ཡོངས་ཀྱི་སློབ་གསོའི་འཕེལ་རྒྱས་ཚོགས་ཆེན་འཚོགས་པ་རེད། ཚོགས་འདུའི་ཐོག་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སློབ་གསོའི་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཨུའི་ལས་དོན་དོན་འཁྱོལ་ནན་ཏན་བྱེད་པ། གྲུབ་འབྲས་དང་བཤེར་འདོན་གནད་དོན་ཕྱོགས་བསྡོམས་བྱས་ནས སློབ་གསོ་ལོ་གསུམ་ལ་སྤུས་འབྲས་ལེགས་གཏོང་བའི་རེས་འཁོར་གསར་པ་བཀོད་སྒྲིག་བྱས་ཏེ། “ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”འཆར་འགོད་བདེ་བླག་ངང་ལག་བསྟར་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་བདེ་ཆེན་གྱི་ལེའུ་གསར་པ་ཧུར་ཐག་འབྲི་རྒྱུར་སློབ་གསོས་སྣེ་ཁྲིད་རང་བཞིན་དང་རྨང་གཞིའི་རང་བཞིན། འཐབ་ཇུས་རང་བཞིན་བཅས་ཀྱི་འདེགས་སྐྱོར་མཁོ་འདོན་བྱེད་དགོས་པའི་བླང་བྱ་བཏོན
   ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གནང་བ ཁུལ་ཨུའི་ཧྲུའུ་ཅིགཞོན་པ་དང་ཁུལ་དཔོན་ཝེ་ཏུང་གིས་གཙོ་སྐྱོང་གནང་བ་དང་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལི་ཡན་ལན་དང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་མིའོ་ཡིའུ་ཧྥ་ཚོགས་འདུར་ཞུགས་པ་རེད།



   ཚོགས་འདུའི་ཐོག་རེས་འཁོར་གོང་མའི་སློབ་གསོ་སྤུས་ཚད་མཐོ་རུ་གཏོང་བའི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི་ལག་བསྟར་སྤེལ་བས་ཁུལ་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གི་ཐུན་མོང་འབད་བརྩོན་འོག་ཁུལ་ཨུས་སློབ་གསོ་ལས་དོན་ལ་འགོ་ཁྲིད་བྱེད་རྒྱུར་ཁྱོན་ཡོངས་ནས་ཤུགས་སྣོན་བརྒྱབ་པ་དང་། སློབ་གསོ་སྤུས་ཚད་དང་། དགེ་རྒན་འཛུགས་སྐྲུན། བསམ་སྲིད་སློབ་ཚནབསམ་བློ་ཆབ་སྲིད་སློབ་ཚནའཛུགས་སྐྲུན། སློབ་གྲྭའི་དོ་དམ་བཅས་ཀྱི་སྒྲིག་ལམ་རྒྱུན་མཐུད་ལེགས་སུ་ཕྱིན་པས། “ལོ་གཅིག་ནང་ལེགས་བཅོས་དང་། ལོ་གཉིས་ནང་ཕན་འབྲས་ཐོན་པ། ལོ་གསུམ་ནང་སྐས་རིམ་གཅིག་འཛེག་ཐུབ་པའི་”སྤྱིའི་དམིགས་ཚད་གཞི་རྩའི་ཐོག་མངོན་འགྱུར་བྱེད་དགོས་པ་



   ཚོགས་འདུའི་ཐོག་སླད་ཕྱིན་ལོ་གསུམ་ནང་ཏང་ཀྲུང་དབྱང་གི་སློབ་གསོ་རྒྱལ་ཁབ་སྟོབས་ལྡན་གྱི་འཐབ་ཇུས་དམིགས་ཚད་དང་ཞིང་ཨུད་ཀྱི་སློབ་གསོ་ཞིང་ཆེན་སྟོབས་ལྡན་གྱི་དམིགས་ཚད་དམ་པོར་དམ་འཛིན་བྱས་ཏེ། བདེ་ཆེན་ཁུལ་གྱི་སློབ་གསོ་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི2026ལོ་ནས་2028ལོ་བར)》དོན་འཁྱོལ་ནན་ཏན་བྱས་ཏེ། སྤུས་འབྲས་ལེགས་གཏོང་དང་རྒྱུད་རིམ་ལྡན་པའི་སྐུལ་འདེད་གཏོང་བ། ས་ཁོངས་ཡོངས་མཐོར་འདེགས་བཅས་ཀྱི་སྤྱིའི་བསམ་ཕྱོགས་གཞིར་བཟུང་2026ལོར་སྤུས་འབྲས་ལེགས་གཏོང་གཏིང་ཟབ་ཏུ་གཏོང་བ་དང་། 2027ལོར་སྤུས་ཚད་མཐོར་འདེགས་གཏོང་བ། 2028ལོར་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་བཅས་ཀྱི་དམིགས་ཚད་ལམ་སྲོལ་ཟུངས་ནུས་བྱ་ཐབས་ལ་དམིགས་ནས་ཁུལ་ཡོངས་ཀྱི་བླང་བྱ་རེ་བ་སློབ་གསོ་ལ་སྐུལ་འདེད་གཏོང་དགོས་པ་ནན་བཤད་གནང་



