中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ལི་ཡན་ལན་གྱིས་འོག་རིམ་གྱི“འགོ་གཙོ་དང་པོ”ལྟ་སྐུལ་གླེང་མོལ་བྱས།

རྩོམ་པ་པོ་:和泰君 ཁྱབ་བསྒྲགས་དུས་ཚོད་:2026-09-03 15:34:17 འབྱུང་ཁུངས་:སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

ཟླ་9ཚེས་2ཉིནཏང་ཨུ་ཏང་ཙུའུ)ཡིས་འོག་རིམ་ཏང་རྩ་འཛུགས་ཀྱི“འགོ་གཙོ་དང་པོ”ལྟ་སྐུལ་གླེང་མོལ་སྤེལ་བའི་ལས་དོན་བྱ་ཐབསདང་དེ་བཞིན་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ནས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་མི་དམངས་སྲིད་གཞུང་གི་ལས་ཚབ་ཁུལ་དཔོན་ལི་ཡན་ལན་གྱིས་ཁུལ་སྲིད་གཞུང་གི་ཏང་ཙུའུ་ཚབ་བྱས་ནས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྲིད་གཞུང་དང་སེམས་ཀྱི་ཉི་ཟླ་ཐོན་ལས་གླིང་ཁུལ་དོ་དམ་ཨུ་ལྷན། ཁུལ་རིམ་པའི་སྡེ་ཚན་ཁག་གི“འགོ་གཙོ་དང་པོལྟ་སྐུལ་གླེང་མོལ་བྱས་པ་རེད།

图片
图片
གླེང་མོལ་དེ་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་ཨང་དང་པོ་འགན་འཁྲི་འཁུར་མཁན་གྱི་འགན་འཁྲི་ལག་བསྟར་དང་རང་གཅུན་ནན་པོ་བྱེད་ཚུལ་ལ་དམིགས་ནས་སྤེལ་བ་རེད། ལི་ཡན་ལན་གྱིས་འབྲེལ་ཡོད་གནས་ཚུལ་རེ་རེ་བཞིན་བརྡ་ཁྱབ་བཏང་བ་དང་དག་ཐེར་ལེགས་བཅོས་ཀྱི་བླང་བྱ་བཏོན་། གླེང་མོལ་བྱེད་མཁན་རྣམས་རང་བཤེར་བྱས་ཚུལ་སྙན་སེང་ཞུས། འབྲེལ་ཡོད་གནད་དོན་སྐོར་གསལ་བཤད་དང་བསམ་ཚུལ་བརྗོད་པ་རེད།

ལི་ཡན་ལན་གྱིས་ནན་བཤད་གནང་དོན། ཆབ་སྲིད་ཀྱི་གནས་བབ་མཐོ་རུ་བཏང་ནས ཏང་དོ་དམ་དང་ཏང་སྐྱོང་གི་ཨང་དང་པོ་འགན་འཁྲི་འཁུར་མཁན་གྱི་འགན་འཁྲི་བློ་ཐག་རྦད་བཅད་ངང་འཁུར་དགོས ཏང་འཛུགས་སྐྱོང་དང་ལས་སྒོ་གཉིས་མཉམ་དུ་ཇུས་འགོད་དང་བཀོད་སྒྲིག སྐུལ་འདེད། དཔྱད་ཞིབ་བཅས་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། འགན་འཁྲི་བརྒྱུད་འདྲེན་དོ་སྙོམས་མེད་པའི་གནད་དོན་སེལ་དགོས། ཆབ་སྲིད་ཀྱི་གྲུབ་ཆ་གལ་ཆེན་དང་པོའིལམ་ལུགས་དོན་འཁྱོལ་ནན་པོ་བྱེད་ནས། དོན་དག་གལ་ཆེན་གྱི་བཀའ་སློབ་སྙན་ཞུ་དང་འགོ་གཙོ་དང་པོའི་མཐའ་མའི་རྣམ་འགྱུར་བསྟན་པའི་ལམ་ལུགསལག་བསྟར་བྱེད་པ། ཏང་ཙུའུ་ཡི་ཁ་ཕྱོགས་འཛིན་པ་དང་ཁྱོན་ཡོངས་དོ་དམ། དོན་འཁྱོལ་འགན་ལེན་བཅས་ཀྱི་ནུས་པ་འདོན་སྤེལ་བྱེད་པ། ཚན་ཁག་ཁོངས་མིས་ལས་གནས་གཅིག་ལ་འགན་འཁྲི་གཉིས་དོན་འཁྱོལ་བྱེད་པར་སྐུལ་ཁྲིད་བྱེད་ནས། ཆབ་སྲིད་ཀྱི་སྐྱེ་ཁམས་ལ་རྒྱུན་རྣམ་ཅན་དུ་དབྱེ་ཞིབ་བྱེད་པ་དང་དངོས་སྒྲུབ་ཀྱི་གྲུབ་འབྲས་དངོས་ལ་བརྟེན་ནས་གཏན་འཁེལ་གཉིས་ལ་བརྩི་བཀུར་དང་སྲུང་སྐྱོང་གཉིས་བྱེད་ཐུབ་པ་བྱེད་དགོས། ཁྱབ་ཁོངས་ཀྱི་ཉེན་ཁ་སྔོན་འགོག་སེལ་དགོས་ལ་གནད་དོན་དག་ཐེར་ལེགས་བཅོས་བྱེད་དགོས། དབང་ཆ་གཅིག་སྡུད་དང་མ་དངུལ་མང་འདུས། ཐོན་ཁུངས་ཕུན་སུམ་ཚོགས་པའི་ཁྱབ་ཁོངས་དང་དེ་བཞིན་རྣམ་གྲངས་འགུགས་པ། སྲིད་ཇུས་ལག་བསྟར་བྱེད་པ་སོགས་ཀྱི་ལེ་ཚན་ལ་དོ་སྣང་ཆེན་པོ་བྱས་ནས། ལམ་ལུགས་ཀྱི་སྐྱོན་ཆ་གསབ་དགོས། སྲིད་གཞུང་དང་ཁེ་ལས་བར་གྱི་འགྲོ་འོང་ཚད་ལྡན་དུ་བཏང་ནས། མཛའ་མཐུན་དྭངས་གཙང་གི་འཛིང་རགས་འགོག་སྲུང་བརྟན་པོ་བཟོ་དགོས། རིག་གནས་ཡུལ་སྐོར་དང་དྲ་རྒྱ་སོགས་ཀྱི་གཡུལ་ས་དོ་དམ་དང་གསར་དར་ལས་རིགས་རྣམ་པའི་ལྟ་སྐུལ་དོ་དམ་དམ་འཛིན་ཏན་ཏིག་བྱས་ནས། གླེང་ཕྱོགས་ཁ་གཏད་འཇལ་ནུས་ཆེ་རུ་གཏོང་དགོས། སྐོར་ཞིབ་དང་རྩིས་བཤེར་ལྡོག་འདྲེན་གནད་དོན་དག་ཐེར་ལེགས་བཅོས་བྱེད་ནས། རྩིས་ཐོ་བཟོས་པ་དང་འཐབ་འཛིང་བྱེད་པ། ཁྱབ་ཁོངས་ལས་བརྒལ་བའི་དཀའ་གནད་དངོས་སུ་མཐུན་སྦྱོར་བྱེད་པ། རྩོམ་ཡིག་རྗེས་མར་དག་ཐེར་ལེགས་བཅོས་བྱེད་དགོས།

图片
图片

ལི་ཡན་ལན་གྱིས་ནན་བཤད་གནང་དོན། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་ནས་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། བདེ་ཆེན་གྱི་ཐོན་ཁུངས་དང་སྐྱེ་ཁམས་ཐེག་ནུས་ལ་གཞི་ཚུགས་ཏེ། གན་རྒྱ་འཇོག་པར་མཐོང་ཆེན་དང་དོན་ཐོག་ཏུ་འཁྱོལ་བར་སྣང་ཆུང་། ཟིལ་ཤུགས་ལ་མཐོང་ཆེན་དང་ཕན་ཕན་འབྲས་ལ་སྣང་ཆུང་བྱེད་པའི་ཕྱོགས་ལྷུང་དོར་དགོས། འཐབ་ཕྱོགས་དང་པོར་ཞིབ་བཤེར་ཆོག་མཆན་དང་རྒྱུ་རྐྱེན་གཙོ་བོའི་འགག་གནད་སེལ་ནས་འགྱུར་ལྡོག་གཏོང་ཚད་མཐོ་རུ་གཏོང་དགོས། གླིང་ཁུལ་གྱིས་གཞི་གྲངས་གསལ་པོ་ཤེས་པ་དང་རྣམ་གྲངས་ཀྱི་ཞུགས་འཐུས་དང་ཐོན་འབབ་ཕན་འབྲས་ཀྱི་འགག་སྒོ་བརྟན་སྲུང་བྱས་ནས“གཞན་དབང་གི་བཅར་འདྲི”དེ“རང་འགུལ་གྱི་གནད་དོན་འགྲེལ་བར་”བསྒྱུར་ནས་འཚོ་བ་དམ་པོ་སྐྱེལ་དགོས་པའི་བླང་བྱ་དོན་འཁྱོལ་བྱེད་དགོས། “ཨར་ལས་རུ་དཔོན”སྣེ་ཁྲིད་པ་ཡག་པོ་བྱས་ནསདམིགས་ཚད་གཏན་འཁེལ་དང་ཕྱི་ཚུལ་རིང་ལུགས་བཀག་འགོག་གང་ཐུབ་བྱས་པ་དང་དག་ཐེར་ལེགས་བཅོས་ཀྱི་ཕན་འབྲས་ལ་བརྟེན་ནསའཕེལ་རྒྱས་སྐུལ་འདེད་གཏོང་དགོས། སྒྲིག་ལམ་གྱི་མཐའ་ཚད་ནན་པོ་སྲུང་ནསཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དོན་འཁྱོལ་བྱས་ཏེ། ཐོག་མཐའ་བར་གསུམ་དུ་གཞུང་དྲང་སྤྱོད་གཙང་རྒྱུན་འཁྱོངས་བྱེད་དགོས། ཚོང་དོན་སྣེ་ལེན་དང་དུས་ཆེན་འགྲན་བསྡུར་གྱི་ཚད་གཞི་ཚད་ལྡན་དུ་གཏོང་བ་དང་“སྐོར་རྔོན་”སྔོན་འགོག་བྱེད་པ། སྤྱི་ཚོགས་འབྲེལ་འདྲིས་ཀྱི་ཁྱབ་ཁོངས་དང་འཚོ་བའི་ཁྱབ་ཁོངས། གྲོགས་པོའི་ཁྱབ་ཁོངས་བཅས་གཙང་སེལ་བྱེད་དགོས། རང་འགུལ་ངང་ལྟ་སྐུལ་དང་ལེན་བྱས་ཏེཏང་ཡོན་གྱིས་ཆོས་ལུགས་ལ་དད་པ་མི་བྱེད་པ་དང་གཞུང་ཞབས་པས“གྱང་སློག”མི་བྱེད་པ་སོགས་ཀྱི་མཐའ་ཚད་མཐའ་འཁྱོངས་བྱས་ཏེ་སྤྱོད་གཙང་གཞུང་དྲང་གི་ལས་སྒྲུབ་རྣམ་པ་ཞིག་གཏོད་དགོས།

