“གསང་ཡུལ་བདེ་ཆེན། ཚོན་མདངས་སྣ་བརྒྱ་བཀྲ་བ།” 2026ལོའི་རྒྱལ་ཁབ་རིམ་པའི་རིག་གནས་སྐྱེ་ཁམས་སྲུང་སྐྱོང་(ཚོད་ལྟ)ཁུལ་འཛུགས་སྐྲུན་གྱི་སྤེལ་རེས་འགྲེམས་སྟོན་བྱེད་སྒོའི་ཐུན་མོང་ངོས་འཛིན་མཉམ་སྐྲུན་གྱི་གན་འཇོག་མཛད་སྒོ་དང་རིག་གནས་དང་རང་བྱུང་གླེང་མོལ་གྱི་ཆེད་དོན་རིག་གཞུང་མཉམ་སྤྱོད་ཚོགས་འདུ་འཚོགས་པ།



རྒྱལ་ཡོངས་ཀྱི་རྒྱལ་ཁབ་རིམ་པའི་རིག་གནས་སྐྱེ་ཁམས་སྲུང་སྐྱོང་(ཚོད་ལྟ)ཁུལ་23གྱིས་《རྒྱལ་ཁབ་རིམ་པའི་རིག་གནས་སྐྱེ་ཁམས་སྲུང་སྐྱོང་(ཚོད་ལྟ)ཁུལ་གྱི་མངོན་མིན་རིག་གནས་ཤུལ་བཞག་དང་མཛེས་ལྗོངས་ཁུལ་མཐུན་སྦྱོར་འཕེལ་རྒྱས་ཀྱི་ཐུན་མོང་ངོས་འཛིན་གྱི་གྲོས་འགོ》མཉམ་དུ་ཡོངས་བསྒྲགས་བྱས་པའི་དམིགས་ཡུལ་ནི་ས་ཁོངས་ཀྱི་བཀག་རྒྱ་མེད་པ་བཟོ་བ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གཅིག་གྱུར་སྲུང་སྐྱོང་བྱེད་པ། མཉམ་འདྲེས་ཀྱི་ལག་ལེན་ཉམས་མྱོང་མཉམ་སྤྱོད་བྱེད་པ། ས་གནས་ཁག་གི་སྤུས་ལེགས་མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་ཁུངས་དང་མཛེས་ལྗོངས་ཁུལ་གྱི་གཞི་རྟེན་ཕྱོགས་གཉིས་ལ་ནུས་པ་སྦྱིན་པ་དང་ཟུང་འབྲེལ་གཏིང་ཟབ་བྱེད་ནས་རྒྱལ་ཡོངས་མཉམ་འགུལ་དང་། ལེགས་ཆ་གསབ་རེས། མཉམ་སྐྲུན་མཉམ་སྤྱོད་བཅས་ཀྱི་རིག་གནས་སྣོད་བཅུད་སྲུང་སྐྱོང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པར་དགེ་མཚན་ཡོད།


རང་ཞིང་གི་ཁུལ་(གྲོང་ཁྱེར)16གི་རིག་གནས་ཡུལ་སྐོར་སྡེ་ཚན་གྱིས་《ཡུན་ནན་ཞིང་ཆེན་གྱི་ཁུལ་(གྲོང་ཁྱེར)16གི་མངོན་མིན་རིག་གནས་ཤུལ་བཞག་དང་མཛེས་ལྗོངས་ཁུལ་མཐུན་སྦྱོར་འཕེལ་རྒྱས་ཀྱི་ནུས་ལྡན་བསྒྲགས་གཏམ》ལ་ཐུན་མོང་ཐོག་མིང་རྟགས་བཀོད་པ་དང་། ཡུན་ནན་གྱི་ཕུན་སུམ་ཚོགས་པའི་སྐྱེ་ཁམས་ཐོན་ཁུངས་དང་། མི་རིགས་རིག་གནས་ཐོན་ཁུངས། རིག་གནས་ཡུལ་སྐོར་མཛེས་ལྗོངས་ཁུལ་བཅས་ཀྱི་ཐོན་ཁུངས་ལ་གཞི་ཚུགས་པ། བསྒྲགས་གཏམ་སྦྲེལ་ཐག་ཏུ་བྱེད་པ། ཞིང་ཆེན་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཁོངས་གཏོགས་ཀྱི་མཉམ་སྐྲུན་མཉམ་ཤུགས་གཅིག་ཏུ་སྒྲིལ་བ། མངོན་མིན་རིག་གནས་ཤུལ་བཞག་ཚད་ལྡན་ཅན་གྱི་སྒོ་ནས་མཛེས་ལྗོངས་དང་འདྲེས་པ། གསོན་ཉམས་ལྡན་པའི་ངང་འཚོ་བ་སྐྱེལ་བ་དང་ཐོན་ལས་ཅན་གྱི་ནུས་ལྡན་འཕེལ་རྒྱས་བཏང་ནས་ཞིང་ཆེན་ཡོངས་ཀྱི་རིག་གནས་སྐྱེ་ཁམས་སྲུང་སྐྱོང་གི་སྤུས་ཚད་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་ཆུ་ཚད་མུ་མཐུད་མཐོ་རུ་བཏང་སྟེ་“ཡུན་ནན་གྱི་འཚོ་བ་ཟེར་སྟངས་ཤིག་ཡོད་པའི”རིག་གནས་ཡུལ་སྐོར་སྤུས་རྟགས་ཤིག་གཏོད་རྒྱུར་རམ་འདེགས་བྱས་ཡོད།


