བདེ་ཆེན་གྱིས་ཆེད་དོན་ཚོགས་འདུ་འཚོགས་ནས་2026ལོའི་ཁུལ་རིམ་་་་་་

ཟླ་12པའི་ཚེས་30ཉིན། བདེ་ཆེན་ཁུལ་གྱིས་2026ལོའི་ཁུལ་རིམ་པའི་གཙོ་གནད་རྣམ་གྲངས་གྲབས་གསོག་ལས་དོན་ཆེད་དོན་ཚོགས་འདུ་འཚོགས། ཚོགས་འདུའི་ཐོག ཁུལ་ཡོངས་གོང་འོག་གིས་བསམ་བློ་དང་བྱ་སྤྱོད་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་འགྱུར་བྱེད་དགོས། ཞིང་ཨུ་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ་དང་ཞིང་ཨུ་དཔལ་འབྱོར་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན། དེ་བཞིན་ཁུལ་ཨུ་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་བླང་བྱ་ཐོག ཐོན་ལས་དམ་འཛིན་དང་རྣམ་གྲངས་དམ་འཛིན་བྱེད་ཞེས་པའི་ཁ་ཕྱོགས་གསལ་པོ་སྟོན་ནས། རྣམ་གྲངས་ལས་དོན་སེམས་ཤུགས་གཅིག་སྡུད་ངང་འགག་སྒྲོལ་བྱས་ཏེ། རྣམ་གྲངས་དམ་འཛིན་དང་འཕེལ་རྒྱས་ནུས་པ་སྐུལ་འདེད་གཏོང་བར་ཤུགས་སྣོན་རྒྱག་དགོས། སྤུས་ཚད་མཐོ་པོའི་རྣམ་གྲངས་ལ་བརྟེན་ནས་སྤུས་ཚད་མཐོ་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་།
ཁུལ་ཨུ་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་འབྲེལ་ཡོད་གསུང་བཤད་གནང་། ཁུལ་ཨུ་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཀྲང་ཝེ་ཏུང་ཚོགས་འདུར་ཞུགས།
ཚོགས་འདུའི་ཐོག་2026ལོའི་ཁུལ་རིམ་པའི་གཙོ་གནད་རྣམ་གྲངས་གྲབས་གསོག་གི་འབྲེལ་ཡོད་ལས་དོན་གནས་ཚུལ་སྙན་ཞུ་ལ་ཉན།
ཚོགས་འདུའི་ཐོག རིམ་པ་ཁག་དང་སྡེ་ཁག་སོ་སོས་རྣམ་གྲངས་འཆར་འགོད་ལས་དོན་ནན་ཏན་བྱས་ནས། རྒྱལ་ཁབ་ཀྱི་སྤྱི་ཁོག་སྲིད་ཇུས་ཁྲིད་སྟོན་དང་མ་རྩའི་གཙོ་གནད་ལ་ཞིབ་འཇུག་གཏིང་ཟབ་བྱས་ཏེ། སྲིད་ཇུས་ཁྲིད་སྟོན་གཏིང་ཟབ་ཏུ་གཏོང་བ། བདེ་ཆེན་གྱི་དངོས་ཡོད་འཕེལ་རྒྱས་དང་ཟུང་འབྲེལ་དམ་ཟབ་བྱས་ནས་རྣམ་གྲངས་གནད་ལ་འཁེལ་བའི་འཆར་འགོད་བྱས། སྲིད་གཞུང་གི་མ་འཇོག་རྣམ་གྲངས་ལ་དོ་སྣང་བྱེད་པའི་དུས་མཚམས་སུ་ཚན་རིག་དང་མཐུན་པའི་སྒོ་ནས་ནང་འདྲེན་གྱི་སྤྱི་ཚོགས་འཆར་འགོད་བྱེད་དགོས། རྣམ་གྲངས་ཀྱི་རྒྱབ་སྐྱོར་བརྩོན་ལེན་ཧུར་ཐག་བྱེད་པ་དང་། རང་འགུལ་ངང་ཡར་ཕྱོགས་སུ་སྦྲེལ་མཐུད་བྱེད་པ། དུས་ཚོད་ས་ཚིགས་དམ་འཛིན་བྱེད་པ། འཆར་འགོད་མགྱོགས་སུ་གཏོང་བ། གསེད་སྒྲིལ་དང་སྲིད་ཇུས་ཀྱི་ཡར་ཞུ་དང་མཐུན་པའི་སྐུལ་ཁྲིད་ནུས་པ་ཆེ་རུ་གཏོང་བར་བླང་བྱ་གལ་ཆེན་ལྡན། སྐུལ་ཁྲིད་ཀྱི་ནུས་པ་ཆེ་རུ་གཏོང་བའི་རྣམ་གྲངས་གལ་ཆེན་དང་། རྣམ་གྲངས་དེ་ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་འཆར་འགོད་ཀྱི་མ་དངུལ་ནང་འཇུག་གང་ཐུབ་བྱ་དགོས། རྣམ་གྲངས་སྐུལ་འདེད་ཇེ་མགྱོགས་སུ་གཏོང་བ་དང་ལས་དོན་དོན་འཁྱོལ་དམ་འཛིན་ནན་པོ་བྱེད་པ། འཁོར་ཡུན་ཡོངས་ཀྱི་དོ་དམ་འདུ་ཤེས་ལྟ་བའི་བསམ་གཞི་འཛུགས་དགོས། མིག་སྔར་རྣམ་གྲངས་ཀྱི་འཆར་འགོད་དང་རྣམ་གྲངས་སྙན་ཞུར་དམ་འཛིན་བྱེད་དགོས་པར་མ་ཟད། དོན་ཐོག་ཏུ་ལག་ལེན་བསྟར་ནས་ལས་འགོ་འཛུགས་པ་དང་། འཛུགས་སྐྲུན་སྐུལ་འདེད། ཐོན་སྐྱེད་བྱེད་འགོ་ཚུགས་པར་ཕན་འབྲས་ཐོན་དགོས། འཆར་འགོད་གསོག་འཇོག་ཡག་པོ་སྒྲུབ་པ་དང་འཛུགས་སྐྲུན་འགོ་འཛུགས་པ། ལས་མཇུག་བསྒྲིལ་ནས་སྤྱོད་འགོ་ཚུགས་པའི་འཁོར་སྐྱོད་བཟང་པོ་ཆགས་དགོས། མཐུན་སྦྱོར་མཉམ་འགུལ་ལ་ཤུགས་སྣོན་རྒྱག་དགོས། ཁུལ་དང་རིམ་པ་ཁག་གིས་ལས་རིགས་དང་མ་ལག་དེ་རང་གི་རྣམ་གྲངས་འཆར་འགོད་དམ་འཛིན་ཡག་པོ་བྱེད་དགོས་ལ། རྫོང་དང་གྲོང་ཁྱེར་སོ་སོའི་རྣམ་གྲངས་གྲབས་གསོག་ལས་དོན་ལ་གཅིག་གྱུར་འཆར་འགོད་མཛུབ་ཁྲིད་བྱས་པ་དང་རྒྱུ་རྐྱེན་གཙོ་བོ་འགན་སྲུང་ཞབས་ཞུར་ཤུགས་སྣོན་རྒྱག་དགོས། གོང་འོག་མཉམ་འགུལ་དང་སྡེ་ཁག་མཉམ་སྦྲེལ། མཉམ་འཛིན་མཉམ་སྒྲུབ་ཀྱི་ལས་དོན་སྤེལ་ཕྱོགས་ཡག་པོ་བྱས་ནས། ཁྲིམས་ལྟར་བསྡོམས་རྩིས་དང་ཚན་རིག་དང་མཐུན་པའི་བསྡོམས་རྩིས་མཐའ་འཁྱོངས་དང་། བསྡོམས་རྩིས་ཀྱི་ལས་སྒོ་སྦྱོང་བརྡར་ལ་ཤུགས་སྣོན་བརྒྱབ་སྟེ། རིམ་པ་ཁག་གི་ལས་བྱེད་པས་བསྡོམས་རྩིས་སློབ་པ་དང་བསྡོམས་རྩིས་ཤེས་པ། བསྡོམས་རྩིས་སྤྱོད་པ་བཅས་ཀྱི་ནུས་པ་མཐོ་རུ་གཏོང་དགོས། བསྡོམས་རྩིས་གྲངས་གཞིས་ཁུལ་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཕན་འབྲས་ཕྱོགས་ཡོངས་དང་ཕྱི་རོལ་ཡུལ་དང་མཐུན་པའི་སྒོ་ནས་མཚོན་ཐུབ་པའི་འགན་ལེན་བྱེད་དགོས། གཙོ་གནད་མངའ་ཁོངས་དོ་གནད་བྱས་ཏེ། རྫོང་ཁོངས་དཔལ་འབྱོར་དང་གླིང་ཁུལ་དཔལ་འབྱོར། ཐོན་ལས་ཐེབས་རྩ་སོགས་དམ་འཛིན་ཏན་ཏིག་བྱས་ཏེ། དོན་དངོས་དང་མཐུན་པའི་རྣམ་གྲངས་ལ་བརྟེན་ནས་དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་འདེགས་སྐྱོར་བྱེད་དགོས་ཞེས་བསྟན།
ཁྲེན་ཆུན་དང་དབྱང་ཞུའེ་ཝུན། ཧུའུ་ཧྥེ་ཞུང་བཅས་ཁུལ་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་འགོ་ཁྲིད་དང་། ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་བཅས་ཚོགས་འདུ་ནང་ཞུགས།
责任编辑:仁欠才让 扎史次里
- ཀྲོའུ་ནང་ཁུལ་གྱི་མགོ་གཙོ་
བདེ་ཆེན་གྱིས་ཆེད་དོན་ཚོགས་འདུ་འཚོགས་ནས་2026ལོའི་ཁུལ་རིམ་་་་་་
མདོ་འཛིན་པས་ཁུལ་ཡོངས་ཀྱི་སློབ་གསོ་འཕེལ་རྒྱས་ཚོགས་ཆེན་སྐོར་བཤད།
སྐབས་དགུ་པའི་ཁུལ་ཨུའི་རྒྱུན་ཨུས་ཚོགས་འདུ་ཐེངས་146པ་འཚོགས་པ།
ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡིས་ཚོགས་འདུ་ཐེངས་72པ་འཚོགས་པ།
རྒན་རྒོན་ཚོའི་ཆེད་སྡེ་ཚན་བརྒྱད་ཀྱིས་ཡིག་ཆ་འདི་བཀྲམ་འདུག
ཁུལ་ཡོངས་ཀྱི་སློབ་གསོ་འཕེལ་རྒྱས་ཀྱི་ཚོགས་ཆེན་འཚོགས་པ།
ཁུལ་ཡོངས་ཀྱི་སློབ་གསོ་འཕེལ་རྒྱས་ཀྱི་ཚོགས་ཆེན་འཚོགས་པ།
ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་༢༠༢༦ལོའི་གཅིག་སྡུད་སློབ་སྦྱོང་ཐེངས་དང་པོ་བྱས་པ།




ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108
