སྐབས་དགུ་པའི་ཁུལ་ཨུའི་རྒྱུན་ཨུས་ཚོགས་འདུ་ཐེངས་146པ་འཚོགས་པ།

ཟླ་12པའི་ཚེས་30ཉིན། སྐབས་དགུ་པའི་ཁུལ་ཨུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་ཐེངས་146པ་(རྒྱ་སྐྱེད་)འཚོགས་པ། གྲོས་ཚོགས་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་བཀའ་མཆན་མཛུབ་སྟོན་ཀྱི་དགོངས་དོན་དང་དེ་བཞིན་ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ་དང་ཞིང་ཨུའི་དཔལ་འབྱོར་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཏེ། རང་ཁུལ་གྱི་དོན་འཁྱོལ་ལས་དོན་ལ་ཞིབ་འཇུག་བྱས།
ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་ཚོགས་འདུ་གཙོ་སྐྱོང་གནང་།
ཀྲང་ཝེ་ཏུང་དང་། ཕེང་ཧྲན། ཞུས་སི་སི། ལི་ཡན་ལན། མིའོ་ཡིའུ་ཧྥ་བཅས་ཚོགས་འདུའི་ནང་ཞུགས་པ་རེད།
ཚོགས་འདུའི་ཐོག་ཀྲུང་དབྱང་ཆབ་སྲིད་ཅུས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་གཙོ་གཟུགས་འགན་འཁྲི་དང་ལྟ་སྐུལ་གྱི་འགན་འཁྲི་བློ་བརྟན་འགྱུར་མེད་དང་བརྟན་པོ་འཁུར་བ། སྤྱོད་ཚུལ་གསར་བརྗེ་དང་ནུས་ཕྱོད་གསར་བརྗེ་མཐོར་འདེགས་ཀྱི་བྱ་སྤྱོད་སྤེལ་བ། སྤྱོད་གཙང་ཡུན་ནན་བདེ་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ལྡོག་སྐྱེལ་གནད་དོན་སྣ་ཚོགས་བཅོས་སྒྲིག་དམ་འཛིན་ཏན་ཏིག་བྱས་ཏེ། བློ་བརྟན་འགྱུར་མེད་དང་རྒྱུན་མཐུད་ཀྱི་འཐབ་རྩོད་ལ་སྐུལ་འདེད་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་“ཞིང་གསུམ་”ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དང་རྒྱ་སྐྱེད་དང་། མང་ཚོགས་ཀྱི་ཡོང་འབབ་འཕར་བའི་ཐབས་ལམ་རྒྱ་ཆེར་གཏོང་བ། འབྲུ་རིགས་བདེ་འཇགས་ཀྱི་འོག་ཐིག་དང་རྨོ་ཞིང་སྲུང་སྐྱོང་གི་མཐའ་ཐིག་བརྟན་སྲུང་བྱས་ནས་གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་དགོས། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་དམངས་གཙོའི་འཚོ་བའི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཕུགས་འདུན་དད་སེམས་བློ་བརྟན་འགྱུར་མེད་བྱེད་དགོས་ལ་སྤྱོད་ཚུལ་བསྒྱུར་རྒྱུ་དང་རོགས་འདེགས་ནུས་ཕྱོད་ཐད་མིག་དཔེ་སྟོན་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཁེ་ལས་ལ་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། གཞུང་ཁོངས་ཁེ་ལས་གཉེར་སྐྱོང་དོ་དམ་ནུས་པ་དང་འཕེལ་རྒྱས་ནུས་པ་ཆེ་རུ་གཏོང་བ་དང་། ལྟ་སྐུལ་གྱི་དོ་དམ་ནུས་ཕྱོད་ཇེ་ཆེར་གཏོང་བ། ཕན་སྐུལ་ས་གནས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བ་བཅས་བྱ་དགོས། ལོ་གསར་དང་་དཔྱིད་གསར་དུས་ཆེན་རིང་གི་ལས་དོན་ཁག་དམ་འཛིན་ཏན་ཏིག་དང་ཞིབ་ཕྲ་བྱས་ཏེ། དཀའ་ངལ་ཡོད་པའི་མང་ཚོགས་ལ་སེམས་ཁུར་དང་གཅེས་སྐྱོང་བྱེད་ལ། མང་ཚོགས་ཀྱི་བསམ་པ་དང་རིག་གནས་བྱེད་སྒོ་ཕུན་སུམ་ཚོགས་སུ་གཏོང་བ་དང་། བདེ་འཇགས་ཀྱི་ཐོན་སྐྱེད་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་དང་། སྤྱི་ཚོགས་ངོས་ཀྱི་དམ་བསྒྲགས་ཤུགས་སྣོན། སྒྲིག་ཁྲིམས་སྒྲིག་སྲོལ་བརྩི་སྲུང་ནན་པོ་བཅས་བྱ་དགོས་ཞེས་ནན་གྱིས་བསྟན།
ཚོགས་འདུའི་ཐོག་ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ་དང་ཞིང་ཨུའི་དཔལ་འབྱོར་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་བཅས་ཡག་པོ་བྱས་ནས། ལས་འགན་ཁག་དོན་འཁྱོལ་ཞིབ་ཕྲ་བྱས་ཏེ། 2026ལོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ལས་དོན་ཁག་ཕྱོགས་ཡོངས་ནས་དམ་འཛིན་གྱིས་ལོ་འཁོར་གྱི་དམིགས་འབེན་ལ་འབད་བརྩོན་ཆེན་པོས་“ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”འགོ་ཚུགས་ཡག་པོ་ཡོང་བའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
ཚོགས་འདུའི་ཐོག་ཁུལ་དམངས་འཐུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཁུལ་མི་དམངས་སྲིད་གཞུང་། ཁུལ་སྲིད་གྲོས། ཁུལ་ཁྲིམས་ཁང་། ཁུལ་ཞིབ་དཔྱོད་ཁང་ཏང་ཙུའུ་བཅས་ཀྱི་2025ལོའི་ལས་དོན་གནས་ཚུལ་གྱི་སྙན་ཞུར་ཉན་ལ། ཏང་ཙུའུ་ཁག་ལ་ཐོབ་པའི་ལས་ཀའི་གྲུབ་འབྲས་ཁས་ལེན་གང་ལེགས་བྱས་པ་རེད། ཚོགས་འདུའི་ཐོག་ཏང་ཙུའུ་ཁག་གིས་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཏང་ཙུའུ་ཡི“ཁ་ཕྱོགས་ནན་མོ་བཏོན་པ་དང་། ཁྱོན་ཡོངས་ལ་བསམ་པ། དོན་འཁྱོལ་འགན་ལེན་བཅས་ཀྱི་འགོ་ཁྲིད་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་གཙོ་གཟུགས་ཀྱི་འགན་འཁྲི་དོན་འཁྱོལ་བྱས་ལ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཨུའི་ལས་དོན་གྱི་བླང་བྱ་དོན་འཁྱོལ་དང་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ཁུལ་དམངས་འཐུསརྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡིས་ས་གནས་ཀྱི་ཁྲིམས་འཛུགས་དབང་ཆ་བེད་སྤྱོད་ཡག་པོ་བྱས་ནས་ཁྲིམས་འཛུགས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་། འཁོར་སྐྱོད་སྣ་མང་ལྟ་སྐུལ་བྱེད་སྟངས་ཀྱིས་ལྟ་སྐུལ་ཀྱི