中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

རྒན་རྒོན་ཚོའི་ཆེད་སྡེ་ཚན་བརྒྱད་ཀྱིས་ཡིག་ཆ་འདི་བཀྲམ་འདུག

ཁྱབ་བསྒྲགས་དུས་ཚོད་:2026-01-15 17:10:45 འབྱུང་ཁུངས་:中央广播电视总台藏语

ཉེ་ཆར། དམངས་སྲིད་པུའུ་དང་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་སོགས་སྡེ་ཚན་བརྒྱད་ཀྱིས་མཉམ་འབྲེལ་ཐོག《རྒན་གསོའི་ཞབས་ཞུའི་གཉེར་སྐྱོང་བྱེད་པོ་སྐྱེད་སྲིང་དང་རྒན་རྒོན་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་བྱ་ཐབས་འགའ་ཞིག》ཅེས་པ་པར་འགྲེམས་བྱས་ཤིང་། དེའི་དམིགས་ཡུལ་ནི་དངོས་སྒྲུབ་ཀྱི་བྱ་ཐབས་རབ་དང་རིམ་པ་བརྒྱུད་དེ། རྒན་གསོའི་ཞབས་ཞུའི་ཁྲོམ་རའི་གསོན་ཤུགས་འཕེལ་བ་དང་། རྒན་རྒོན་གྱི་དགོས་མཁོ་སྣ་མང་སྐོང་བ། རྒན་རྒོན་གྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་ཡིན་པ་རེད།

图片

གཅིག མཁོ་སྤྲོད་དང་དགོས་མཁོ་སྦྲེལ་མཐུད་དམ་ཟབ་དང་། སྤུས་རྟགས་ཀྱིས་སྣེ་ཁྲིད་པ།

《བྱ་ཐབས་》ནང་སྤུས་རྟགས་ཀྱི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱས་ཏེ། རྒན་གསོའི་ཞབས་ཞུའི་གཉེར་སྐྱོང་གི་གཙོ་གཟུགས་སྦྲེལ་མཐུད་ཅན་དང་གཞི་ཁྱོན་ཅན་དུ་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་གྱིས་ཞབས་ཞུའི་སྤུས་རྟགས་གྲགས་ཅན་གཏོད་དགོས་པའི་ནན་བཤད་བྱས་ཡོད། ཐོན་རྫས་མཁོ་སྤྲོད་ཐད། “སྐར་མ་བཅོ་ལྔའི”དམངས་ཕན་འཚོ་བའི་ཁོར་ཡུག་འཛུགས་སྐྲུན་རྒྱ་སྐྱེད་དང་རིམ་སྤོར་ལ་སྐུལ་འདེད་གཏོང་བ་དང་། སྡེ་ཁུལ་ལ་གཞི་ཚུགས་པའི་ཞབས་ཞུ་དང་། ཁྱིམ་དུ་བསྐྱོད་དེ་གཙང་འཁྲུའི་ཞབས་ཞུ་སྒྲུབ་པ་དང་སྨན་བཅོས་ལ་རོགས་འདེགས་བྱེད་པ་སོགས་གཙོ་གནད་ཐོག་འཕེལ་རྒྱས་གཏོང་དགོས། དེ་དང་ཆབས་ཅིག ཁེ་ལས་ཀྱིས་རྒན་རྒོན་ལ་འཚམ་པའི་མཛེས་འཆོས་བྱུག་རྫས་དང་། བྱེད་ལས་ཅན་གྱི་གྱོན་ཆས། དེ་བཞིན་མངར་ཆ་ཉུང་ཞིང་མུར་སླ་བའི་ཟས་རིགས་བཅས་ཞིབ་འཇུག་གསར་སྤེལ་བྱ་རྒྱུར་སྐུལ་མ་གཏོང་བ་དང་། རིག་ནུས་ལུས་གསོའི་གཞོགས་འདེགས་ཡོ་བྱད་སོགས་རྒན་གསོའི་འཛད་སྤྱོད་ཀྱི་“དར་སྲོལ་ཆེ་བའི་ཅ་དངོས”ཁག་གཅིག་ཁྱབ་གདལ་གཏོང་རྒྱུ་རེད།

图片

གཉིས། ཚན་རྩལ་གྱིས་ནུས་པ་སྤྲོད་པ་དང་། རིག་ནུས་ཅན་དུ་བསྒྱུར་བ།

ཡིག་ཆའི་ནང་རྒན་གསོའི་ཞབས་ཞུ་གྲངས་འཛིན་རིག་ནུས་ཅན་དུ་འགྱུར་ཚད་མགྱོགས་སུ་གཏོང་བ་དང་། གྲངས་གཞི་ཆེ་མོ་དང་མི་བཟོས་རིག་ནུས་སོགས་ཀྱི་ལག་རྩལ་ལ་བརྟེན་ནས་བདེ་ཐང་ལྟ་ཞིབ་ཚད་ལེན་དང་བདེ་འཇགས་སྔོན་བརྡའི་ནུས་པ་ཆེ་རུ་གཏོང་དགོས་ཞེས་བཏོན་ཡོད། རྒན་གསོའི་ཞབས་ཞུའི་འཕྲུལ་མིའི་ཐོན་ལས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ། འཕྲུལ་མིའི་ལག་རྩལ་དེ་ནད་སྐྱོང་དང་འགྲོགས་རོགས་སོགས་ཀྱི་རྣམ་པའི་ཐོག་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། ཀླད་པ་དང་འཕྲུལ་ཆས་སྦྲེལ་མཐུད་ཀྱི་ལག་རྩལ་དང་ལུས་ཀྱི་འགུལ་སྐྱོད་ལ་རོགས་འདེགས་ཐུབ་པའི་འཕྲུལ་ཆས་སོགས་མདུན་གྲལ་གྱི་ལག་རྩལ་འགག་སྒྲོལ་བྱ་རྒྱུར་སྐུལ་མ་གཏོང་བ་དང་འབྲེལ། རྒན་གསོའི་སྒྲིག་གཞིར་རིག་ནུས་ཉམས་ལེན་ཁུལ་འཛུགས་པ་སོགས་ཀྱི་བྱ་ཐབས་བརྒྱུད་རྒན་རྒོན་ཚོར་ཚན་རྩལ་ལས་བྱུང་བའི་སྟབས་བདེ་ལོངས་སྤྱོད་ཐུབ་པ་བྱེད་དགོས་ཞེས་འཁོད་ཡོད།

