中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ལི་ཡན་ལན་གྱིས་ཁུལ་ཡོངས་ཀྱི་འབྲུབ་འགོག་ལས་དོན་ལ་བརྟག་ཞིབ་བྱས་པ་མ་ཟད་ལས་དོན་བཀོད་གཏོང་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས།

རྩོམ་པ་པོ་:杨涛 ཁྱབ་བསྒྲགས་དུས་ཚོད་:2026-09-02 16:09:01 འབྱུང་ཁུངས་:སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

ཟླ་9ཚེས་1ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པལས་ཚབ་ཁུལ་དཔོན་ལི་ཡན་ལན་གྱིས་རུ་ཁག་ཁྲིད་ནས་ཁུལ་ཡོངས་ཀྱི་འབྲུབ་འགོག་ལས་དོན་ལ་བརྟག་ཞིབ་བྱས་པ་མ་ཟད་ཁུལ་ཡོངས་ཀྱི་འབྲུབ་འགོག་ལས་དོན་བཀོད་གཏོང་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས། ཁོ་མོ་ཡིས་འབྲུབ་འགོག་གེགས་སེལ་དེ་མིག་སྔར་གནོན་པའི་མཐའ་ཚད་ལས་འགན་དུ་བརྩིས་ནས“དུས་དང་རྣམ་པ་ཀུན་ཏུ་སེམས་ཁྲལ་བྱེད་པའི་”འགན་འཁྲི་འཁུར་སེམས་དང“བྱ་བ་ཚང་མ་དོན་ཐོག་ཏུ་འཁྱོལ་བའི”ལག་བསྟར་ནུས་པར་བརྟེན་ནསབདེ་འཇགས་ཀྱི་མཐའ་ཚད་ལས་འགན་མཐའ་གཅིག་ཏུ་སྲུང་དགོས་ཞེས་ནན་གསུང་གནང་།

