中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

འབའ་ལུང་རྫོང་གིས་"8・28"མཐའ་ཆུ་གྲོང་རྡལ་གྱི་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཐག་གཅོད་ནུས་ལྡན་བྱས་པ།

རྩོམ་པ་པོ་:张燕 杨涛 ཁྱབ་བསྒྲགས་དུས་ཚོད་:2026-09-02 15:24:43 འབྱུང་ཁུངས་:སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
ཟླ་8ཚེས་27ཉིན་འབའ་ལུང་རྫོང་གནམ་གཤིས་བརྟག་དཔྱད་ཁང་གིས་དྲག་ཆར་གྱི་སྔོན་ཚུད་ཉེན་བརྡ་བཏང་ནས་རྫོང་ཁོངས་ཀྱི་ས་ཁོངས་ཁག་གཅིག་ཏུ་དྲག་ཆར་འབབ་རྒྱུ་ཡིན་པ་དང་མཐའ་ཆུ་གྲོང་རྡལ་སོགས་ས་ཁོངས་ཀྱི་ས་གཤིས་གནོད་འཚེའི་ཉེན་ཁའི་རིམ་པ་མཐོ་ཙམ་ཡོད་པས་འདམ་རྡོའི་ཆུ་རུད་སོགས་ཀྱི་གནོད་འཚེ་སྔོན་འགོག་ནན་པོ་བྱེད་དགོས་པའི་དྲན་སྐུལ་བྱས་པ་རེད།
图片

སྔོན་ཚུད་ནས་ཉེན་བརྡ་བཏང་རྗེས་འབའ་ལུང་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་བྱས་ཏེ་དུས་ཚོད་དང་པོར་"1262"ཀྱི་སྔོན་ཚུད་ནས་ཉེན་བརྡ་གཏོང་བར་ཁ་གཏད་གཅོག་པའི་ལམ་སྲོལ་ལག་བསྟར་བྱས་ནས་རྫོང་ཡོངས་ཀྱི་ས་གཤིས་གནོད་འཚེར་དོགས་ཟོན་དང་ཁ་གཏད་གཅོག་པའི་ལས་དོན་མགྱོགས་མྱུར་བཀོད་སྒྲིག་བྱས་པ་རེད། མཐའ་ཆུ་གྲོང་རྡལ་གྱིས་བླང་བྱ་དོན་འཁྱོལ་ནན་པོ་བྱས་ཏེ་རིམ་པ་བཞིན་གྲོང་ཚོ་དང་ཚོགས་ཆུང་ལ་དྲན་སྐུལ་བཏང་ནས་འབྲུབ་འགོག་ཉེན་གཡོལ་གྱི་འགན་འཁྲི་ནན་དུ་བཏང་བ་རེད།