   ཚོགས་འདུའི་ཐོག་སྤྱོད་བཟང་མི་སྣ་གསོ་སྐྱོང་ཀྱི་རྩ་བའི་ལས་འགན་དོན་འཁྱོལ་ཡག་པོ་དང་། ཕུགས་འདུན་དད་སེམས་ཀྱི་སློབ་གསོ་ལ་ཤུགས་སྣོན། སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་ཚན་གྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ། སློབ་མ་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། ཀུན་སྤྱོད་དང་ཤེས་རིགལུས་རྩལ་མཛེས་དཔྱོད་ངལ་རྩོལ་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་བའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་མཁན་དང་རྒྱུན་འཛིན་པ་ནུས་ཤུགས་ཡོད་རྒུས་གསོ་སྐྱོང་བཅས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད། རྨང་གཞི་སློབ་གསོའི་སྤུས་ཚད་ཇེ་མཐོར་གཏོང་བ་དང་། དམིགས་བསལ་སློབ་གསོ་དང་ཆེད་དོན་སློབ་གསོ་མུ་མཐུད་དུ་གཅིག་གྱུར་གྱིས་དམ་འཛིན་བྱས་ཏེ། འབད་བརྩོན་གྱིས་སྤུས་ཚད་ཆ་སྙོམས་ཀྱི་སྤྱི་པའི་སློབ་གསོ་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ནས། མི་རིགས་ཁག་གི་མང་ཚོགས་ཀྱིས“སློབ་སྦྱོང་ཡག་པོ་བྱེད་པའི”ཐུགས་ཁུར་ལ་དོ་སྣང་ཆེན་པ་བྱེད་དགོསལས་རིགས་སློབ་གྲྭའི་སློབ་གཉེར་ཆུ་ཚདམཐོ་རུ་གཏོང་བ་དང་། ཐོན་ལས་དང་སློབ་གསོ་མཉམ་འདྲེས་ཀྱི་དངོས་དོན་བསྒྲུབ་པ། འབད་བརྩོན་གྱིས་སློབ་སྤྱོད་ཀྱི་དཀའ་ངལ་སེལ་བ།སྤྱི་ཚོགས་ཀྱིས་ལས་རིགས་སློབ་གསོ་ཁས་ལེན་བྱེད་ཚད་ཆེ་རུ་གཏོང་དགོས། ཆུ་ཚད་མཐོ་བའི་སློབ་གཙོ་དང་འཛིན་གྲྭའི་ཀྲུའུ་རེན། དགེ་རྒན་དཔུང་ཁག་གསོ་སྐྱོང་བྱེད་རྒྱུ་དེ་སློབ་གསོའི་རྨང་གཞི་ལས་གྲྭ་བྱས་ནསདགེ་རྒན་གྱི་ཀུན་སྤྱོད་དང་དགེ་རྒན་གྱི་བྱེད་སྤྱོད་བཟང་བོ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེཁོང་ཚོའི་སློབ་གསོ་མཁས་པའི་སྙིང་སྟོབས་དར་སྤེལ་གཏོང་རྒྱུར་སྐུལ་མ་གཏོང་དགོས་པ་དང་། སློབ་གྲྭདོ་དམ་ཡག་པོ་དང་། འཛིན་གྲྭར་སྣེ་ཁྲིད་ཡག་པོ་བྱེད་པ། སློབ་མ་སློབ་ཁྲིད་ཡག་པོ་བཅས་བྱེད་ནས། རྒྱུན་མཐུད་གྱིས་བདེ་འཇགས་སློབ་གྲྭ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བདེ་འཇགས་སློབ་གསོ་དང་འཕྲལ་སྡོམ་ཁ་དཀྲམ་སྦྱོང་བརྡར་བྱེད་ཤུགས་ཆེ་རུ་གཏོང་བ། ནར་མ་སོན་པའི་མིར་སྲུང་སྐྱོབ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་སློབ་གྲྭའི་བདེ་འཇགས་ཀྱི་འོག་ཐིགབརྟན་སྲུང་བྱེད་དགོས་པ་ནན་གྱིས་བསྟན