图片
ཁུལ་གནམ་གཤིས་ཅུས་སུ་ལི་ཡན་ལན་གྱིས་ཆུ་འབྲུབ་རིང་གནམ་གཤིས་ཁ་ཕྱོགས་ཞིབ་འཇུག་བརྡར་ཤ་གཅོད་པ་དང་མཁོ་བསྟུན་ལྟ་ཞིབ་ཚད་ལེན་ནུས་པ་འཛུགས་སྐྱོང་ དེ་བཞིན་སྔོན་བརྡ་དང་ཉེན་བརྡ་བཅས་ཀྱི་ལས་དོན་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་བྱས། དེ་རྗེས་ལི་ཡན་ལན་གྱིས་ཁུལ་བབ་བསྟུན་བཀོད་འདོམས་པུའུ་རུ་ཁུལ་ཡོངས་ཀྱི་འབྲུབ་འགོག་ལས་དོན་བཀོད་གཏོང་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས། ཁུལ་གནམ་གཤིས་ཅུས་ཀྱིས་ཉེ་དུས་ཆར་ཆུའི་གནས་ཚུལ་བརྡ་ཁྱབ་དང་བདེ་ཆེན་ཆུ་དཔྱད་སྐོར་ཞིབ་རུ་ཆེན་གྱིས་ཉེ་དུས་ཆུའི་གནས་ཚུལ དེ་བཞིན་རྫོང་(གྲོང་རྡལ་)གསུམ་གྱི་ཉེ་དུས་འབྲུབ་འགོག་ལས་དོན་གནས་ཚུདབྱེ་ཞིབ་བྱས་པར་གསན
图片
ཚོགས་འདུའི་ཐོག་ནན་བཤད་གནང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲུབ་འགོག་གེགས་སེལ་ལས་དོན་སྐོར་གྱི་མཛུབ་སྟོན་བཀའ་མཆན་གལ་ཆེའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནསདུས་དང་རྣམ་པ་ཀུན་ཏུ་འབྲུབ་འགོག་བདེ་འཇགས་གཙོ་བོ་བཟུང་པ་དང་འགོག་སྲུང་བྱེད་ཐབས་ཁག་དོན་འཁྱོལ་བྱས་ཏེམི་རིགས་སོ་སོའི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་དགོས མཐར་ཟད་ཀྱི་བསམ་གཞིག་དང་མཐའ་ཚད་ཀྱི་བསམ་གཞིག་བརྟན་སྲུང་བྱས་ནས“གཙོ་གནད་དོན་ཚན་10ཚང་མ་རེ་རེ་བཞིན་གསེད་བཀྲོལ་ཐེངས་གཅིག་བྱས་པའི་ལས་དོན་དམ་འཛིན་བྱས་ཏེསྔོན་འགོག་བྱེད་ཐབས་ཁག་དམ་འཛིན་ཞིབ་ཕྲ་བྱེད་དགོས། ཁུལ་རིམ་པའི་གཅིག་གྱུར་འཆར་འགོད་དང་རྫོང་དང་གྲོང་ཁྱེར་གྱི་གཙོ་གཞི། ཤང་རིམ་པའི་དོན་འཁྱོལ་དང་གྲོང་ཚོ་རིམ་པའི་དུད་ཚང་དུ་འབྱོར་བབཅས་རིམ་པ་བཞིའི་འགན་འཁྲིའི་མ་ལག་དོན་འཁྱོལ་ནན་པོ་བྱེད་ནས། ཆུ་ཚོད་24ལས་རེས་དང་འགོ་ཁྲིད་ཀྱིས་ལས་རེས་སྣེ་ཁྲིད་བྱེད་པའི་ལམ་ལུགས་ལག་བསྟར་ནན་པོ་བྱེད་དེ། འཐེན་བཤེར་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་དང་གནོད་འཚེ་དང་ཉེན་ཁའི་གནས་ཚུལ་སྙན་སེང་ཞུ་བའི་སྒྲིག་ཁྲིམས་གཟབ་ནན་བྱེད་པ། གློ་བུར་དུ་བྱུང་བའི་ཉེན་ཁའི་གནས་ཚུལ་དུས་ཚོད་དང་པོར་དང་ལེན་བྱེད་པ་དང་དུས་ཚོད་དང་པོར་ཐག་གཅོད་བྱེད་པར་འགན་ལེན་བྱེད་དགོས།
ཚོགས་འདུའི་ཐོག་ནན་བཤད་གནང་དོན། གནམ་གཤིས་དང་ཆུ་དོན། ཆུ་དཔྱད་བཅས་སྡེ་ཚན་གྱིས་ལྟ་ཞིབ་ཚད་ལེན་ས་ཚིགས་ལྟ་ཞིབ་ཐེངས་གྲངས་ཇེ་མང་བཏང་ནས། སྡེ་ཁག་མང་པོའི་མཉམ་འབྲེལ་ཚོགས་འདུའི་ཐོག་གྲོས་མོལ་དང་ཞིབ་འཇུག་བྱས་ནས་བརྡར་ཤ་གཅོད་པ། དུས་ཐུང་སྔོན་བརྡའི་གནད་འཁེལ་ཚད་མཐོ་རུ་གཏོང་བ་དང་ས་གནས་ཁག་ཏུ་དུས་ཐུང་གི་དྲག་ཆར་བབས་ཚད་གནད་འཁེལ་བྱས། 1262ཞིབ་ཚགས་ཅན་གྱི་སྔོན་བརྡདང་ལེན་མཉམ་འགུལ་ལམ་ལུགས་དོན་འཁྱོལ་ཡག་པོ་བྱེད་པ་དང་སྔོན་བརྡ་གཏོང་བའི་ཐབས་ལམ་ཆ་ཚང་འཐུས་ཚང་དུ་གཏོང་བ། མངོན་མེད་རྐྱེན་ངན་ནི་ལས་འཛོལ་ཡིན་པའིའདུ་ཤེས་བརྟན་པོ་འཛུགས་པ་བཅས་བྱས་ཏེཉེན་ཁའི་གཙོ་གནད་ས་ཁོངས་ལ་དམ་པོར་དམིགས་པདྲ་འདྲེན་རྣམ་པ་དང་རེས་འཁོར་རྣམ་པ། བསྐྱར་དཔྱད་རྣམ་པ་བཅས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་དགོས། མངོན་མེད་རྐྱེན་ངན་གྱི་རྩིས་ཐོའི་གསལ་ཐོ་བཟོས་ནས་རྩིས་ཐོའི་དོ་དམ་དང་ཨང་གྲངས་མེད་པ་བཟོས་ཏེགསོག་འབོར་གྱི་མངོན་མེད་རྐྱེན་ངན་མགྱོགས་མྱུར་སེལ་དགོས་ལ། གསར་དུ་འཕར་བའི་ཉེན་ཁ་དུས་ཚོད་དང་པོར་ཐག་གཅོད་བྱེད་དགོས།
ཚོགས་འདུའི་ཐོག་ནན་བཤད་གནང་དོན། ཐོག་མཐའ་བར་གསུམ་དུ་མི་སྣ་སྤོ་སྒྱུར་ཉེན་གཡོལ་དེ་བྲུག་འགོག་ལས་དོན་གྱི་ལས་འགན་ཨང་དང་པོར་བརྩིས་ཏེ། མི་དམངས་བླ་ན་མེད་པ་དང་། ཚེ་སྲོག་བླ་ན་མེད་པ། ཉེན་གཡོལ་གཙོ་གནད་དུ་འཛིན་པ། སྤོ་སྒྱུར་སྔོན་ལ་འཛིན་པའིརྩ་དོན་བརྟན་སྲུང་བྱས་པ། ཐམས་ཅད་བཞིའི་བླང་བྱ་འགྱུར་མེད་བཙན་ཐབས་ལག་བསྟར་བྱས་ཏེ། སྤོ་སྒྱུར་བྱེད་དགོས་རིགས་ཚང་མ་སྤོ་སྒྱུར་དང་། སྤོ་སྒྱུར་བྱེད་དགོས་རིགས་ཚང་མ་སྔ་ཙམ་སྤོ་སྒྱུར། མྱུར་དུ་སྤོ་སྒྱུར་དང་དལ་པོ་ལོག་པ་བྱེད་དགོས། གཞི་རིམ་གྱི་གྲོང་ཚོ་དང་ཚོ་ཆུང་ལ་གནོད་འཚེ་ཕོག་སྐབས་རང་བརྟེན་ཐབས་ཇུས་ཀྱི་དབང་ཚད་སྤྲད་དེ་རིམ་པ་རེ་རེ་བཞིན་དགོངས་སྐོར་སྙན་ཞུ་བྱས་ནས་ཉེན་གཡོལ་གྱི་གོ་སྐབས་འགོར་འགྱངས་གཏན་འགོག་བྱེད་དགོས། འཕྲལ་བསྟུན་དམག་གྲབས་འགན་ལེན་ལ་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་། འཕྲལ་བསྟུན་སྔོན་ཇུས་སྣ་ཚོགས་འཐུས་ཚང་དུ་གཏོང་བ། དངོས་འཐབ་ནང་སྦྱོང་ལ་ཤུགས་སྣོན་རྒྱག་པ། ཐལ་དྲགས་པའི་ཆ་རྐྱེན་འོག་གི་འཕྲིན་གཏོང་འགན་ལེན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ནུས་ཤུགས་ཡོད་རྒུས་ཉེན་སེལ་རྒུད་སྐྱོབ་ཀྱི་མཐའ་མའི་འགོག་སྲུང་འཛིང་རགས་སྲ་བརྟན་དུ་གཏོང་དགོས།
མ་གོ་ཀྲུང་དང་ཀྲོང་ཞའོ་ཕིང་། དེ་བཞིན་ཁུལ་འབྲུག་འགོག་ཐན་འགོག་བཀོད་འདོམས་པུའུ་ཡི་གཙོ་གནད་ཁོངས་གཏོགས་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་ཚོགས་ར་གཙོ་བོར་ཞུགས་པ་དང་། ཚོགས་འདུ་དེ་བརྙན་ལམ་གྱི་རྣམ་པའི་ཐོག་ནས་ཤང་གྲོང་རྡལ་ཁག་ཏུ་འཚོགས།