ད་ཐེངས་ཀྱི་བྱེད་སྒོར་རྒྱལ་ཡོངས་ཀྱི་ས་ཁོངས་སྒྲོལ་བའི་སྤེལ་རེས་མཉམ་ལས་ལས་སྟེགས་བསྐྲུན་ནས་རྒྱལ་ཡོངས་ཀྱི་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཁུལ་ཁག་དབར་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་རྒྱུར་སྔར་བས་སྐུལ་འདེད་གཏོང་བ་དང་། རང་ཞིང་གི་ཁུལ་དང་གྲོང་ཁྱེར་16གི་རིག་གནས་ཡུལ་སྐོར་ཐོན་ཁུངས་མཉམ་འགུལ་མཉམ་སྤྱོད་ལ་སྐུལ་འདེད་གཏོང་བ། གསོན་ཉམས་ལྡན་པའི་མངོན་མིན་རིག་གནས་ཤུལ་བཞག་ལ་བརྟེན་ནས་རི་ཆུའི་མཛེས་ལྗོངས་ཁུལ་སྐྲུན་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུས་ཤེས་ལས་དོན་གྱི་རྨང་གཞི་བརྟན་དུ་གཏོང་བ། རིག་གནས་སྟོབས་ཆེའི་ཞིང་ཆེན་བསྐྲུན་རྒྱུར་རམ་འདེགས་བྱས་ནས་འཛམ་གླིང་རིམ་པའི་རིག་གནས་ཡུལ་སྐོར་དམིགས་ས་གཏོད་རྒྱུ་ཡིན་ལ། ལས་རིགས་ཀྱི་ཐུན་མོང་ངོས་འཛིན་སྔར་བས་གཅིག་སྡུད་དང་། མཉམ་སྐྲུན་མཉམ་ཤུགས་གཅིག་སྡུད། འཕེལ་རྒྱས་ཀྱི་ཁ་ཕྱོགས་ཁ་གསལ་བཅས་བྱས་ཏེ་བདེ་ཆེན་དང་ཡུན་ནན། ཐ་ན་རྒྱལ་ཡོངས་ཀྱི་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ལས་དོན་ལ་སྒུལ་ནུས་གསར་པ་བསྣན་ཡོད།
- བདེ་ཆེན་གསར་འགྱུར།
“གསང་ཡུལ་བདེ་ཆེན། ཚོན་མདངས་སྣ་བརྒྱ་བཀྲ་བ།” 2026ལོའི་རྒྱལ་ཁབ་རིམ་པའི་རིག་གནས་སྐྱེ་ཁམས་སྲུང་སྐྱོང་(ཚོད་ལྟ)ཁུལ་འཛུགས་སྐྲུན་གྱི་སྤེལ་རེས་འགྲེམས་སྟོན་བྱེད་སྒོའི་ཐུན་མོང་ངོས་འཛིན་མཉམ་སྐྲུན་གྱི་གན་འཇོག་མཛད་སྒོ་དང་རིག་གནས་དང་རང་བྱུང་གླེང་མོལ་གྱི་ཆེད་དོན་རིག་གཞུང་མཉམ་སྤྱོད་ཚོགས་འདུ་འཚོགས་པ།
རྒྱལ་ཡོངས་ཕུལ་བྱུང་གི་མང་ཚོགས་རིག་རྩལ་རོལ་དབྱངས་དཔེ་སྟོན་རང་བཞིན་གྱི་འགྲེམས་འཁྲབ་ཡུན་ནན་བདེ་ཆེན་དུ་སྐྱོད།
ལི་ཡན་ལན་གྱིས་རུ་ཁག་སྣེ་ཁྲིད་དེ་ནགས་ཕག་མཚོའི་ཆུའི་སྤུས་ཚད་མཐོ་རུ་གཏོང་བའི་ལས་དོན་ལ་བརྟག་ཞིབ་གནང་བ།
“ཆུ་བོའི་མགོ་ཁུངས་གཉིས་ཀྱི་སྟོད།གཙང་གསུམ་མཉམ་བཞུར།——ཚེ་འདིའི་བརྩེ་སེམས་གཏན་འཁེལ་G214”གཞུང་ལམ་ཡུལ་སྐོར་བྱེད་སྒོ་སྤེལ་འགོ་ཚུགས་པ།
འཛམ་གླིང་གི་“སེམས་ཀྱི་ཉི་ཟླའི”རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཞི་པའི་རིམ་སྤེལ་བྱེད་སྒོ་དངོས་སུ་སྤེལ་འགོ་ཚུགས་པ།
ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་2026ལོའི་གཅིག་སྡུད་སློབ་སྦྱོང་ཐེངས་བདུན་པ་འཚོགས་པ་རེད།
དམངས་ཕན་ཆེད་དོན་འཁྲབ་སྟོན་མི་རིགས་གླུ་གར་ལོ་རྒྱུས་སྙན་རྩོམ་《མི་རིགས་དར་རྒྱས་གཏོང་བ》འཁྲབ་སྟོན་བྱས་པ།
ལི་ཡན་ལན་གྱིས་རུ་ཁག་ཁྲིད་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་ཕེབས་ནས་སྲ་གཟུགས་སྦགས་རྫས་གཙང་སེལ་དང་དེ་བཞིན་ཐོན་ཁུངས་ཅན་གྱི་བེད་སྤྱོད་ལས་དོན་ལ་བརྟག་ཞིབ་གནང་བ།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108