ཁུལ་སྒྲིག་ཨུལྟ་སྐུལ་ཨུ་ལྷན་དང་ཁུལ་ཨུ་རྩ་འཛུགས་པུའི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་གཞོགས་འདེགས་གླེང་མོལ་བྱས་པ་རེད།


记者:和泰君

编译:扎史次里

二审:南珠泽仁

终审:万玛措


འགན་འཁུར་རྩོམ་སྒྲིག་པ།:扎史次里

  • བདེ་ཆེན་གསར་འགྱུར།

ལི་ཡན་ལན་གྱིས་འོག་རིམ་གྱི“འགོ་གཙོ་དང་པོ”ལྟ་སྐུལ་གླེང་མོལ་བྱས།

ཞི་ཅིན་ཕིང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ཉེར་དྲུག་པར་ཞུགས་ནས་གསུང་བཤད་གལ་ཆེན་གནང་བ།

ལི་ཡན་ལན་གྱིས་ཁུལ་ཡོངས་ཀྱི་འབྲུབ་འགོག་ལས་དོན་ལ་བརྟག་ཞིབ་བྱས་པ་མ་ཟད་ལས་དོན་བཀོད་གཏོང་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས།

ལུའོ་ཁྲའོ་ཧྥེང་གིས་རུ་ཁག་ཁྲིད་ནས་ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་ཏུ་འབྲེལ་ཡོད་ལས་དོན་སྙན་སེང་ཞུས།

ཁུལ་ཡོངས་ཀྱི་འབྲུབ་འགོག་དང་བདེ་འཇགས་ཐོན་སྐྱེད། མེ་ཟོན་བདེ་འཇགས། ཡོམ་འགོག་གེགས་སེལ་ལས་དོན་བཅས་ཀྱི་བརྙན་ལམ་ཚོགས་འདུ་འཚོགས་པ།

འབའ་ལུང་རྫོང་གིས་"8・28"མཐའ་ཆུ་གྲོང་རྡལ་གྱི་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཐག་གཅོད་ནུས་ལྡན་བྱས་པ།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉེར་བཞི་པ་པེ་ཅིང་དུ་གྲོལ་བ།

“གསང་ཡུལ་བདེ་ཆེན། ཚོན་མདངས་སྣ་བརྒྱ་བཀྲ་བ།” 2026ལོའི་རྒྱལ་ཁབ་རིམ་པའི་རིག་གནས་སྐྱེ་ཁམས་སྲུང་སྐྱོང་(ཚོད་ལྟ)ཁུལ་འཛུགས་སྐྲུན་གྱི་སྤེལ་རེས་འགྲེམས་སྟོན་བྱེད་སྒོའི་ཐུན་མོང་ངོས་འཛིན་མཉམ་སྐྲུན་གྱི་གན་འཇོག་མཛད་སྒོ་དང་རིག་གནས་དང་རང་བྱུང་གླེང་མོལ་གྱི་ཆེད་དོན་རིག་གཞུང་མཉམ་སྤྱོད་ཚོགས་འདུ་འཚོགས་པ།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com