འགན་འཁུར་རྩོམ་སྒྲིག་པ།:扎史次里

  • བདེ་ཆེན་གསར་འགྱུར།

ལི་ཡན་ལན་གྱིས་ཁུལ་ཡོངས་ཀྱི་འབྲུབ་འགོག་ལས་དོན་ལ་བརྟག་ཞིབ་བྱས་པ་མ་ཟད་ལས་དོན་བཀོད་གཏོང་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས།

ལུའོ་ཁྲའོ་ཧྥེང་གིས་རུ་ཁག་ཁྲིད་ནས་ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་ཏུ་འབྲེལ་ཡོད་ལས་དོན་སྙན་སེང་ཞུས།

ཁུལ་ཡོངས་ཀྱི་འབྲུབ་འགོག་དང་བདེ་འཇགས་ཐོན་སྐྱེད། མེ་ཟོན་བདེ་འཇགས། ཡོམ་འགོག་གེགས་སེལ་ལས་དོན་བཅས་ཀྱི་བརྙན་ལམ་ཚོགས་འདུ་འཚོགས་པ།

འབའ་ལུང་རྫོང་གིས་"8・28"མཐའ་ཆུ་གྲོང་རྡལ་གྱི་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཐག་གཅོད་ནུས་ལྡན་བྱས་པ།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉེར་བཞི་པ་པེ་ཅིང་དུ་གྲོལ་བ།

“གསང་ཡུལ་བདེ་ཆེན། ཚོན་མདངས་སྣ་བརྒྱ་བཀྲ་བ།” 2026ལོའི་རྒྱལ་ཁབ་རིམ་པའི་རིག་གནས་སྐྱེ་ཁམས་སྲུང་སྐྱོང་(ཚོད་ལྟ)ཁུལ་འཛུགས་སྐྲུན་གྱི་སྤེལ་རེས་འགྲེམས་སྟོན་བྱེད་སྒོའི་ཐུན་མོང་ངོས་འཛིན་མཉམ་སྐྲུན་གྱི་གན་འཇོག་མཛད་སྒོ་དང་རིག་གནས་དང་རང་བྱུང་གླེང་མོལ་གྱི་ཆེད་དོན་རིག་གཞུང་མཉམ་སྤྱོད་ཚོགས་འདུ་འཚོགས་པ།

རྒྱལ་ཡོངས་ཕུལ་བྱུང་གི་མང་ཚོགས་རིག་རྩལ་རོལ་དབྱངས་དཔེ་སྟོན་རང་བཞིན་གྱི་འགྲེམས་འཁྲབ་ཡུན་ནན་བདེ་ཆེན་དུ་སྐྱོད།

ལི་ཡན་ལན་གྱིས་རུ་ཁག་སྣེ་ཁྲིད་དེ་ནགས་ཕག་མཚོའི་ཆུའི་སྤུས་ཚད་མཐོ་རུ་གཏོང་བའི་ལས་དོན་ལ་བརྟག་ཞིབ་གནང་བ།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com