图片

ཟླ་8ཚེས་28ཉིན་གྱི་ཐོ་རེངས་ཆུ་ཚོད་1དང་སྐར་མ་26ཐོག་ཆར་པ་རྒྱུན་མཐུད་ངང་བབས་ཤུགས་ཆེ་རུ་ཕྱིན་པ་དང་། རྫོང་གནམ་གཤིས་བརྟག་དཔྱད་ཁང་གིས་དྲག་ཆར་གྱི་སྔོན་ཚུད་ཉེན་བརྡ་དེ་དམར་པོར་རིམ་སྤོར་བྱས་ནས་མཐའ་ཆུ་གྲོང་རྡལ་གྱི་དྲག་ཆར་གྱི་གནོད་འཚེའི་ཉེན་ཁ་ཆེ་བ་དང་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེའི་ཉེན་ཁ་ཧ་ཅང་ཆེན་པོ་ཡོད། འབའ་ལུང་རྫོང་གིས་མཚན་བསྟུད་མར་མཐའ་ཆུ་གྲོང་རྡལ་དང་གྲོང་ཚོ་དང་ཚོགས་ཆུང་བཅས་རིམ་པ་གསུམ་གྱི་ལས་བྱེད་པ་དང་ས་གཤིས་གནོད་འཚེའི་ལྟ་ཞིབ་ཚད་ལེན་མི་སྣ་བཀོད་གཏོང་བྱས་ཏེ་ཞང་ཀུའུ་ཆིན་གྱི་ཚོགས་ཆུང་སྟོད་དང་ཚོགས་ཆུང་བར། ཚོགས་ཆུང་སྨད་ཀྱི་ལུང་ཤུར་དང་དེ་བཞིན་རི་བོར་དྲ་འཐེན་རྣམ་པའི་སྐོར་ཞིབ་གྲལ་བཤེར་བྱས་ནས་ལུང་ཤུར་དང་རི་བོའི་འགྱུར་ལྡོག་སོགས་འགག་རྩའི་གནས་ཚུལ་ལ་དམ་པོར་དམིགས་པ་རེད། གནམ་གཤིས་སྔོན་བརྡ་གཏོང་བ་དང་ས་གནས་ས་ཐོག་ཏུ་ཞིབ་འཇུག་བརྡར་ཤ་གཅོད་པ་དང་ཟུང་འབྲེལ་བྱས་ཏེ་ལས་དོན་མི་སྣས་འཕྲལ་ཐག་ཆོད་པོས་ཉེན་གཡོལ་གནས་སྤོ་བྱེད་འགོ་བཙུགས་པ་དང་འཕྲལ་སྡོམ་རླུང་འཕྲིན་རེས་འཁོར་གཏོང་བ་དང་དུད་ཚང་རེ་རེ་བཞིན་སྒོ་བརྡུངས་ནས་བརྡ་ཐོ་བཏང་བ་བརྒྱུད་མང་ཚོགས་ལ་སྔོན་བཀོད་གནས་སྤོའི་ལམ་ཐིག་བརྒྱུད་ལུང་ཤུར་གཞོགས་གཉིས་ཀྱི་ཉེན་ཁ་ཆེ་བའི་ས་ཁོངས་སུ་སྡོད་མཁན་623(དེའི་ནང་ཡུལ་སྐོར་བ་5ཡོད་པ)ཛ་དྲག་ངང་བདེ་འཇགས་ས་ཁོངས་སུ་གནས་སྤོ་བྱ་རྒྱུའི་ཁྲིད་སྟོན་བྱས་པ་དང་འབྲེལ་ཉེན་ཁ་ཆེ་བའི་ས་ཁོངས་ལ་དོ་དམ་ཚོད་འཛིན་ཡག་པོ་བྱས་ནས་མི་སྣ་རང་དགར་ཕྱིར་ལོག་བྱ་རྒྱུ་ནན་འགོག་ཀྱང་བྱས་པ།

ཐོ་རེངས་ཆུ་ཚོད་1དང་སྐར་མ་52ཡས་མས་སུ་མཐའ་ཆུ་གྲོང་རྡལ་མཐའ་ཆུ་གྲོང་ཚོར་ཞང་ཀུའུ་ཆིན་གྱི་སྟོད་དང་བར། སྨད་ཀྱི་ལུང་ཤུར་དུ་འདམ་རྡོའི་ཆུ་རུད་བྱུང་། གནོད་འཚེའི་གནས་ཚུལ་ཐོན་རྗེས་འབའ་ལུང་རྫོང་གིས་འཕྲལ་དུ་ས་གཤིས་གནོད་འཚེའི་འཕྲལ་སྡོམ་དང་ལེན་བྱེད་འགོ་བཙུགས་ཏེ་ཉེན་སེལ་རོགས་སྐྱོབ་སྟོབས་ཤུགས་མགྱོགས་མྱུར་བསྡུ་རུབ་བྱས་ནས་གེགས་ཁུལ་དུ་བསྐྱོད་དེ་གྲོང་རྡལ་དང་གྲོང་ཚོ་རིམ་པ་གཉིས་དང་གཞོགས་འདེགས་ཀྱིས་ཉེན་སེལ་རོགས་སྐྱོབ་དང་མང་ཚོགས་བཀོད་སྒྲིག་བྱས་པ་རེད། ཚེས་28ཉིན་གྱི་ཆུ་ཚོད་6པ་བར་འཇིགས་སྐུལ་ཕོག་པའི་ས་ཁོངས་ཀྱི་མི་623ཚང་མ་གནས་སྤོ་དང་བཀོད་སྒྲིག་འོས་འཚམ་བྱས་པ་རེད།

