中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ཁུལ་ཡོངས་ཀྱི་འབྲུབ་འགོག་དང་བདེ་འཇགས་ཐོན་སྐྱེད། མེ་ཟོན་བདེ་འཇགས། ཡོམ་འགོག་གེགས་སེལ་ལས་དོན་བཅས་ཀྱི་བརྙན་ལམ་ཚོགས་འདུ་འཚོགས་པ།

རྩོམ་པ་པོ་:何帝龙 ཁྱབ་བསྒྲགས་དུས་ཚོད་:2026-09-02 15:34:10 འབྱུང་ཁུངས་:སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
图片

ཟླ་8ཚེས་28ཉིན།རང་ཁུལ་གྱིས་འབྲུབ་འགོག་དང་བདེ་འཇགས་ཐོན་སྐྱེད། མེ་ཟོན་བདེ་འཇགས། ཡོམ་འགོག་གེགས་སེལ་ལས་དོན་བཅས་ཀྱི་བརྙན་ལམ་ཚོགས་འདུ་འཚོགས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་དུ་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཐོན་པར་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཞིང་ཆེན། ཁུལ་འགོ་ཁྲིད་ཀྱི་འབྲེལ་ཡོད་མཆན་འགོད་བླང་བྱ་བརྒྱུད་བསྒྲགས་སློབ་སྦྱོང་བྱས་ཏེ།ཁུལ་ཡོངས་ཀྱི་འབྲུབ་འགོག་དང་བདེ་འཇགས་ཐོན་སྐྱེད། མེ་ཟོན་བདེ་འཇགས། ཡོམ་འགོག་གེགས་སེལ་བཅས་ཀྱི་ལས་དོན་བཀོད་སྒྲིག་བྱས།

ཁུལ་ཨུ་ཧྲུའུ་ཅི་གཞོན་པ ཁུལ་མི་དམངས་སྲིད་གཞུང་གི་ལས་ཚབ་ཁུལ་དཔོན་ལི་ཡན་ལན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་གནང་།

ཚོགས་འདུའི་ཐོག་བསྟན་དོན། མིག་སྔར རང་ཁུལ་དུ་ཆུ་འབྲུབ་པའི་དུས་སྐབས་གཙོ་བོའི་འགག་རྩའི་དུས་སུ་གནས་ཤིང་། དུས་ཐུང་དུ་ཆར་ཆུ་འབེལ་བ་དང་དྲག་ཆར་འབབ་པ། ས་གཤིས་གནོད་འཚེ་སོགས་ཉེན་ཁ་དང་མངོན་མེད་རྐྱེན་ངན་མཉམ་དུ་འདྲེས་ཡོད་པས གནོད་འགོག་གེགས་སེལ་དང་བདེ་འཇགས་དོགས་ཟོན་གྱི་ལས་འགན་དཀའ་ཚེགས་ཆེ་ཞིང་ལྗིད་རྫོབ་ཆེ་བ། རིམ་པ་ཁག་དང་སྡེ་ཚན་སོ་སོས་ཆབ་སྲིད་ཀྱི་གནས་བབ་མཐོ་རུ་གཏོང་བ་དང་མགྱོགས་མྱུར་ངང་དམག་འཐབ་གྲ་སྒྲིག་བྱེད་པའི་རྣམ་པར་སླེབས། སྔོན་འགོག་བྱེད་ཐབས་ཁག་དོན་འཁྱོལ་ཏན་ཏིག་བྱས་ཏེ བདེ་འཇགས་དང་གནོད་འཚེའི་ལས་འཛོལ་ཚབས་ཆེན་མི་ཐོན་པ་བྱས་ཏེ་མི་སྣ་ཤི་རྨས་གཅིག་ཀྱང་མི་ཐོན་པའི་གཞི་ཐིག་དམ་སྲུང་བྱེད་དགོས།

ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། འབྲེལ་ཡོད་སྡེ་ཚན་ཁག་གིས་ཆར་ཆུ་དང་ཆུའི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་དང་བརྡར་ཤ་གཅོད་རྒྱུར་ཤུགས་སྣོན་བརྒྱབ་ནས 1262སྔོན་ཚུད་ཉེན་བརྡ་གཏོང་བའི་ལམ་ལུགས་ལག་བསྟར་ནན་པོ་བྱས་ཏེ ཐབས་ལམ་མང་པོའི་ཐོག་ནས་སྔོན་ཚུད་ཉེན་བརྡའི་ཆ་འཕྲིན་ཁྱབ་རྡལ་གཏོང་བ་དང་ཉེན་ཁའི་གནས་ཚུལ་ཐོན་མ་ཐག་མང་ཚོགས་གནས་སྤོ་རྒྱུ་འཕྲལ་ཐག་བྱས། གཡང་གཟར་དང་རི་ལྡེབས་ཀྱི་དུད་ཚང་། ས་གཤིས་གནོད་འཚེའི་མངོན་མེད་རྐྱེན་ངན་ས་ཁུལ། འཛུགས་སྐྲུན་བྱེད་བཞིན་པའི་ལས་ཡུལ། ཡུལ་སྐོར་མཛེས་ལྗོངས་ཁུལ་སོགས་གཙོ་གནད་ཁུལ་ལ་དོ་སྣང་ཆེན་པོ་བྱས་ནས། མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་ཁྱོན་ཡོངས་སུ་བྱེད་དགོས། ཁུལ་ཡོངས་རྫོང་དང་གྲོང་གསེབ་བཅས་ཀྱི་རིམ་པ་བཞི་པའི་འབྲུབ་འགོག་དངོས་ཟོག་ཁ་གསབ་ཆ་ཚང་བྱེད་པ་དང་འཕྲལ་སྡོམ་རོགས་སྐྱོབ་དཔུང་ཁག་སྟོབས་ཆེ་རུ་གཏོང་བ། མཚན་མོའི་ཉེན་གཡོལ་སོགས་དངོས་འཐབ་ནང་སྦྱོང་དམ་འཛིན་བྱས་ནས་གཞི་རིམ་གྱི་ཐག་གཅོད་དང་མང་ཚོགས་ཀྱི་རང་སྐྱོབ་རང་བྱེད་ཐུབ་པའི་ནུས་པ་ཆེ་རུ་གཏོང་དགོས།

ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། བགྲོད་ལམ་སྐྱེལ་འདྲེན་དང་འཛུགས་སྐྲུན་ལས་སྐྲུན། རྡོ་སོལ་མིན་པའི་གཏེར་རི། ཡུལ་སྐོར་མཛེས་ལྗོངས་ཁུལ་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་གཏིང་ཟབ་གཏོང་བ་དང་གཏེར་ཁའི་ཐོན་ཁུངས་ལྐོག་འདོན་དང་འགྲིམ་འགྲུལ་ཁྲིམས་འགལ་སོགས་ཀྱི་བྱེད་སྤྱོད་ལ་རྡུང་རྡེག་ནན་པོ་གཏོང་བ། ཉེན་ཡོད་རྫས་འགྱུར་དངོས་རྫས་དང་བཟོ་ལས་ཚོང་དོན། རྒན་གསོ། སློབ་གྲྭ་སོགས་ལས་རིགས་ཀྱི་བདེ་འཇགས་ལྟ་སྐུལ་དོ་དམ་དུས་གཅིག་ཏུ་དམ་འཛིན་ཡག་པོ་བྱེད་དགོས། ཐོག་བརྩེགས་མཐོ་བའི་ཁང་པ་དང་རྡོ་མཁར་རྫོང་། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ། ཡུལ་མིའི་སྡོད་ཁང་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་མངོན་མེད་རྐྱེན་ངན་ཞིབ་བཤེར་ལེགས་བཅོས་རྒྱུན་མཐུད་ངང་དམ་འཛིན་ཏན་ཏིག་བྱེད་ནས། གློག་སྒུལ་རྐང་འཁོར་འབྲེལ་ཐག་ཡོངས་ཀྱི་བདེ་འཇགས་ལྟ་སྐུལ་དོ་དམ་ཏན་ཏིག་བྱེད་པ་དང་མེ་ཟོན་བདེ་འཇགས་ཤེས་བྱ་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ། མེ་སྐྱོན་དོན་རྐྱེན་སྣ་ཚོགས་འབྱུང་བར་སྔོན་འགོག་ནན་པོ་བྱེད་དགོས།

ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། ཡོམ་འགོག་གེགས་སེལ་གྲ་སྒྲིག་ཁག་ཏན་ཏིག་དང་ཞིབ་ཚགས་བྱེད་པ། ས་ཡོམ་གནས་ཚུལ་ལྟ་ཞིབ་ཚད་ལེན་དང་གྲོས་མོལ་བྱེད་ཤུགས་ཆེ་རུ་གཏོང་བ། འཕྲལ་སྡོམ་སྔོན་ཇུས་མ་ལག་འཐུས་ཚང་དུ་གཏོང་བ། ཆེད་ལས་རོགས་སྐྱོབ་སྟོབས་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས།གེགས་སེལ་དངོས་ཟོག་གསོག་འཇོག་འདང་ངེས་ཡོང་བའི་འགན་ལེན་བྱེད་དགོས། རྒྱུན་རྣམ་ཅན་གྱི་འཕྲལ་སྡོམ་ནང་སྦྱོང་སྒྲིག་འཛུགས་དང་གསར་དུ་བསྐོ་གཞག་བྱས་པའི་གཞི་རིམ་ལས་བྱེད་པར་འཕྲལ་སྡོམ་ལས་སྒོའི་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ཡོམ་འགོག་ཚན་རིག་ཁྱབ་གདལ་རྒྱ་ཁྱབ་བཅས་གཏོང་ནས་སྤྱི་ཚོགས་ཡོངས་ཀྱི་ཉེན་གཡོལ་ནུས་པ་ཆེ་རུ་གཏོང་དགོས། རིམ་པ་ཁག་དང་སྡེ་ཚན་སོ་སོས་རིམ་པ་རེ་རེ་བཞིན་ལས་ཀའི་འགན་འཁྲི་ཏན་ཏིག་ཏུ་བཏང་ནས། ལས་འགན་དང་བླང་བྱ་ཁག་“མཐའ་མའི་སྤྱི་ལེ་གཅིག”བར་དོན་འཁྱོལ་བྱས་ཏེ། བྱ་ཐབས་ནན་པོ་དང་དངོས་སྒྲུབ་སྤྱོད་ཚུལ་ཐོག་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་གང་ཐུབ་བྱེད་དགོས།