   ཚོགས་འདུའི་ཐོག་ཏང་གི་སློབ་གསོའི་ལས་དོན་ལ་ཁྱོན་ཡོངས་ནས་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། “རིམ་པ་ཁག་གི་ཧྲུའུ་ཅིས་སློབ་གསོ་དམ་འཛིན་བྱེད་པ་དང་། ཏང་སྲིད་ཀྱིས་འགན་འཁྲི་གཅིག་མཐུན་གྱིས་སློབ་གསོ་སྒྲུབ་རྒྱུ་”མཐའ་འཁྱོངས་དང་། “སྒྲིག་ཁོངས་ཕུད་པའི་སློབ་གཞིའི”ལས་ཀའི་ནང་རྐྱེན་མུ་མཐུད་འཐུས་ཚང་དུ་གཏོང་བ། ཏང་འཛུགས་སྐྱོང་གི་སྣེ་ཁྲིད་མཐའ་འཁྱོངས་བྱེད་པ་དང་། རྩ་འཛུགས་འགན་སྲུང་དང་། བྱེད་ཐབས་འགན་ལེན། དཔྱད་ཞིབ་དང་ཕན་འབྲས་འདྲི་རྩད་བཅས་ལ་ཤུགས་སྣོན་བརྒྱབ་སྟེསློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་དེ་ལས་ཀའི་ཕྱོགས་ཁག་དང་བརྒྱུད་རིམ་ཧྲིལ་པོར་དོན་འཁྱོལ་བྱས་ཏེལས་དོན་ཁག་མཐར་ཐུག་ཏུ་དམ་འཛིན་བྱས་ནས་ཕན་འབྲས་ཡོང་བ་བྱེད་དགོས་ཞེས་ནན་བཤད་བྱས་པ་རེད།
   ཚོགས་འདུའི་ཐོག་སློབ་གྲྭདྲུག་གིས་ཉམས་མྱོང་སྤེལ་རེས་བྱས་པ་དང་རྫོང་གསུམགྲོང་ཁྱེར་ཁུལ་ཨུའི་འགན་འཁྲི་མི་སྣ་གཙོ་བོ་བྱ་ནས་སློབ་གསོ་དམ་འཛིན་གྱི་ལས་དོན་གནས་ཚུལ་གྱི་འཁྲི་འགན་སྒྲུབ་ཚུལ་ཞུ་བ་བྱས་པ་རེད།
   ཁུལ་གྱི་འབྲེལ་ཡོད་འགོ་ཁྲིད་དང་ཁུལ་གྱི་རིམ་ཀྱི་འབྲེལ་ཡོད་སྡེ་ཚོགས། སློབ་གྲྭའི་འགན་འཁུར་བློ་མཐུན་གཙོ་བོ་ཞུགས་ཡོད། ཚོགས་འདུ་དེ་བརྙན་ལམ་ཐོག་ནས་རྫོང་ཁགགྲོང་ཁྱེར་ཁག་ལ་འཚོགས་ཡོད།



责任编辑:仁欠才让 拉茸初姆

  • ཀྲོའུ་ནང་ཁུལ་གྱི་མགོ་གཙོ་

རྒན་རྒོན་ཚོའི་ཆེད་སྡེ་ཚན་བརྒྱད་ཀྱིས་ཡིག་ཆ་འདི་བཀྲམ་འདུག

ཁུལ་ཡོངས་ཀྱི་སློབ་གསོ་འཕེལ་རྒྱས་ཀྱི་ཚོགས་ཆེན་འཚོགས་པ།

ཁུལ་ཡོངས་ཀྱི་སློབ་གསོ་འཕེལ་རྒྱས་ཀྱི་ཚོགས་ཆེན་འཚོགས་པ།

ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་༢༠༢༦ལོའི་གཅིག་སྡུད་སློབ་སྦྱོང་ཐེངས་དང་པོ་བྱས་པ།

ཁུལ་ཨུའི་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་147(རྒྱ་སྐྱེད་པ། )འཚོགས་པ།

གོ་རྒྱུ་ཆེ། ནང་དོན་ཟབ། ལྟ་རིན་ཡོད།

ནགས་ཕག་མཚོ་རུ་དགུན་སྐྱེལ་འོང་བའི་ཁྲུང་ཁྲུང་སྐེ་ནག་ལྔ་བརྒྱ་དོན་གསུམ་ཟིན། 

ལུའོ་ཁྲའོ་ཧྥེང་སུམ་རྩེན་གླིང་གི་ཆབ་སྲིད་རིགས་པའི་གཞུང་ལུགས་སློབ་སྦྱོང་ཚོགས་ཆུང་གི་གཅིག་བསྡུས་སློབ་སྦྱོང་ནང་ཞུགས།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com