ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡིས་ཚོགས་འདུ་ཐེངས་72པ་འཚོགས་པ།

ཟླ་1ཚེས་15ཉིན་ཕྱི་དྲོར། ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡིས་ཚོགས་འདུ་ཐེངས་72པ་འཚོགས་ཏེ། ཉེ་ཆར་འཚོགས་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུ་དང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ། ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་སྒྲིག་ཨུའི་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་དང་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཏེ་རང་ཁུལ་དུ་དོན་འཁྱོལ་དང་ལག་བསྟར་བྱེད་པའི་ལས་དོན་ལ་ཞིབ་འཇུག་བྱས།
ཁུལ་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི་ཁུལ་དཔོན་ཝེ་ཏུང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གནང་།
ཚོགས་འདུའི་ཐོག་“གྲོས་གཞི་དང་པོའི”ལམ་ལུགས་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་། རྒྱས་བཤད་རྩོམ་ཡིག་གལ་ཆེན། མཛུབ་སྟོན་དང་བཀའ་མཆན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་དང་པོར་བརྩིས་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་སྔོན་མ་དག་གི་དགོངས་དོན་ཟུང་འབྲེལ་བྱས་ཏེ་སློབ་སྦྱོང་དང་ལག་བསྟར་བྱ་དགོས་ལ། རང་སྦྱོང་དང་གཅིག་སྡུད་སློབ་སྦྱོང་དམ་འཛིན་དང་ནན་ཏན་བྱས་ཏེ། སློབ་སྦྱོང་གི་གཞི་རྟེན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་བཏང་སྟེ། སློབ་སྦྱོང་ལ་བརྟེན་ནས་བློ་སྐྱེད་པ་ཐུབ་པ་དང་སློབ་སྦྱོང་ལ་བརྟེན་ནས་སྤྱོད་བཟང་སྤེལ་བ། སློབ་སྦྱོང་ལ་བརྟེན་ནས་ལས་སྐུལ་ཐུབ་བཅས་བྱས་ནས། སྔར་ལས་གཏིང་ཟབ་པའི་“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཤེས་རྟོགས་གཏིང་ཟབ་བྱས་ཏེ། “སྲུང་སྐྱོང་གཉིས་”མཐའ་གཅིག་ཏུ་སྒྲུབ་དགོས་པའི་ནན་བཤད་བྱས།
ཚོགས་འདུའི་ཐོག་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་གཙོ་གཞུང་གི་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་པ་དང་། ཏང་ཀྲུང་དབྱང་ཀྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་བྱས་ཚུལ་ལ་དོ་སྣང་དམ་ཟབ་བྱས་ནས་རྒྱུན་རྣམ་ཅན་དུ་ལྟ་སྐུལ་ཞིབ་བཤེར་བྱེད་དགོས། རྒྱུན་མཐུད་དུ་“སྤྱོད་པ་བཞི”བཅོས་སྒྲིག་བྱས་ཏེ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱས་ཏེ། སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་ལྡན་ཅན་དང་ཡུན་རིང་ཕན་ནུས་ཡོང་བར་སྐུལ་འདེད་གཏོང་དགོས། རུལ་སུངས་ལ་ངོ་རྒོལ་བའི་བཙན་གནོན་གྱི་རྣམ་པ་རྒྱུན་འཁྱོངས་བྱས་ཏེ། རུལ་སུངས་ཡོད་པ་ངེས་པར་ངོ་རྒོལ་བྱེད་དགོས་ལ། ལྐོག་བཟའ་ཡོད་ན་ངེས་པར་རྡུ་རྡེག་ནན་མོ་ཡོད་དེ། སྤྱོད་ངན་དང་རུལ་སུངས་མཉམ་དུ་ཞིབ་བཤེར་དང་མཉམ་དུ་བཅོས་སྐྱོང་གཏིང་ཟབ་བྱས་སྟེ། ལྟ་སྐུལ་མ་ལག་འཐུས་ཚང་དང་། ལམ་ལུགས་ཀྱི་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