ཁུལ་སྲིད་གཞུང་གི་ཚན་ཁག་ཁོངས་མི་དང་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན། ཁུལ་ནང་བཅའ་སྡོད་བྱེད་པའི་ཞིང་ཆེན་ཁོངས་གཏོགས་ཀྱི་འབྲེལ་ཡོད་ཚན་པའི་འགན་འཁུར་བློ་མཐུན་གཙོ་བོ་བཅས་ཚོགས་ར་གཙོ་བོའི་ཚོགས་འདུར་ཞུགས། རྫོང་དང་གྲོང་ཁྱེར་ཁག་གི་མི་དམངས་སྲིད་གཞུང་དང་སེམས་ཀྱི་ཉི་ཟླ་ཐོན་ལས་གླིང་ཁུལ་དོ་དམ་ཨུ་ལྷན་གྱི་ཚན་ཁག་ཁོངས་མི་དང་དེ་བཞིན་འབྲེལ་ཡོད་ཚན་པའི་འགན་འཁུར་བློ་མཐུན་བཅས་ཡན་ལག་ཚོགས་རའི་ཚོགས་འདུར་ཞུགས་པ་རེད།

འགན་འཁུར་རྩོམ་སྒྲིག་པ།:扎史次里

  • བདེ་ཆེན་གསར་འགྱུར།

ཁུལ་ཡོངས་ཀྱི་འབྲུབ་འགོག་དང་བདེ་འཇགས་ཐོན་སྐྱེད། མེ་ཟོན་བདེ་འཇགས། ཡོམ་འགོག་གེགས་སེལ་ལས་དོན་བཅས་ཀྱི་བརྙན་ལམ་ཚོགས་འདུ་འཚོགས་པ།

འབའ་ལུང་རྫོང་གིས་"8・28"མཐའ་ཆུ་གྲོང་རྡལ་གྱི་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཐག་གཅོད་ནུས་ལྡན་བྱས་པ།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉེར་བཞི་པ་པེ་ཅིང་དུ་གྲོལ་བ།

“གསང་ཡུལ་བདེ་ཆེན། ཚོན་མདངས་སྣ་བརྒྱ་བཀྲ་བ།” 2026ལོའི་རྒྱལ་ཁབ་རིམ་པའི་རིག་གནས་སྐྱེ་ཁམས་སྲུང་སྐྱོང་(ཚོད་ལྟ)ཁུལ་འཛུགས་སྐྲུན་གྱི་སྤེལ་རེས་འགྲེམས་སྟོན་བྱེད་སྒོའི་ཐུན་མོང་ངོས་འཛིན་མཉམ་སྐྲུན་གྱི་གན་འཇོག་མཛད་སྒོ་དང་རིག་གནས་དང་རང་བྱུང་གླེང་མོལ་གྱི་ཆེད་དོན་རིག་གཞུང་མཉམ་སྤྱོད་ཚོགས་འདུ་འཚོགས་པ།

རྒྱལ་ཡོངས་ཕུལ་བྱུང་གི་མང་ཚོགས་རིག་རྩལ་རོལ་དབྱངས་དཔེ་སྟོན་རང་བཞིན་གྱི་འགྲེམས་འཁྲབ་ཡུན་ནན་བདེ་ཆེན་དུ་སྐྱོད།

ལི་ཡན་ལན་གྱིས་རུ་ཁག་སྣེ་ཁྲིད་དེ་ནགས་ཕག་མཚོའི་ཆུའི་སྤུས་ཚད་མཐོ་རུ་གཏོང་བའི་ལས་དོན་ལ་བརྟག་ཞིབ་གནང་བ།

“ཆུ་བོའི་མགོ་ཁུངས་གཉིས་ཀྱི་སྟོད།གཙང་གསུམ་མཉམ་བཞུར།——ཚེ་འདིའི་བརྩེ་སེམས་གཏན་འཁེལ་G214”གཞུང་ལམ་ཡུལ་སྐོར་བྱེད་སྒོ་སྤེལ་འགོ་ཚུགས་པ།

འཛམ་གླིང་གི་“སེམས་ཀྱི་ཉི་ཟླའི”རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཞི་པའི་རིམ་སྤེལ་བྱེད་སྒོ་དངོས་སུ་སྤེལ་འགོ་ཚུགས་པ།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com