图片

ཐེངས་འདིར་ཉེན་ཁ་ལ་གཡོལ་བ་ནི་ཁོངས་གཏོགས་ཁུལ་གྱིས་"1262"ཀྱི་སྔོན་ཚུད་ཉེན་བརྡ་གཏོང་བའི་ཁ་གཏད་གཅོག་པའི་ལམ་སྲོལ་དོན་འཁྱོལ་ནན་པོ་བྱས་པ་ལས་བྱུང་བ་སྟེ་ཉེན་ཁ་སྔོན་ཚུད་ནས་དཔྱད་མཚམས་གཏོང་བ་དང་གྲལ་བཤེར་སྐོར་ཞིབ་གནད་ལ་འཁེལ་བ་དང་ཉེན་གཡོལ་གཞན་སྒྱུར་འཕྲལ་ཐག་ཆོད་པོས་དུས་ཐོག་ཏུ་བྱས་པས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་སྲུང་སྐྱོང་ཐུབ་ཡོད།

图片
图片

མིག་སྔར་གནོད་འཚེའི་གྱོང་གུན་ལ་སྔར་བས་ཞིབ་བཤེར་བསྡོམས་རྩིས་བྱེད་བཞིན་ཡོད་པ་དང་ཉེན་སེལ་རོགས་སྐྱོབ་དང་གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་འགན་ལེན་སོགས་ཀྱི་རྗེས་མཐུད་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད།


འགན་འཁུར་རྩོམ་སྒྲིག་པ།:扎史次里

  • བདེ་ཆེན་གསར་འགྱུར།

འབའ་ལུང་རྫོང་གིས་"8・28"མཐའ་ཆུ་གྲོང་རྡལ་གྱི་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཐག་གཅོད་ནུས་ལྡན་བྱས་པ།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉེར་བཞི་པ་པེ་ཅིང་དུ་གྲོལ་བ།

“གསང་ཡུལ་བདེ་ཆེན། ཚོན་མདངས་སྣ་བརྒྱ་བཀྲ་བ།” 2026ལོའི་རྒྱལ་ཁབ་རིམ་པའི་རིག་གནས་སྐྱེ་ཁམས་སྲུང་སྐྱོང་(ཚོད་ལྟ)ཁུལ་འཛུགས་སྐྲུན་གྱི་སྤེལ་རེས་འགྲེམས་སྟོན་བྱེད་སྒོའི་ཐུན་མོང་ངོས་འཛིན་མཉམ་སྐྲུན་གྱི་གན་འཇོག་མཛད་སྒོ་དང་རིག་གནས་དང་རང་བྱུང་གླེང་མོལ་གྱི་ཆེད་དོན་རིག་གཞུང་མཉམ་སྤྱོད་ཚོགས་འདུ་འཚོགས་པ།

རྒྱལ་ཡོངས་ཕུལ་བྱུང་གི་མང་ཚོགས་རིག་རྩལ་རོལ་དབྱངས་དཔེ་སྟོན་རང་བཞིན་གྱི་འགྲེམས་འཁྲབ་ཡུན་ནན་བདེ་ཆེན་དུ་སྐྱོད།

ལི་ཡན་ལན་གྱིས་རུ་ཁག་སྣེ་ཁྲིད་དེ་ནགས་ཕག་མཚོའི་ཆུའི་སྤུས་ཚད་མཐོ་རུ་གཏོང་བའི་ལས་དོན་ལ་བརྟག་ཞིབ་གནང་བ།

“ཆུ་བོའི་མགོ་ཁུངས་གཉིས་ཀྱི་སྟོད།གཙང་གསུམ་མཉམ་བཞུར།——ཚེ་འདིའི་བརྩེ་སེམས་གཏན་འཁེལ་G214”གཞུང་ལམ་ཡུལ་སྐོར་བྱེད་སྒོ་སྤེལ་འགོ་ཚུགས་པ།

འཛམ་གླིང་གི་“སེམས་ཀྱི་ཉི་ཟླའི”རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཞི་པའི་རིམ་སྤེལ་བྱེད་སྒོ་དངོས་སུ་སྤེལ་འགོ་ཚུགས་པ།

ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་2026ལོའི་གཅིག་སྡུད་སློབ་སྦྱོང་ཐེངས་བདུན་པ་འཚོགས་པ་རེད།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com