་ཕན་འབྲས་ཆེ་རུ་གཏོང་བ། རྒྱུན་མཐུད་ཀྱིས“སྡེ་ཚན་ཁག་བཞི”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡིས་ཡང་དག་པའི་ཆབ་སྲིད་གྲུབ་འབྲས་ཀྱི་ལྟ་བ་འཛུགས་པ་དང་། སྔར་ལས་ལྷག་པར་འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་འཆར་འགོད་བྱས་ཏེ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ཁྲོད་ཀྱི་དཀའ་གནད་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་དགོས། ཁུལ་སྲིད་གྲོས་ཏང་ཙུའུ་ཡིས་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། ལས་དོན་གཙོ་གནད་ལ་དམིགས་ནས་ཧུར་ཐག་གིས་བསམ་འཆར་དང་ཐབས་ཇུས་འདོན་དགོས། རྒྱུན་མཐུད་ཀྱིས“སྲིད་གྲོས་ལྔ”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། ཁུལ་ཁྲིམས་ཁང་གི་ཏང་ཙུའུ་ཡིས་ལྟེ་བར་དམིགས་ནས་འདྲི་གཅོད་འགན་ནུས་ཀྱི་ནུས་པ་འདོན་སྤེལ་བྱས་དགོས་ལ། ཁྲིམས་འཛིན་གྱི་ཕན་འབྲས་མཐོར་འདེགས་བྱེད་ནས། ཁྱོན་ཡོངས་ནས་ཁྲིམས་འཛིན་གྱི་དབང་ཆ་དང་འཁོར་སྐྱོད་ཚད་ལྡན་དུ་བཏང་སྟེ། ཆེད་ལས་ཅན་གྱི་ཆུ་ཚད་ཆེ་རུ་གཏོང་དགོས། ཁུལ་ཞིབ་དཔྱོད་ཁང་ཏང་ཙུའུ་ཡིས་ཕྱོགས་ཡོངས་ནས་བཅའ་ཁྲིམས་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ་དང་། ཚན་ཁག་དང་དཔུང་ཁག་འཛུགས་སྐྱོང་དམ་འཛིན་ཡག་པོ་བྱས་ཏེ་བདེ་ཆེན་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་གོང་འཕེལ་ལ་རོགས་འདེགས་བྱེད་དགོས་ཞེས་ནན་གྱིས་བསྟན།
ཀྲུའུ་ཧུང་དང་ཁྲེན་ཆུན། ལུའུ་ཀྲི་ཅུན། དབྱང་ཞུའེ་ཝུན། ཞུང་ཝུན་པིན། ཧུའུ་ཧྥེ་ཞུང་བཅས་ཚོགས་འདུར་ཞུགས་པ་རེད།
责任编辑:仁欠才让 扎史次里
- ཀྲོའུ་ནང་ཁུལ་གྱི་མགོ་གཙོ་
བདེ་ཆེན་གྱིས་ཆེད་དོན་ཚོགས་འདུ་འཚོགས་ནས་2026ལོའི་ཁུལ་རིམ་་་་་་
མདོ་འཛིན་པས་ཁུལ་ཡོངས་ཀྱི་སློབ་གསོ་འཕེལ་རྒྱས་ཚོགས་ཆེན་སྐོར་བཤད།
སྐབས་དགུ་པའི་ཁུལ་ཨུའི་རྒྱུན་ཨུས་ཚོགས་འདུ་ཐེངས་146པ་འཚོགས་པ།
ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡིས་ཚོགས་འདུ་ཐེངས་72པ་འཚོགས་པ།
རྒན་རྒོན་ཚོའི་ཆེད་སྡེ་ཚན་བརྒྱད་ཀྱིས་ཡིག་ཆ་འདི་བཀྲམ་འདུག
ཁུལ་ཡོངས་ཀྱི་སློབ་གསོ་འཕེལ་རྒྱས་ཀྱི་ཚོགས་ཆེན་འཚོགས་པ།
ཁུལ་ཡོངས་ཀྱི་སློབ་གསོ་འཕེལ་རྒྱས་ཀྱི་ཚོགས་ཆེན་འཚོགས་པ།
ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་༢༠༢༦ལོའི་གཅིག་སྡུད་སློབ་སྦྱོང་ཐེངས་དང་པོ་བྱས་པ།





ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108