་ནས། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་འདོད་པ་གཞི་གཅིག་ཏུ་སྐུལ་འདེད་གཏོང་དགོས། ཚན་པའི་ཁོངས་མིས“ལས་གཅིག་འགན་འཁྲི་གཉིས”ལག་བསྟར་ཡག་པོ་བྱེད་དགོས་ལ། སྒྲིག་ཁྲིམས་སྒྲིག་སྲོལ་བརྩི་སྲུང་ནན་པོ་བྱེད་པའི་སྣེ་ཁྲིད་བྱེད་ནས། སྤྱོད་གཙང་རང་འདོམས་ཐད་དཔེ་སྟོན་བྱེད་དགོས་ལ། མངའ་ཁོངས་དང་ཉེ་འཁོར་གྱི་མི། ཉེ་འཁོར་གྱི་དོན་དག་བཅས་དོ་དམ་ཡག་པོ་བྱས་ནས་ནུས་ཤུགས་ཡོད་རྒུས་སྤྱོད་བཟང་གཞུང་དྲང་ཀྱི་ཆབ་སྲིད་ཀྱི་སྣང་ཚུལ་གཏོད་དགོས་པའི་ནན་བཤད་བྱས།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཞིང་གསུམ་”ལས་དོན་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུའི་དགོངས་དོན་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཞིང་གསུམ་གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་དེ་གལ་ཆེའི་འགག་གནད་དུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ། ལོ་ཧྲིལ་པོའི་“ཞིང་གསུམ་”ལས་དོན་གཙོ་གནད་ལ་གོ་རིམ་ལྡན་པའི་འཆར་འགོད་དང་སྐུལ་འདེད་གཏོང་བ་དང་། མིག་སྔའི་དགུན་དཔྱིད་ཞིང་ལས་ཀྱི་འགག་རྩའི་ལས་འགན་ནུས་ཤུགས་ཡོད་རྒུས་དམ་འཛིན་བྱས་ཏེ། ལས་དོན་ཁག་འགོ་ཚུགས་ཡག་པོ་དང་གོམ་སྟབས་ཡག་པོ་འགོ་ཚུགས་པ་འགན་ལེན་བྱ་དགོས། འགན་འཁྲི་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཞིང་ལས་གྲོང་གསེབ་དེང་རབས་ཅན་དུ་འགྱུར་བར་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དང་རྒྱ་ཆེར་གཏོང་བ། ཞིང་པའི་ཡོང་འབབ་དང་ལས་ཞུགས་བརྟན་ལྷིང་ལ་སྐུལ་འདེད་གཏོང་བ། ས་གནས་ཀྱི་གནས་ཚུལ་དང་བསྟུན་ནས་སྡོད་བདེ་ལས་ཡོད་འཆམ་མཐུན་བཅས་གསུམ་ལྡན་གྱི་གྲོང་གསེབ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ། གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་བྱེད་པ། གྲོང་གསེབ་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ། གྲོང་གསེབ་ནང་ཁུལ་འཕེལ་རྒྱས་སྒུལ་ཤུགས་ལ་སྐུལ་སྤེལ་བྱེད་དགོས་པ་བསྟན།
ཚོགས་འདུའི་ཐོག་ད་དུང་ལས་དོན་གཞན་པར་ཞིབ་འཇུག་བྱས།
责任编辑:仁欠才让 拉茸初姆
- ཀྲོའུ་ནང་ཁུལ་གྱི་མགོ་གཙོ་
ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡིས་ཚོགས་འདུ་ཐེངས་72པ་འཚོགས་པ།
རྒན་རྒོན་ཚོའི་ཆེད་སྡེ་ཚན་བརྒྱད་ཀྱིས་ཡིག་ཆ་འདི་བཀྲམ་འདུག
ཁུལ་ཡོངས་ཀྱི་སློབ་གསོ་འཕེལ་རྒྱས་ཀྱི་ཚོགས་ཆེན་འཚོགས་པ།
ཁུལ་ཡོངས་ཀྱི་སློབ་གསོ་འཕེལ་རྒྱས་ཀྱི་ཚོགས་ཆེན་འཚོགས་པ།
ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་༢༠༢༦ལོའི་གཅིག་སྡུད་སློབ་སྦྱོང་ཐེངས་དང་པོ་བྱས་པ།
ཁུལ་ཨུའི་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་147(རྒྱ་སྐྱེད་པ། )འཚོགས་པ།
གོ་རྒྱུ་ཆེ། ནང་དོན་ཟབ། ལྟ་རིན་ཡོད།
ནགས་ཕག་མཚོ་རུ་དགུན་སྐྱེལ་འོང་བའི་ཁྲུང་ཁྲུང་སྐེ་ནག་ལྔ་བརྒྱ་དོན་གསུམ་ཟིན།



ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108