图片

གསུམ། ཁོར་ཡུག་ལེགས་སྒྱུར་དང་། འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ།

འཕེལ་རྒྱས་ཀྱི་སྣོད་བཅུད་བཟང་པོ་གཏོད་ཆེད།《བྱ་ཐབས་》ནང་ས་གནས་ཁག་གིས་སྲིད་གཞུང་གི་ཉོ་སྒྲུབ་ཁྲོད་ཀྱི་མངོན་མེད་བཀག་རྒྱ་མེད་པ་བཟོས་ཏེ། ཐོན་རྫས་ཀྱི་དཔང་འཛིན་ར་སྤྲོད་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་ཁྲོམ་རའི་དྲང་གཞག་འགྲན་རྩོད་ལ་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་ཡོད། དེ་དང་ཆབས་ཅིག “རྒན་རྒོན་ལ་མགོ་སྐོར་གཏོང་བའི”ཁ་བསླུས་རྒྱག་པའི་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་ནས་རྒན་རྒོན་གྱི་ཁེ་དབང་སྲུང་སྐྱོང་བྱེད་པ་དང་། སྲིད་འཛིན་ཞིབ་བཤེར་ཚད་ལྡན་དུ་བཏང་སྟེ་གཉེར་སྐྱོང་བྱེད་པོའི་ཁུར་པོ་ཡང་དུ་ཏན་ཏིག་གཏོང་དགོས། རྒྱུ་རྐྱེན་གཙོ་བོའི་རྒྱབ་སྐྱོར་ཐད། ཡིག་ཆའི་ནང་ལག་ཁྱེར་གཉེར་བའི་“དྲ་གཅིག་ཀུན་སྒྲུབ”ལ་སྐུལ་འདེད་གཏོང་དགོས་པ་མ་ཟད། ས་ཆ་མཁོ་སྤྲོད་དང་གཉེར་སྐྱོང་ཁ་གསབ་སོགས་ཀྱི་ཐད་ནས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་རྒན་གསོའི་ཞབས་ཞུའི་སྒྲིག་གཞི་བརྟན་པོའི་ངང་གཉེར་སྐྱོང་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་ཁ་གསལ་བཏོན་ཡོད།

图片

སྲིད་ཇུས་རབ་དང་རིམ་པ་བཏོན་པ་དེས། རང་རྒྱལ་གྱིས་ཆུ་ཚད་མཐོ་བའི་རྒན་གསོའི་ཞབས་ཞུའི་མ་ལག་མགྱོགས་མྱུར་བསྐྲུན་ཏེ། མི་འབོར་རྒན་རྒོན་ཅན་དུ་འགྱུར་བའི་འགྲན་སློང་ལ་ཁ་གཏད་ཧུར་ཐག་གཅོག་བཞིན་ཡོད་པ་མཚོན་ཡོད།

责任编辑:仁欠才让  拉茸初姆

  • ཀྲོའུ་ནང་ཁུལ་གྱི་མགོ་གཙོ་

རྒན་རྒོན་ཚོའི་ཆེད་སྡེ་ཚན་བརྒྱད་ཀྱིས་ཡིག་ཆ་འདི་བཀྲམ་འདུག

ཁུལ་ཡོངས་ཀྱི་སློབ་གསོ་འཕེལ་རྒྱས་ཀྱི་ཚོགས་ཆེན་འཚོགས་པ།

ཁུལ་ཡོངས་ཀྱི་སློབ་གསོ་འཕེལ་རྒྱས་ཀྱི་ཚོགས་ཆེན་འཚོགས་པ།

ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་༢༠༢༦ལོའི་གཅིག་སྡུད་སློབ་སྦྱོང་ཐེངས་དང་པོ་བྱས་པ།

ཁུལ་ཨུའི་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་147(རྒྱ་སྐྱེད་པ། )འཚོགས་པ།

གོ་རྒྱུ་ཆེ། ནང་དོན་ཟབ། ལྟ་རིན་ཡོད།

ནགས་ཕག་མཚོ་རུ་དགུན་སྐྱེལ་འོང་བའི་ཁྲུང་ཁྲུང་སྐེ་ནག་ལྔ་བརྒྱ་དོན་གསུམ་ཟིན། 

ལུའོ་ཁྲའོ་ཧྥེང་སུམ་རྩེན་གླིང་གི་ཆབ་སྲིད་རིགས་པའི་གཞུང་ལུགས་སློབ་སྦྱོང་ཚོགས་ཆུང་གི་གཅིག་བསྡུས་སློབ་སྦྱོང་ནང་ཞུགས།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com